གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་སྤག་ཤིང་གི་ཐོག་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་རྟགས་ཀྱི་ མདའ་རྩེད་འགོ་བཙུགས་ཡོདཔ།

༢/༤/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་མདའ་རྩེད་ཐང་ནང་སྦེ་ རང་ལུགས་སྤག་ཤིང་གི་ཐོག་གི་ མདའ་རྩེད་འགྲན་བསྡུར་འགོ་བཙུགས་ཡོདཔ་བཞིན་དུ་ ཨིསི་ཊན་ཡུ་ནའི་ཊེཌ་སྡེ་ཚན་ལས་ ལྷུན་གྲུབ་ཀྱིས་ སྐོར་ཐེངས་དང་པའི་ནང་ར་ བཀག་རེག་ཕོག་ཐོག་ལས་ སྐུགས་བརྩི་ནི་འགོ་བཙུགས་ཅི།


དེ་ཡང་ ཨིསི་ཊན་ཡུ་ནའི་ཊེཌ་དང་ སྤྲོ་བ་བཅོ་ལྔ་སྡེ་ཚན་༢ ཀྱི་བར་ན་ འོག་གི་འབའ་སྐྱོར་ནང་སྦེ་ རྩེད་འགྲན་འབདཝ་ད་  ཨིསི་ཊན་ཡུ་ནའི་ཊེཌ་ལས་ སྐུགས་༢ སྦྱེལཝ་སྦྱེལ་ས་ཆོད་དེ་ སྤྲོ་བ་བཅོ་ལྔ་སྡེ་ཚན་ ཕམ་བཏང་ཡི།
སྐོར་ཐེངས་༥ པའི་ནང་ ཨིསི་ཊན་ཡུ་ནའི་ཊེཌ་ལས་ ལྷུན་གྲུབ་དང་ ཆོས་རྒྱལ་དབང་འདུས་ དེ་ལས་ ལས་སྐྱིད་ཆོས་རྒྱལ་༣ གྱིས་ བཀག་རེག་རེ་རེ་རྐྱབ་མི་དང་བསྟུན་ སྡེ་ཚན་གྱིས་ སྐུགས་༡༦ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཐོབ་མ་ཚུགས།
དེ་བཟུམ་སྦེ་ སྐོར་ཐེངས་༨ པའི་ནང་ ཨིསི་ཊན་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ བཀག་རེག་༢ ཕོག་མི་དེ་ སྤྲོ་བ་བཅོ་ལྔ་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ སྐུགས་༢༥ ཐོབ་སྟེ་ སྐུགས་དང་པ་ ཆོད་བཏང་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཐོབ་མ་ཚུགས།
སྐོར་ཐེངས་༡༨ པའི་ནང་ སྤྲོ་བ་བཅོ་ལྔ་སྡེ་ཚན་ལས་ ཆོས་གྲུབ་ཚེ་རིང་དང་ ཤེས་རབ་༢ ཀྱིས་ བཀག་རེག་རེ་རེ་ཕོག་མི་དང་འབྲེལ་ སྐུགས་༢ ཐོབ་པའི་སྐབས་ ཨིསི་ཊན་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༡༦ ཐོབ་ཡོདཔ་ད་ སྐོར་ཐེངས་༢༠ འི་ནང་ སྤྲོ་བ་བཅོ་ལྔ་སྡེ་ཚན་གྱིས་ བཀག་རེག་༡ ཕོག་མི་དེ་ བཏོག་མ་ཚུགསཔ་ལས་ སྐུགས་༤ ཐོབ་ཅི།
སྐོར་ཐེངས་༢༢ ནང་ ཨིསི་ཊན་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ སྐུགས་༢ པམ་ཡང་ ཆོད་པའི་སྐབས་ལུ་ སྤྲོ་བ་བཅོ་ལྔ་སྡེ་ཚན་གྱིས་ སྐུགས་༤ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
ལྟག་གི་འབའ་སྐྱོར་ནང་ ཤར་ཕྱོགས་༡༡ དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་སྡེ་ཚན་གྱིས་ སྐུགས་གཅིག་ཆོད་ཡོད་རུང་ སྐུགས་༢ པ་དེ་ ཆོད་མ་ཚུགསཔ་ལས་ ད་རིས་ འཕྲོ་མཐུད་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་འགོ་དཔོན་ པདྨ་ཟླ་བ་གིས་ སླབ་མི་དང་འཁྲིལཝ་ད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྗེས་དྲན་གྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ རྒྱལ་ཡོངས་ཀྱི་རྩེདམོ་ རང་ལུགས་སྤག་ཤིང་གི་ཐོག་ལས་ རྩེད་འགྲན་འབད་མི་དེ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
དུས་ཅི་གི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ སྡེ་ཚན་༡༨ ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༢ དང་༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment