གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟུང་ཕྱོགས་ཚོང་འབྲེལ་ཆིངས་ཡིག་གུ་ གྲོས་སྟོན་ཞལ་འཛོམས་ འགོ་དང་པ་འཚོགས་ཡོདཔ།

༣/༤/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་སྦེ་ འབྲུག་དང་ ཐའི་ལེནཌི་གི་བར་ན་ ཟུང་ཕྱོགས་ཚོང་འབྲེལ་ཆིངས་ཡིག་གུ་ གྲོས་སྟོན་ཞལ་འཛོམས་ འགོ་དང་པ་འཚོགས་ཡི།
ཞལ་འཛོམས་འགོ་འབྱེད་སྐབས་ བསྟན་རྒྱས་ལྷན་ཁག་གི་ མཉམ་འབྲེལ་ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ ཚོང་འབྲེལ་ཆིངས་ཡིག་ལུ་བརྟེན་ འབྲུག་པའི་ཚོང་པ་ཚུ་གིས་ ཐའི་གི་ཚོང་འབྲེལ་ནང་ འབྲེལ་གཏོགས་འབད་ཚུགས་ནི་ཨིནམ་ལས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་སླབ་ཅི།

འབྲུག་དང་ ཐའི་ལེནཌི་གི་བར་ན་ ཟུང་ཕྱོགས་ཚོང་འབྲེལ་ཆིངས་ཡིག་གུ་ གྲོས་སྟོན་ཞལ་འཛོམས་འཚོགས་པའི་བསྒང་།


དེ་མ་ཚད་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་གི་བར་ན་ མཐུན་འབྲེལ་ཚུ་ ལེགས་ཤོམ་སྦེ་ར་ གནས་ཏེ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ཁྲིམས་མཐུན་གྱི་ ཚོང་འབྲེལ་ཆིངས་ཡིག་ཅིག་མེདཔ་ད་ འབྲུག་གི་དོན་ལུ་ ཐའི་ལེནཌི་དེ་ ཚོང་འབྲེལ་མཉམ་འབྲེལ་བ་ དྲག་ཤོས་རྒྱལ་ཁབ་༡༠ གྱི་གྲས་ཁར་ ཚུད་དེ་ཡོད་ཟེར་ མཉམ་འབྲེལ་དྲུང་ཆེན་གྱིས་ སླབ་ཨིན་པས།
འབྲུག་གིས་ ཐའི་ལེནཌི་གི་ ཐོན་སྐྱེད་ཚུ་ལུ་ དགོས་མཁོ་སྦོམ་བཀོད་དོ་ཡོདཔ་ད་ འབྲུག་པའི་ཁྲོམ་ཚུ་ནང་ལྟ་རུང་ ཐའི་ལེནཌི་གི་ཅ་ཆས་ཚུ་ ལེ་ཤ་ཅིག་ར་ མཐོང་ནི་ཡོདཔ་བཞིན་དུ་ ནང་འདྲེན་གྱི་ཐད་ལས་འབད་བ་ཅིན་ ཐའི་ལེནཌི་དེ་ རྒྱལ་ཁབ་དྲགོས་༥ པའི་ནང་ ཚུདཔ་ཨིན་ཟེར་ཨིན་པས།
འབྲུག་དང་ ཐའི་ལེནཌི་རྒྱལ་ཁབ་༢ ཀྱི་བར་ན་ སྤྱི་ལོ་༡༩༨༩ ལུ་ ཕྱི་འབྲེལ་དོན་གཅོད་ཀྱི་ ལམ་ལུགས་གཞི་བཙུགས་འབདཝ་ལས་ཚུར་ མཐུན་ལམ་ཚུ་ ལེགས་ཤོམ་སྦེ་ བྱུང་སྟེ་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༤ དེ་ཅིག་ལུ་ དཔྱད་གཞི་ཅིག་གུ་ མཚན་རྟགས་བཀོད་དེ་ཡོད་ཟེར་ བསོད་ནམས་པི་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་༢ ཀྱི་བར་ན་ ཆོས་ལུགས་དང་ དགའ་སྐྱིད་ཚུ་ཡང་ ཅོག་འཐདཔ་སྦེ་ཡོད་མི་ལུ་བརྟེན་ མཐུན་འབྲེལ་དང་ མཉམ་འབྲེལ་གྱི་འོས་འབབ་ཚུ་ཡང་ སྦོམ་སྦེ་ར་ མཐོངམ་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ཐའི་ལེནཌི་ལས་ འབྲུག་གིས་ ཨོམ་གྱི་ཐོན་སྐྱེད་དང་ ཤིང་འབྲས་ འབྲུ་སྣའི་རིགས་ ཚོདམ་ནང་བླུགས་ནིའི་མར་ཁུ་ དེ་ལས་ ཚོན་ལ་སོགས་པ་ཚུ་ ནང་འདྲེན་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ དངུལ་ཀྲམ་དུང་ཕྱུར་༡.༢༥ གནས་པའི་ཚོང་ཆས་ཚུ་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ཡོངས་བསྡོམས་དེ་དང་ཕྱདཔ་ད་ ཕྱིར་ཚོང་འཐབ་མིའི་ གནས་གོང་དེ་ བརྒྱ་ཆ་༠.༢༥ དེ་ཅིག་ལས་ མེདཔ་ཨིན་པས།
མཉམ་འབྲེལ་དྲུང་ཆེན་གྱིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ འབྲུག་གིས་ དབྱར་རྩྭ་དགུན་འབུབ་དང་ སངས་རྒྱས་ཤ་མུ་ དེ་ལས་ ལག་བཟོའི་རིགས་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་རུང་ རང་བཞིན་གྱི་ཐོག་ལས་ འཛུགས་སྐྱོང་འབད་མི་ སོ་ནམ་ཐོན་སྐྱེད་ཀྱི་རིགས་ཚུ་ ཕྱིར་ཚོང་འཐབ་དགོཔ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ ཚོང་འབྲེལ་ཆིངས་ཡིག་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ཟམ་བཟུམ་ཅིག་སྦེ་ གནས་ནི་ཨིན་མི་དང་འཁྲིལ་ འགྲོས་ཀྱིས་སྦེ་ བཀག་ཆ་མེད་པའི་ཚོང་འབྲེལ་དང་ ཕྱིའི་མ་རྩ་གཞི་བཙུགས་ དེ་ལས་ ཁྲལ་ཡངས་ཆག་གི་ གོ་སྐབས་ཚུ་ འཚོལ་ནི་ལུ་ཡང་ འོས་འབབ་ཡོད་ཟེར་ཨིན་པས།
ཐའི་ལེནཌི་གི་སྡེ་ཚན་ འགོ་ཁྲིད་འབད་མི་ ཐའི་ལེནཌི་གི་ ཚོང་འབྲེལ་བདེ་སྒྲིག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ པིར་མ་མཱོལ་ ཅ་རོའིན་པ་འོ་གིས་ རྒྱལ་ཁབ་༢ ཀྱི་བར་ནའི་ གྲོས་སྟོན་ཞལ་འཛོམས་ ཐེངས་དང་པ་དེ་ བསམ་འཆར་བརྗེ་སོར་འབད་ནིའི་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ མ་འོངས་པ་ལུ་ ཟུང་ཕྱོགས་ཚོང་འབྲེལ་མཉམ་འབྲེལ་ཚུ་ གོང་འཕེལ་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ང་བཅས་ཀྱི་ ཟུང་ཕྱོགས་ཚོང་འབྲེལ་གནས་གོང་ཚུ་ རྒྱ་ཆེ་དྲགས་སྦེ་ར་ གོང་འཕེལ་སོང་སྟེ་ ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༢ ལུ་ ཟུང་ཕྱོགས་ཚོང་འབྲེལ་གནས་གོང་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༡༥.༥༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལུ་ རྒྱལ་ཁབ་༢ ཀྱི་བར་ན་ ཚོང་འབྲེལ་གྱི་ ཆིངས་ཡིག་ཟིན་བྲིས་ཚུ་ཡང་ བརྗེ་སོར་འབད་དེ་ཡོད་ཟེར་ སླབ་ཡོདཔ་མ་ཚད་ ཞལ་འཛོམས་དེ་ནང་ བསྟན་རྒྱས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་གཙོས་པའི་ འགོ་དཔོན་ཚུ་དང་ གཞན་ཡང་ རྒྱལ་ཁབ་༢ ཀྱི་ འབྲེལ་ཡོད་འགོ་དཔོན་གོངམ་ དག་པ་ཅིག་གིས་ འབྲེལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment