གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་གཏུགས་ཀྱི་གསལ་ཞུ་ བདེན་ཁུངས་མེདཔ་ལས་ ཆ་མེད་གཏང་དགོ་པའི་ཞུ་བ།

༦/༤/༢༠༡༣   ནང་སྲིད་བློན་པོ་དང་ འཐུས་མི་༡༣ གྱི་ རྒྱབ་མི་གིས་ རེས་གཟའ་མིག་དམར་ལུ་ བརྒལ་ལན་ཕུལ་ནི།
༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཉེས་འཛུགས་ཅན་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ རྒྱབ་མི་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཚུ་ དྭངས་གསལ་མེདཔ་ལས་ མགུ་འཐོམ་སི་སི་ཅིག་ཨིན་མས་ཟེར་ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཐོག་མའི་བརྗོད་དོན་སྙན་གསན་ནང་ཞུ་ཡི།


ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་འབད་བ་ཅིན་ མཐོ་གཏུགས་ཀྱི་ བཤེར་ཡིག་ནང་ ནང་སྲིད་བློན་པོ་དང་ འཐུས་མི་ཚུ་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་ཚུ་ དམིགས་བསལ་སྦེ་ བཀོད་བཀོདཔ་མེདཔ་མ་ཚད་ ནོར་འཁྲུལ་ཡོད་པའི་ འཁྲུན་ཆོད་ཀྱི་ ཨང་གྲངས་ཚུ་ཡང་ མེད་མི་ལུ་ལྟཝ་ད་ མཐོ་གཏུགས་འབད་མི་དེ་ འོས་ཁུངས་མིན་འདུག་ཟེར་ཞུ་ཡི།
འདི་འབདཝ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ རྒྱབ་མི་གིས་ མཐོ་གཏུགས་འབད་མི་དེ་ ཆ་མེད་གཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་གནང་དགོ་པའི་ གསོལ་འདེབས་ཕུལཝ་ཨིན་ཟེར་ ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ཞུ་ཡི།
ཁྲོམ་སྡེ་ཚོགས་ཆུང་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ སྟ་གོན་སྙན་གསན་སྐབས་ མཐོ་གཏུགས་པ་ཚུ་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་གཙོ་བོ་ར་ རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ ཅན་མ་དེ་ ངོས་ལེན་མཛད་མ་བཏུབ་ནི་དེ་གིས་ཨིན་ཟེར་ ཞུ་བའི་བརྒལ་ལན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁྲོམ་སྡེ་ཚོགས་ཆུང་གིས་ ཐོབ་ལམ་མེད་མི་ཚུ་ལུ་ ས་ཆ་བགོ་སྤྲོད་འབད་ནི་གི་ དབང་ཆ་མེད་པའི་ཁར་ གཞུང་ཞབས་ལས་ ཆ་འཇོག་གནང་ཡོད་པའི་ ས་ཆ་སྤྲོད་ཐངས་ཀྱི་ ཚད་གཞི་དང་ བྱ་སྒོའི་ལམ་ལུགས་ཚུ་དང་མ་འཁྲིལ་བར་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པའི་གནས་ཚང་ ཀུན་བཟང་སྒྲོལ་མ་ལུ་ གཞུང་ས་སྤྲོད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ བློན་པོ་མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཞུང་ལས་ཁྲོམ་ས་གནང་ཐངས་ཀྱི་ ཁྲིམས་ལུགས་ཅིག་བརྩམས་ཏེ་ མ་སྤེལ་ཚུན་ཚོད་ མི་སུ་ཞིག་གིས་ཡང་ ཁྲོམ་གྱི་ས་ཆའི་རིགས་ རྩ་ལས་སྤྲོད་མ་ཆོག་པའི་ བཀའ་ཤོག་གནང་མི་དང་ ཁྲོམ་ས་གནང་ཐངས་ཀྱི་ བྱ་སྒོའི་ལམ་ལུགས་བཟུམ་ཅིག་སྦེ་ སྤྱི་ལོ་༡༩༩༡ ཟླཝ་༦ པའི་ཚེས་༦ ལུ་ ད་ལྟོའི་བློན་ཆེན་མཆོག་ རྫོང་སྡེ་སྤྱི་ཁྱབ་སྦེ་བཞུགས་པའི་སྐབས་ གནང་མི་ཁྱབ་བསྒྲགས་ དེ་ལས་ སྤྱི་ལོ་༡༩༩༡ ཟླཝ་༧ པའི་ཚེས་༢༤ ལུ་ ཞབས་ཏོག་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་མི་ལས་ འགལ་སོ་ནུག་ཟེར་ ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཞུ་ཡི།
ངོ་ཚབ་ཀྱིས་འབད་བ་ཅིན་ ཁྲོམ་ས་སྤྲོད་ཐངས་ཀྱི་ཐད་ གཞུང་ཞབས་ལས་ ཁྲིམས་ལུགས་ཅིག་བརྩམས་ཏེ་ མ་སྤེལ་བ་ཅིན་ སྤྲོད་མི་ཚུ་གིས་ རང་སོའི་བློ་འབབ་དང་བསྟུན་ ཉེ་འགྱངས་ཕྱོགས་ལྷུང་གི་ དབང་ལུ་ཤོར་ཏེ་ ཐོབ་ལམ་ཡོད་མི་ལུ་མ་སྤྲོད་པར་ ཐོབ་ལམ་མེད་མི་ལུ་སྤྲོད་དེ་ མ་འོངས་པ་ལུ་ ད་རིས་བཟུམ་མའི་ བྱེལཝ་འཐོན་ནི་ཨིནམ་ འབྲུག་རྒྱལ་བཞི་པ་མཆོག་གིས་ མཁྱེན་ཞིནམ་ལས་ བཀའ་རྒྱ་གནང་ནུག་ཟེར་ཨིན་པས།
རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་འབད་བ་ཅིན་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་བའི་དོན་ཚད་༥༡(༢) པའི་ནང་གསལ་ ཁྲོམ་སྡེ་འཛིན་སྐྱོང་གི་ དབང་ཆ་འདི་ ཁྲོམ་སྡེ་ཚོགས་ཆུང་ལུ་ གནང་ཡོདཔ་ལས་ དགྲ་མེད་རྩེ་གྲྭ་ཚང་དང་ མཁར་ཆུ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ སྤྲོད་མི་དེ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་ཕོག་དགོཔ་མེདཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་༡༩༨༧ ཅན་མ་དེ་ ཆ་རྐྱེན་ཅན་གྱི་ བཀའ་རྒྱ་ཨིན་པའི་ཁར་ ཆ་རྐྱེན་འདི་ གཞུང་གིས་ ཁྲོམ་ས་སྤྲོདཐངས་ཀྱི་ ཁྲིམས་ལུགས་ཅིག་བརྩམས་ཏེ་ མ་སྤེལ་ཚུན་ མི་ག་གིས་ཡང་ ཁྲོམ་ས་སྤྲོད་མ་ཆོགཔ་སྦེ་ འཁོད་ཡོད་ནི་དེ་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མ་ཆ་འཇོག་གནང་བའི་ཤུལ་ལུ་ གྲུབ་ཡོདཔ་ལས་ མི་དབང་མཆོག་གི་ བཀའ་རྒྱ་འདི་ རང་བཞིན་གྱིས་ ཆ་མེད་འགྱོཝ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་ཐོབ་མི་ཚུ་ གཞུང་གིས་བཀོད་མི་ ལམ་ལུགས་དང་འཁྲིལ་ ཐོབ་ཡོདཔ་མ་གཏོགས་ ལམ་ལུགས་དང་མ་འཁྲིལ་བར་ ཐོབ་ཐོབ་མིན་འདུག་ཟེར་ཨིནམ་ད་ ས་ཆ་ཚུ་ ཚུལ་མཐུན་སྦེ་ སྤྲོད་ཚར་བའི་ སྒྲུབ་བྱེད་དེ་ཡང་ སྤྱི་ལོ་༢༠༠༣ གྱི་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ གྲོས་ཆོད་བཏོན་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་ ལྷོད་པའི་སྐབས་ གནས་སོར་སོང་མི་ རྫོང་བདག་ལྷམ་རྡོ་རྗེ་གིས་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་དེ་ གཞུང་གི་ལམ་ལུགས་དང་འཁྲིལ་འབད་ཡོདཔ་ལས་ ཚོང་པ་ཚུ་གིས་ ཚོང་ཁང་དང་ ས་གནས་ཁར་ སྡོད་མི་ཚུ་གིས་ སྡོད་ཁྱིམ་ཚུ་ཡང་ རྐྱབ་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གིས་ གྲྭ་ཚང་༢ དང་ མི་ངོ་༣ ལུ་ ས་ཆ་བགོ་སྤྲོད་འབད་ཡོདཔ་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གི་ རྒྱབ་མི་གིས་ སྤྱི་ཟླ་༤ པའི་ཚེས་༨ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བརྒལ་ལན་ཕུལ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment