གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ ཚོགས་སྡེའི་གདམ་ངོ་ཚུ་གི་བསྐུལ་བསྒྲགས་ ཁ་ཙ་ལས་ འགོ་བཙུགས་ཡོདཔ།

༥/༤/༢༠༡༣   ༉ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གིས་ མི་མང་དང་གཅིག་ཁར་ བསྐུལ་བསྒྲགས་ལས་རིམ་ཚུ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ཨིན་པས།


ད་རིས་ ས་གླིང་རྒེད་འོག་ བཱོག་གསར་གཡུས་ཚན་དང་ ཡར་རིག་གཡུས་ཚན་ནང་ བསྐུལ་བསྒྲགས་འགོ་འདྲེན་འཐབ་ནི་ཨིནམ་ད་ ནངས་པ་ སི་ལམ་སྦིས་རྒེད་འོག་ནང་ འགོ་འདྲེན་འཐབ་སྟེ་ རྒེད་འོག་༡༧ གྱི་དོན་ལུ་ མི་མང་བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་འདི་གི་ཚེས་༢༠ ལུ་ ན་རང་རྒེད་འོག་ནང་ འགོ་འདྲེན་འཐབ་ཐོག་ལས་ མཇུག་བསྡུ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དུས་ཅི་ མོང་སྒར་རྫོང་ཁག་ནང་ལས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་འདེམས་ངོ་༤ ཐོན་ཡོདཔ་ཨིན་རུང་ རྒེད་འོག་གི་འཛོམས་འདུ་སྐབས་ལུ་ གདམ་ངོ་ཅིག་གིས་ ཕམ་ཡོདཔ་ལས་བརྟེན་ རྫོང་ཁག་གི་གནས་ཚད་ནང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ དོ་འགྲན་འབད་མི་ གདམ་ངོ་༣ ཐོན་ནུག།
དེ་ཡང་ ན་རང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ སློབ་གྲྭའི་སློབ་དཔོན་བགྲེསཔ་ ཚེ་རིང་དབང་ཆེན་དང་ སྔ་ཚང་རྒེད་འོག་ལས་ ན་ཧིང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྐྱེས་ལོ་༢༥ ལང་མི་ བསོད་ནམས་དབང་ཕྱུག་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་གི་འཐུས་མི་བགྲེསཔ་ སྐྱེས་ལོ་༤༧ ལང་མི་ གནས་ཆུ་༣ ཨིནམ་ད་ ཁོང་༣ ཆ་ར་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྟབས་གཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ཡོད་མི་ལས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེ་གི་དོན་ལུ་ འཛོམས་འདུ་ལས་ རྫོང་ཁག་གི་གནས་ཚད་ནང་ སྤྱི་ཟླ་འདི་གི་ཚེས་༢༣ ལུ་ དོ་འགྲན་འབད་མི་ གདམ་ངོ་༢ ཡོདཔ་ཨིན་པས།
དེ་ཡང་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ འབྲུག་གློག་མེ་ཞབས་ཏོག་གི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ བསྟན་པ་རྡོ་རྗེ་དང་ མཁོ་མ་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་འཐུས་མི་བགྲེསཔ་ སྐྱེས་ལོ་༤༣ ལང་མི་ རིག་འཛིན་རིག་འཛིན་ཨིན་པས།
ཁོང་༢ ཀྱིས་ མི་མང་གི་དོན་ལུ་ བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྤྱི་ཟླ་འདི་གི་ཚེས་༩ ལས་ འགོ་འདྲེན་འཐབ་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment