གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐོག་རྒྱུ་བཟའ་མི་ཅིག་ལུ་ མཆོད་གཞིས་ལོག་སྤྲོད་དགོ་པའི་བཀའ་རྒྱ།

༦/༤/༢༠༡༣   དེ་ཡང་ ན་ཧིང་ མཆོད་གཞིས་བགོ་མཐུན་བཟའ་སྤྱོད་འབད་མི་ཚུ་གིས་ ཞིང་ཆུའི་གཡུར་བ་ ཉམས་བཅོས་དང་འབྲེལ་བའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
༉ སྤུ་ན་ཁ་ལུ་ སྐྱེས་ལོ་༥༠ ལང་མི་ སོ་ནམ་པ་ཅིག་གིས་ གཞུང་དགེ་འདུན་གྲྭ་ཚང་གི་ མཆོད་གཞིས་ འབྱ་ཞིང་བགོ་མཐུན་ཐོག་ བཟའ་སྤྱོད་བདག་དབང་འབད་དེ་ མི་ལོ་༣༨ ཀྱི་ཤུལ་ལས་ དུས་ཅི་གི་ ལྕང་ལཱ་དུས་ཚོད་ནང་ འབྱ་འཛུགས་སྐྱོང་འབད་མི་ཚུགས་ནི་ཨིན་པས།
ཀུན་ལེགས་དཔལ་འབྱོར་གྱིས་ བཟའ་སྤྱོད་འབད་མི་ དགེ་འདུན་གྲྭ་ཚང་གི་ མཆོད་གཞིས་དང་ ཁོ་རའི་འབྱ་ཞིང་།


དེ་ཡང་ བརཔ་རྒེད་འོག་ འདམ་ཐང་ཀ་གཡུས་ཚན་ལས་ སོ་ནམ་ཞིང་པ་ ཀུན་ལེགས་དཔལ་འབྱོར་གྱིས་ སྤྱི་ལོ་༡༩༧༤ ལས་ཚུར་ ཐོག་རྒྱུ་སྦེ་ བཟའ་སྤྱོད་འབད་མི་ ཆུ་ཞིང་ཌིསི་༡༣༥.༥ དེ་ ད་ལས་ཕར་ བཟའ་སྤྱོད་འབད་མི་ཆོག་ཟེར་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ཐིམ་ཕུ་ལྷུང་ཚོ་བཀྲིས་སྒང་དགོན་སྡེའི་ དབུ་འཛིན་གྱིས་གཙོས་པའི་ དགེ་སློང་༢ ཁོ་འབད་སར་བྱོན་ཏེ་ གན་ཡིག་ལེན་འབག་ཡོདཔ་ད་ དགེ་འདུན་གྱི་ མཆོད་གཞིས་དེ་ བཀྲིས་སྒང་དགོན་སྡེའི་ མཚན་ཐོ་ལུ་ཡོདཔ་ཨིན་པས།
རྩོད་དོན་དེ་ཡང་ མཆོད་གཞིས་བགོ་མཐུན་བཟའ་སྤྱོད་འབད་མི་ གཡུས་མི་ཚུ་གིས་ ཞིང་ཆུའི་གཡུར་བ་ ཉམས་བཅོས་འབད་བའི་སྐབས་ གཞུང་གྲྭ་ཚང་ལས་ གླ་འཐུས་གནང་མ་བཏུབ་པའི་སྐོར་ ཉོགས་བཤད་བཀོད་མི་དེ་ ཀུན་གསལ་གྱིས་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༦ ལུ་ གནས་ཚུལ་གསལ་བཀོད་འབད་བའི་ཤུལ་ལུ་ ཐོན་ཐོནམ་བཟུམ་ཅིག་འདུག།
དེ་བསྒང་ རྒེད་འོག་ཚོགས་པ་ ཀུན་ལེགས་དཔལ་འབྱོར་གྱིས་ ཀུན་གསལ་ལུ་ བསམ་འཆར་བཤད་མི་དང་འཁྲིལཝ་ད་ གཡུས་ཁའི་མི་ཚུ་གིས་ ཆུ་གཡུར་ཉམས་བཅོས་འབད་བའི་སྐབས་ གྲྭ་ཚང་གིས་ གླ་འཐུས་ག་ནི་ཡང་ གནང་གནངམ་མེད་པའི་ཁར་ གླ་འཐུས་དགོ་པའི་སྐོར་ལས་ཞུ་རུང་ ལཱ་འབད་མ་ཚུགས་པ་ཅིན་ བཀོ་བཞག་ཟེར་ གསུངསམ་མས་ཟེར་ཨིན་པས།
མ་གཞི་ འདི་བཟུམ་ཉོགས་བཤད་བཀོད་མི་ ཀུན་ལེགས་དཔལ་འབྱོར་རྐྱངམ་གཅིག་མིན་པར་ སྤུ་ན་ཁ་རྫོང་ཁག་ནང་ དགེ་འདུན་གྱི་མཆོད་གཞིས་ འབྱ་ཞིང་ཨེ་ཀར་༨༠༠ ལྷགཔ་ཅིག་ བཟའ་སྤྱོད་འབད་མི་ ལེ་ཤ་ཅིག་གིས་ར་ གླ་འཐུས་གནང་ནི་མེད་པའི་སྐོར་ བརྡ་བརྒྱུད་ལུ་ སླབ་ཡོད་རུང་ གནས་ཚུལ་ནང་ ཉོགས་བཤད་བཀོད་མི་ སོ་ནམ་པ་གཞན་ཚུ་གི་ མིང་གསལ་བཀོད་མ་འབད་བར་ ཀུན་ལེགས་དཔལ་འབྱོར་རྐྱངམ་གཅིག་ བཀོད་ནི་དེ་གིས་ ཁོ་རྐྱངམ་གཅིག་ལུ་ ངོས་ལེན་འབད་དོ་བཟུམ་ མཐོང་སྣང་བྱུངམ་ཨིན་མས།
བཀྲིས་སྒང་དགོན་སྡེའི་དབུ་འཛིན་ སྟོབས་རྒྱས་ཀྱིས་ སླབ་མི་དང་འཁྲིལཝ་ད་ གན་ཡིག་ནང་ ཀུན་ལེགས་དཔལ་འབྱོར་གྱིས་ བཟའ་སྤྱོད་འབད་མི་ འབྱ་ཞིང་དེ་ རྒྱལ་མཚན་གྱི་ མིང་ཐོག་ལུ་ཡོདཔ་ལས་ ག་གི་མིང་ཐོག་ཁར་ཡོད་མི་ལུ་ སྤྲོད་དགོཔ་སྦེ་ བཀོད་དེ་ཡོད་ཟེར་ཨིནམ་ད་ འབྱ་ཞིང་ཌིསི་༡༣༥.༥ འབད་མི་དེ་ ཀུན་ལེགས་དཔལ་འབྱོར་གྱི་ ཨའི་གི་ནུམོ་གི་རྨགཔ་ རྒྱལ་མཚན་གྱི་ མིང་ཐོ་ལུ་འདུག་ཟེར་ཨིན་པས།
མཆོད་གཞིས་དེ་ ལོག་མ་ལེན་པའི་ཧེ་མར་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡ ལུ་ གཞུང་དགེ་འདུན་གྲྭ་ཚང་གིས་ ཀུན་གསལ་ནང་ ཀུན་ལེགས་དཔལ་འབྱོར་གྱིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡ ལས་ རྒྱལ་མཚན་ལུ་ སྤྲོད་དགོཔ་སྦེ་ གསལ་བསྒྲགས་འབད་བའི་ཁར་ དགེ་རབ་གྲྭ་ཚང་གི་ ས་འཇལ་ཡིག་ཚང་གིས་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ཁོ་ལུ་ ད་རུང་ དྲན་གསོའི་ཡི་གུ་ཅིག་ཡང་ བསྐྱལ་ཡོདཔ་ཨིན་པས།
ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་གིས་ བཟའ་སྤྱོད་འབད་མི་ མཆོད་གཞིས་དེ་ གཞན་གྱིས་ བཟའ་སྤྱོད་འབད་ནི་ཨིན་པ་ཅིན་ མ་བཏུབ་མེད་རུང་ རྒྱལ་མཚན་གྱིས་ བཟའ་སྤྱོད་འབད་ནི་ཨིན་པ་ཅིན་ སྤྲོད་མི་ཚུགས་ཟེར་གན་ཡིག་ནང་ བཀོད་དེ་ཡོད་མི་དེ་ཡང་ རྒྱལ་མཚན་དང་ ཁོ་གི་བར་ན་ ཧེ་མ་ལས་ སྟབས་མ་བདེཝ་ ཐོན་ནི་དེ་གིས་ཨིནམ་ད་ གལ་སྲིད་ མཆོད་གཞིས་དེ་ རྒྱལ་མཚན་གྱིས་ བཟའ་སྤྱོད་འབད་བ་ཅིན་ ཁོ་རའི་ཞིང་ཁར་འགྱོ་སའི་ ལམ་མི་བྱིན་ནི་གི་ འོས་འབབ་ཡོད་ནི་དེ་གིས་ཨིན་པས།
ཀུན་ལེགས་དཔལ་འབྱོར་དང་ རྒྱལ་མཚན་༢ ཁྱིམ་ཚང་ཨིན་པའི་ཁར་ མཆོད་གཞིས་དང་ ཁོང་རའི་ས་ཞིང་དེ་ཡང་ གཅིག་ཁར་ཡོདཔ་ཨིན་པས།
ཀུན་ལེགས་དཔལ་འབྱོར་གྱིས་འབད་བ་ཅིན་ ཁོ་ལུ་ རང་དབང་གི་འབྱ་ཞིང་ ཌིསི་༧༠ ལས་བརྒལ་མེདཔ་ལས་ མི་རབས་༢ ལྷགཔ་ཅིག་གིས་ བཟའ་སྤྱོད་འབད་མི་ མཆོད་གཞིས་དེ་ གྲྭ་ཚང་ལུ་ ལོག་ཕུལ་བའི་བསྒང་ལས་ ཁོ་གི་ འཚོ་སྐྱོང་ལུ་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
མཆོད་གཞིས་དེ་ ཀུན་ལེགས་དཔལ་འབྱོར་གྱིས་ རྒྱལ་མཚན་ལུ་ སྤྲོད་མ་ཚུགས་པའི་ གནད་དོན་གཞན་ཡང་ ཁོ་རའི་ཨ་རྒས་ སྤ་རོ་རྒྱ་གར་གྱི་ མིང་ཐོག་ལུ་ཡོད་རུང་ ཨ་རྒས་གྱོངས་པའི་ཤུལ་ལས་ ཁོ་རའི་ཨའི་ ཀུན་ལེགས་བཟང་མོའི་མིང་ཐོག་ལུ་ སྤོ་ཡོད་མི་དེ་ ཤུལ་ལས་ རྒྱལ་མཚན་གྱི་ མིང་ཐོག་ཁར་ ག་དེ་སྦེ་ ལྷོད་ལྷོདཔ་ཨིན་ན་ཡང་ མ་ཤེས་ཟེར་ སླབ་ཨིན་པས།
བཀྲིས་སྒང་དགོན་སྡེའི་ མཆོད་གཞིས་དེ་ བཟའ་སྤྱོད་འབད་ཆོག་པའི་གནང་བ་ གཞུང་དགེ་འདུན་གྲྭ་ཚང་གིས་ ཤིང་སྟག་ཟླ་༣ པའི་ཚེས་༢ སམ་ སྤྱི་ལོ་༡༩༧༤ ལུ་ ཨ་རྒས་སྤ་རོ་རྒྱ་གར་གྱི་ མིང་ཐོ་ལུ་ བཀའ་ཤོག་གནང་ཡོདཔ་ད་ དེ་ནང་ ཁོ་གི་ བུ་བརྒྱུད་ཚུ་གིས་ བཟའ་སྤྱོད་འབད་ཆོག་ཟེར་ ཕྱག་ཐམ་དང་བཅསཔ་སྦེ་གནང་ནུག།
