གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏི་རུ་བསྐྱི་འབག་མི་ ཨམ་སྲུ་༡ ལུ་ཉེས་འཛུགས།

༥/༤/༢༠༡༣   ༉ སྤ་རོ་བོང་སྡེ་ལུ་སྡོད་མི་ ཨམ་སྲུ་ཅིག་གིས་ མི་༡༦ ལས་ ཏི་རུ་བསྐྱི་འབག་སོང་བའི་ཤུལ་ལུ་ སྐྱེད་བྱིན་མ་བཏུབ་མི་ལུ་བརྟེན་ ཉམས་རྒུདཔ་ཚུ་གིས་ ཞི་རྩོད་ཀྱི་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།


ཉེས་དོགས་པ་ཨམ་སྲུ་དེ་ལུ་ དངུལ་འབྲེལ་ཚོང་འབྲེལ་འཐབ་པའི་ ཉེས་འཛུགས་འབད་དོ་ཡོདཔ་ད་ མོ་གིས་ ན་ཧིང་ ཧྭཱ་དང་ སྤ་རོ་ལུ་སྡོད་མི་ཚུ་ལས་ སྐྱེད་བརྒྱ་ཆ་༡༥ རེ་བྱིན་ནི་སྦེ་ ཏི་རུ་བསྐྱི་ཡོདཔ་ཨིན་པས།
སྤ་རོ་ལུ་སྡོད་མི་ཚུ་གིས་འབད་བ་ཅིན་ དངུལ་ཚོང་འཐབ་མིའི་ནང་ ཏི་རུ་བསྐྱི་བར་བྱིན་མི་༢༠༠ ལྷགཔ་ཅིག་ ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ག་ཨིན་ན་ ད་ལྟོ་ ངོས་འཛིན་འབད་མ་ཚུགསཔ་ཨིན་པས།
ཤར་པ་རྒེད་འོག་ནང་སྡོད་མི་ ཨམ་སྲུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ མོ་རའི་གཡུས་ཁར་སྡོད་མི་ མང་ཤོས་ཅིག་གིས་ར་ དོགས་ཅན་ཨམ་སྲུ་དེ་ལུ་ ཏི་རུ་བསྐྱི་བར་ བྱིན་ཡོདཔ་ཨིན་རུང་ གལ་སྲིད་ ཁོང་གིས་ གནད་དོན་དེ་གི་སྐོར་ལས་ ཉོགས་བཤད་བཀོདཔ་ཤེས་པ་ཅིན་ ཏི་རུ་ལོག་མི་འཐོབ་ནི་ཨིན་པའི་ འཇིགས་སྣང་ཐོག་ལས་ ཁོང་རའི་སྐོར་ལས་ བརྡ་དོན་ཚུ་ བྱིན་མི་བཏུབ་པས་ཟེར་ཨིན་པས།
སྤ་རོ་ལུ་སྡོད་མི་ ཞི་གཡོགཔ་ཅིག་གིས་ བཤད་མིའི་ནང་ ཨམ་སྲུ་དེ་ལུ་ དངུལ་ཀྲམ་ས་ཡ་༢.༡ ལས་༨ དེ་ཅིག་ བསྐྱི་བར་བྱིན་མི་ དག་པ་ཅིག་གིས་ གནད་དོན་དེ་གི་སྐོར་ལས་ ག་དེ་སྦེ་འབད་བ་ཅིན་ དྲག་ག་ཟེར་བའི་ བསྟུན་གྲོས་འཚོལ་ཏེ་ ཁོ་འབད་སར་ འོང་ཡི་ཟེར་ཨིན་པས།
ཏི་རུ་བསྐྱི་བར་བྱིན་མི་ བོང་སྡེ་ལས་ ཨམ་སྲུ་ཅིག་གིས་འབད་བ་ཅིན་ ཉེས་དོགས་པ་ཨམ་སྲུ་དེ་གིས་ ན་ཧིང་སྤྱི་ཟླ་༨ པའི་ནང་ མོ་ལས་ ཏི་རུ་བསྐྱི་འབག་ཡོདཔ་ཨིན་རུང་ གན་རྒྱ་དང་འཁྲིལ་ སྐྱེད་སྤྲོད་མ་བཏུབ་ཟེར་ཨིན་པས།
མོ་གིས་ ཏི་རུ་བསྐྱི་བར་བྱིན་པའི་སྐབས་ ཁྲིམས་རྟགས་ཚུ་ཡང་སྦྱར་ཏེ་ ཁྲིམས་མཐུན་གྱི་ གན་རྒྱ་ཚུ་བཟོ་ཡོདཔ་ལས་ ཁྲིམས་འདུན་གྱིས་ དྲང་ཁྲིམས་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
སྤ་རོའི་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ གནད་དོན་དེ་གི་སྐོར་ལས་ ཁོང་ལུ་ སྙན་ཞུ་ལྷོད་ལྷོདཔ་མེད་ཟེར་ཨིན་པས།
རྒྱལ་ཁབ་ནང་ དེ་བཟུམ་མའི་ དངུལ་འབྲེལ་ཚོང་འབྲེལ་འཐབ་ནི་དེ་ ད་རེས་ འགོ་དང་པ་མེནམ་ད་ སྤྱི་ལོ་༢༠༡༠ ལུ་ རྫོང་ཁག་༡༢ ནང་ མི་གྲངས་༥༣༩ གིས་ དངུལ་ཀྲམ་ས་ཡ་༧༡ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
དེ་ལུ་ ཁྲིམས་སྲུང་འགག་པ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཚུ་ཡོད་པའི་ མཉམ་འབྲེལ་སྡེ་ཚན་ཅིག་གིས་ དབྱེ་ཞིབ་འབད་བའི་སྐབས་ ཚོང་འབྲེལ་ནང་ ཞི་གཡོགཔ་༢༡༨ དང་ ཚོང་པ་༡༨༠ སོ་ནམ་ཞིང་པ་༡༠༤ དགེ་སློང་༢༧ ལས་འཛིན་གྱི་ལས་བྱེདཔ་༡༠ གྱིས་ ཏི་རུ་བཙུགས་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
དབྱེ་ཞིབ་ཀྱི་ལཱ་དེ་ཡང་ དངུལ་འབྲེལ་ཚོང་འབྲེལ་ནང་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་བཙུགས་ཏེ་ ལོག་མ་ཐོབ་མི་ཚུ་གིས་ བློན་ཆེན་འབད་སར་ བཅར་ཡོདཔ་བཞིན་དུ་ གཞུང་གི་བཀའ་དང་འཁྲིལ་ཏེ་ ཞིབ་དཔྱད་རྐྱབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment