གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༥ གིས་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ ངོ་སྤྲོད་འབད་ཡོདཔ།

༤/༤/༢༠༡༣   ༉ སྲིད་དོན་ཚོགས་པ་ལྔ་གིས་ འགོ་དང་པ་ འགོ་འདྲེན་འཐབ་མི་ ངོ་སྤྲོད་ཀྱི་ལས་རིམ་དེ་ ཁ་ཙ་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་སྦེ་ འགོ་འདྲེན་འཐབ་ཅི།

 
འབྲུག་ཀུན་མཉམ་ཚོགས་པའི་ངོ་ཚབ་ ཚེ་དབང་བཀྲིས་དང་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་ འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ ནོར་བུ་དབང་ཕྱུག་ འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ཋ་ཀུར་སིང་པའུ་ཌེལ་ དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས།

ལས་རིམ་དེ་ ངོ་མ་ར་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ཚོགས་པ་ཚུ་གི་སྐོར་ལས་དང་ བཙག་འཐུའི་སྐོར་ལས་ གོ་བརྡ་བཟུམ་ཅིག་སྦེ་ སྤྲོད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཚོགས་པའི་ཁྲི་འཛིན་དང་ ངོ་ཚབ་ཚུ་ལུ་ དུས་ཡུན་སྐར་མ་༡༥ འི་རིང་ གསལ་བཤད་འབད་ནི་གི་ གོ་སྐབས་བྱིན་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ཁྲི་འཛིན་ ནོར་བུ་དབང་ཕྱུག་གིས་ སྲིད་ཚོགས་ཚུ་ ཚོགས་པ་ སོ་སོ་ཨིན་རུང་ དོན་ཅིག་ལུ་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ལཱ་འབད་མི་ཨིན་ཟེར་བཤད་ཅི།
དེ་འབདཝ་ལས་ ཚོགས་པ་ཚུ་གིས་ རང་སོའི་ལྟ་བ་དང་ ཁས་བླངས་འབད་ནི་ཚུ་ སོ་སོར་ཡོད་དེ་འབད་རུང་ གཅིག་གིས་གཅིག་ལུ་ དབྱེ་ཁག་བཟོ་སྡོད་ནི་ མི་འོང་ཟེར་ཨིནམ་ད་ ཁོ་གིས་ ཨམ་སྒྲོལ་མ་ལ་ཟེར་མི་ཅིག་གིས་ མོ་ར་ དབུལ་ཕོངས་ཀྱི་དཀའ་ངལ་ལུ་བརྟེན་ ད་རེས་ ལྟོ་ལྷག་མཇུག་ལུས་མི་དེ་ ནངས་པ་བཟའ་ནི་གི་དོན་ལུ་ རོ་ཁྱི་དང་ སེམས་ཅན་གཞན་གྱིས་ བཟའ་འོང་མནོ་སྟེ་ སྒྲོམ་ཅིག་ནང་བཙུགས་ཏེ་ ལྡེ་མིག་རྐྱབ་བཞག་དོ་ཡོདཔ་ལས་ དེ་བཟུམ་མའི་ གནས་སྟངས་ནང་སྡོད་མི་ ལེ་ཤ་འདུག་ཟེར་བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་ཁྲི་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ པདྨ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༠ ལས་འགོ་བཙུགས་ ལོ་༣ གྱི་རིང་ ལཱ་གཡོག་འཚོལ་ནི་གི་དོན་ལུ་ ཐེངས་༤༠ ལས་ཁུངས་དང་ ཡིག་ཚང་ཚུ་ནང་ལས་ཕར་ ཡི་གུ་ཚུ་ བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ཡང་ གཡོག་ཐོབ་མ་ཚུགས་པར་ཡོདཔ་ད་ ཁོ་གིས་ ལཱ་གཡོག་འཐོབ་དགོ་པ་ཅིན་ རྒྱབ་ཐག་དགོཔ་འདུག་ཟེར་ བཤད་ནི་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞན་མི་སློབ་ཕྲུག་ཚུ་གིས་ ཆོས་ལྷབ་ཚར་བའི་ཤུལ་ལས་ གཡོག་འཚོལ་ནི་གི་ མནོ་བསམ་ཡོདཔ་ལས་ དེ་བཟུམ་མའི་དཀའ་ངལ་ མི་འབྱུང་ནི་གི་དོན་ལུ་ སྲིད་བྱུས་ཚུ་ ལེགས་ཤོམ་སྦེ་ བལྟ་དགོཔ་འདུག་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ ཡར་དྲག་སོང་ཡོད་པའི་ སྙན་ཞུ་ཡོད་རུང་ བརྟན་ཏོག་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་ ཚོགས་པ་གཞན་གྱི་ ཁྲི་འཛིན་ཚུ་ག་ར་ མོ་ར་གིས་ ལེགས་ཤོམ་སྦེ་ ངོ་ཤེས་པའི་ཁར་ མོ་རའི་སློབ་དཔོན་ཡང་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ཀྱིས་ དབྱེ་ཁག་མི་ཕྱེ་འོང་མནོ་བའི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
མོ་གིས་ མོ་རའི་ཚོགས་པ་ནང་ འཐུས་མི་བརྒྱ་ཆ་༥༠ ན་གཞོན་ཡོད་མི་ཚུ་ཡང་ སྐྱེས་ལོ་༢༥ ལས་༤༠ གི་བར་ན་འབད་མི་ཨིནམ་ལས་ ཚོགས་པ་གིས་ ཁོང་ལུ་ ལཱ་གཡོག་གི་གོ་སྐབས་བཟུམ་སྦེ་ བྱིན་ཏེ་མེན་པར་ ངོ་མ་ར་ ཁོང་གིས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཤེས་ཚུགསཔ་ལས་ དཀའ་ངལ་དེ་ཚུ་ གདོང་ལེན་འབད་ནི་གི་དོན་ལུ་ ལྷན་ཐབས་སྦོམ་འབད་ཚུགས་ཟེར་ཨིན་པས།
མོ་གིས་ དེ་འབདཝ་ལས་ ཁས་བླངས་ནང་ གནད་དོན་ཁག་༡༢ ཡོད་ས་ལས་ གཅིག་ ན་གཞོན་དང་འབྲེལ་བའི་ ལཱ་གཡོག་གི་དཀའ་ངལ་བསལ་ཐབས་འབད་ནི་དེ་ ཨིན་ཟེར་བཤད་ཅི།
བཱུ་ཊཱན་ཀུན་མཉམ་པར་ཊཱི་གི་ ཚེ་དབང་བཀྲ་ཤིས་ཀྱིས་ ཚོགས་པ་ནང་ ཤེས་ཡོན་ཅན་ཚུ་ལས་ ནང་གི་སེམས་མནོ་ཐངས་ བཟང་དྲགས་ཡོད་མི་ཚུ་ དགོཔ་ཁག་ཆེཝ་ལས་ ཕམ་ཚུ་གི་ འགན་ཁུར་ཡང་ ཁག་ཆེ་བའི་སྐོར་ལས་ བཤད་ཅི།
གསལ་བཤད་འབད་མི་མཇུག་ ད་ལྟོའི་ གཞུང་སྐྱོང་ཚོགས་པ་གི་ངོ་ཚབ་ ཤེས་རིག་བློན་པོ་ ཋ་ཀུར་སིང་ པའུ་ཌེལ་གྱིས་ ཧེ་མའི་གཞུང་དང་ཕྱདཔ་ད་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་ཡང་ བརྒྱ་ཆ་༤.༧ ཡོད་ས་ལས་ ད་ལྟོ་ བརྒྱ་ཆ་༢.༡ ལུ་ མར་ཕབ་འབད་ཡོདཔ་ལས་ ལེགས་སྒྱུར་སྦོམ་སོང་སྟེ་ཡོད་ཟེར་ཨིནམ་ད་ ཚོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་སྐོར་ལས་ ཤེས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ལས་རིམ་དང་འབྲེལ་ ཐིམ་ཕུ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ཚེ་རིང་སྒྲོལ་མ་གིས་ ཚོགས་པ་གསརཔ་ཚུ་གིས་ ད་ལྟོ་ ཚོགས་པ་ཚུ་བཟོ་དོ་ཡོད་རུང་ ཚོགས་པ་ཚུ་གིས་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་དོ་བཟུམ་མཐོངམ་མས་ཟེར་ སླབ་མིའི་ལན་ལུ་ ལི་ལི་དབང་ཕྱུག་གིས་ རྒྱལ་ཁབ་ནང་ འགྱུར་བ་དགོ་པ་ཅིན་ ད་ལྟོ་ལས་ འགོ་བཙུགས་དགོ་ཟེར་བཤད་ཅི།
དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ མོ་གིས་བཀོད་མི་དྲི་བ་དེ་ མི་བདེན་ཟེར་ཨིན་མི་དེ་ཡང་ ད་ལྟོའི་ གཞུང་སྐྱོང་ལུ་ ད་ལྟོ་ འཐུས་མི་༤༥ ཡོད་ནི་དེ་གིས་ ད་རེས་ཀྱི་ བཙག་འཐུ་ནང་ལས་ཡང་ རྒྱལ་ཁ་འཐོབ་ནི་ཨིན་ན་མེན་ན་ སླབ་མི་ཤེས་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

No comments:

Post a Comment