ཨ་རྒས་སྤ་རོཔ་རྒྱ་གར་གྱིས་ མཆོད་གཞིས་ཨེ་ཀར་༢.༥༥ བཟའ་སྤྱོད་འབད་མི་ལས་ རྒྱལ་མཚན་གྱིས་ མཆོད་གཞིས་ཌིསི་༡༥༨.༥ དང་ ཀུན་ལེགས་དཔལ་འབྱོར་གྱིས་ ཌིས་༡༣༥.༥ བཟའ་སྤྱོད་འབད་ཡོདཔ་བཞིན་དུ་ ཐོག་རྒྱུ་བཟའ་བའི་རིན་ དགེ་འདུན་གྲྭ་ཚང་ལུ་ རེད་བྲེ་༣༧༥ རེ་ ཕུལ་དོ་ཡོདཔ་ཨིན་པས།
དགེ་རབ་གྲྭ་ཚང་ས་འཇལ་ཡིག་ཚང་གི་ ས་འཇལ་ཡོངས་ཁྱབ་ སློབ་དཔོན་ཀུན་ལེགས་དཔལ་འབྱོར་གྱིས་ དོགས་སེལ་འབད་མིའི་ནང་ མཆོད་གཞིས་བཟའ་སྤྱོད་འབད་ཆོག་པའི་ མིང་ཐོ་དེ་ རྒྱལ་མཚན་ལུ་ཡོདཔ་ལས་ ག་གི་མིང་ཐོ་ལུ་ ཡོད་མི་དེ་གིས་ བཟའ་སྤྱོད་འབད་ནི་མ་གཏོགས་ ཧེ་མའི་བཀའ་ཤོག་ལུ་ དགེ་འདུན་དམངས་ཀྱིས་ ཆ་གནས་མིན་འདུག་ཟེར་ཨིན་པས།
ས་འཇལ་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ རྒྱལ་མཚན་དང་ ཀུན་ལེགས་དཔལ་འབྱོར་གྱི་བར་ན་ བྱ་སྟབས་མ་བདེཝ་ཐོན་ཡོདཔ་མ་ཚད་ ཐོག་རྒྱུ་ཡང་ཚངམ་སྦེ་ ལོ་༣ དང་༤ དེ་ཅིག་ གྲྭ་ཚང་ལུ་ ཕུལ་མ་བཏུབ་ཟེར་ཨིན་པས།
དེ་འབདཝ་ད་ ཀུན་ལེགས་དཔལ་འབྱོར་གྱིས་འབད་བ་ཅིན་ ཁོ་གིས་ ལོ་ཨ་རྟག་ར་ རེད་བྲེ་༣༧༥ རེ་ ཕུལ་ཡོདཔ་ལས་ མ་ཚངམ་སྦེ་ ཕུལ་ཕུལཝ་ཨིན་པ་ཅིན་ བདེན་རྟགས་གནང་དགོ་ཟེར་ཨིན་པས།
སྤུ་ན་ཁ་ལུ་ཡོད་མི་ དགེ་འདུན་གྲྭ་ཚང་གི་ མཆོད་གཞིས་མང་ཤོས་ར་ དང་ཕུ་ ཕམ་ཚུ་གི་སྐབས་ལུ་ རང་སོའི་གཡུས་ཀྱི་དགོན་སྡེ་དང་ གྲྭ་ཚང་ཚུ་ལུ་ མཆོད་འབུལ་ཡོ་བྱད་སྦེ་ ཕུལ་ཕུལཝ་ཨིནམ་ད་ དེ་ཡང་ 
ཚོགས་བསག་སྒྲིབ་སྦྱང་དང་ སྨྱུང་གནས་བསྲུང་ནི་ བསྐང་བཤགས་གཏང་ནི་ བླ་མའི་སྐུ་མཆོད་བཟུང་ནི་ ཚོགས་འཁོར་བསྐོར་ནི་ དེ་ལས་ གཤིན་པོའི་དགེ་རྩ་བསྒྲུབ་ནིའི་དོན་ལུ་ ཕུལ་བའི་ཤུལ་ལས་ མི་སེར་ཚུ་གིས་ བགོ་མཐུན་ཐོག་ལས་ལེན་ཏེ་ བཟའ་སྤྱོད་འབད་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment