གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་༣༧༣ ཆ་མེད་སོང་ཡོདཔ།

༥/༤/༢༠༡༣    ༉ ཁ་ཙ་ རྩི་རང་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ མི་གྲངས་བསྡོམས་༡,༥༨༣ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་ དང་འདོད་ཡོད་པའི་སྐོར་ལས་ འབྲི་ཤོག་བཀང་མིའི་གྲས་ལས་༣༧༣ ཆ་མེད་བཏང་ཡོདཔ་ཨིན་པས།
རྩི་རང་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་ལྷོད་མི་ཚུ་ ཡིག་སྣོད་ནང་ལས་ བཏོན་པའི་བསྒང་།


དེ་ཚུའི་གྲས་ལས་༣༠༣ ཐོ་བཀོད་འབད་དེ་མེད་པའི་ ངོས་འཛིན་དང་ ཚོགས་རྒྱན་༦༣ དབང་ནུས་ལྡན་པའི་དཔང་པོའི་ ཁ་གསལ་མེད་པའི་ཁར་ ཚོགས་རྒྱན་༧ རང་གི་ད་ལྟོའི་འགྲེམ་ཡིག་ཁ་བྱང་ མེད་མི་ལུ་བརྟེན་ཨིན་པས།
རྩི་རང་གི་ ངོས་ལེན་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ བརྡ་དོན་ཚུ་ ཚོགས་རྒྱན་བཙུགས་མི་ངོས་འཛིན་འབད་ནིའི་དོན་ལུ་ ངེས་པར་དུ་ ཚང་དགོཔ་ཨིན་རུང་ ཐོ་བཀོད་འབད་དེ་ མེད་མི་ལུ་བརྟེན་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ བཙག་འཐུའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ཨིན་པ་ཅིན་ ཚོགས་རྒྱན་གྱི་ཉིནམ་ལུ་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཆོག་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཡི་གུ་བཙུགས་མི་ཚུ་གི་གྲས་ལས་ ཕོ་སྐྱེས་༩༡༦ དང་ ཨམ་སྲུ་༦༦༧ ཡོདཔ་ད་ ཚོགས་རྒྱན་བཙུགས་མི་༣༥༥ གིས་ གློག་འཕྲིན་ཐོག་ལས་བཙུགས་ཡོདཔ་ད གཞན་མི་༡༡༦༦ གིས་འགྲེམ་ཐོག་ དེ་ལས་༦༢ ཀྱིས་ ངོ་རྐྱང་སྦེ་འོང་ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་འབྲི་ཤོག་དེ་ ཁ་ཙ་ནུབ་མོར་ གྲ་སྒྲིག་འབད་ཚར་ཡོདཔ་བཞིན་དུ་ ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ལུ་ ད་རིས་ འབྲུག་འགྲེམ་བརྒྱུད་དེ་ གཏང་ནི་ཨིན་པས།
རྩི་རང་རྫོང་ཁག་ནང་ རྒེད་འོག་༡༢ ནང་ལས་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་བསྡོམས་༢༠,༩༥༣ ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment