གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གཡོག་གི་གོ་སྐབས་ལུ་ལྟ་སྟེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་ ལེགས་ཤོམ་མེནམ།

༡༠/༤/༢༠༡༣   ༉ ཁ་ཙ་ ཧཱ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གི་དོན་ལུ་ རྩོད་བསྡུར་འགོ་འདྲེན་འཐབ་པའི་སྐབས་ ཧཱ་ཁྲོམ་གྱི་འདེམས་ངོ་ ཆོས་གྲགས་རྒྱ་མཚོ་གིས་ ད་རེས་ཀྱི་བཙག་འཐུ་ནང་ ན་གཞོན་ལེ་ཤ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ཁོང་ཆ་ཁྱབ་ལུ་ ད་རེས་ཚར་གཅིག་ བློ་གཏད་བསྐྱེད་དེ་ རྒྱབ་སྐྱོར་མཛད་གནང་ཟེར་ སླབ་ཨིན་པས།


བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ང་བཅས་ན་གཞོན་ཚུ་གི་ཧོངས་ལས་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ གདོང་ཁར་ཐོནམ་ད་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་དགོཔ་ད་ ག་དེམ་ཅིག་སྦེ་ ང་བཅས་ཆ་ཁྱབ་ བཙག་འཐུ་འགྲུབ་པ་ཅིན་ ལཱ་གཡོག་གི་ གོ་སྐབས་འཐོབ་སྟེ་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི་ལུ་ཡང་ ལྷན་ཐབས་འབྱུང་འོང་ཟེར་སླབ་ཅི།
གལ་སྲིད་ མི་སེར་ཚུ་གིས་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་མ་གནང་པ་ཅིན་ མ་འོངས་བཙག་འཐུ་ཚུ་གི་སྐབས་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་མི་བསྐྱེདཔ་འོང་ཟེར་སླབ་ཅི།
ས་དམར་རྒེད་འོག་གི་འདེམས་ངོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ འདས་པའི་ཚོགས་ཐེངས་ནང་ སྤྱི་ཚོགས་ཀྱིས་ ཁྲིམས་ལུགས་༣༩ ཆ་འཇོག་གནང་ཡོད་པའི་སྐོར་ལས་གོཝ་ད་ ལོ་༥ འི་རིང་ ཁྲིམས་ལུགས་མང་ཧད་རྫོགསཔ་ཅིག་ བརྩམས་གནང་མི་དེ་གིས་ མི་སེར་དང་ རྒྱལ་ཁབ་ལུ་ ཕན་ཐོགས་ག་དེ་སྦེ་ འབྱུང་ཚུགས་འོང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་སླབ་ཅི།
དེ་མ་ཚད་ ཁྲིམས་ལུགས་ལ་ལུ་ཅིག་ ལོག་སྟེ་ ལེགས་བཅོས་འབད་ནི་ཨིན་པའི་ ལོ་རྒྱུས་ཚུ་ཡང་ གོཝ་མས་ཟེར་སླབ་ཅི།
དཀར་འཚོ་རྒེད་འོག་གི་འདེམས་ངོ་ བསྟན་འཛིན་ནོར་བུ་གིས་འབད་བ་ཅིན་ ཁོ་ར་ ལྟ་བཤལ་གྱི་ ལམ་སྟོན་པ་སྦེ་ སྡོད་པའི་སྐབས་ ལྟ་བཤལཔ་ཚུ་དང་གཅིག་ཁར་ རྒྱལ་ཁབ་ཀྱི་ རྫོང་ཁག་ཆ་མཉམ་ནང་ སོང་ཡོདཔ་མ་ཚད་ ས་གནས་ཚུ་གི་ ལྷ་ཁང་དགོན་སྡེ་དང་ གཡུས་སྒོ་ ཁྲོམ་སྡེ་ག་རའི་ནང་ ལྷོདཔ་ཡོདཔ་བཞིན་དུ་ སྤྱིར་བཏང་མི་སེར་ཚུ་གི་ གནས་སྟངས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཟེར་སླབ་ཅི།
དེ་མ་ཚད་ ཁོ་ར་ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་ཡོད་མི་ཅིག་ འབད་ནི་དེ་གིས་ ཧཱ་ལུ་ ལྟ་བཤལ་གོང་འཕེལ་གཏང་ནིའི་ འཆར་གཞི་ཚུ་ཡང་ ཡོད་པའི་སྐོར་ལས་སླབ་ཅི།
སྦྱིས་རྒེད་འོག་གི་འདེམས་ངོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཚེ་རིང་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ ཁོ་ར་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཚུ་ ཕུལ་ཡོདཔ་མ་ཚད་ གལ་སྲིད་རྒྱལ་ཁབ་ནང་ བདེ་སྐྱིད་འབྱུང་དགོ་པ་ཅིན་ ཁྲིམས་ལེགས་ཤོམ་དགོཔ་ད་ ཁྲིམས་ལེགས་ཤོམ་དགོ་པ་ཅིན་ འཐུས་མི་ཉམས་མྱོང་ཅན་དགོཔ་དེ་ ཁག་ཆེ་མི་དང་འབྲེལ་ ང་ར་ལུ་ ཁྲིམས་བཟོ་ནིའི་ ཉམས་མྱོང་ཚུ་ ཡོད་ཟེར་སླབ་ཅི།
དེ་བཟུམ་སྦེ་ མ་གཞི་ རྒྱལ་ཡོངས་ཚོགས་སྡེའི་འགན་ཁུར་དེ་ ཁྲིམས་བཟོ་ནི་དང་ ཁྲིམས་བསྐྱར་བཟོ་འབད་ནི་དེ་ཨིན་རུང་ རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་གྱི་གདོང་ཁར་ དཔེ་སྟོན་བཏུབ་སྦེ་ བཞག་ནི་གི་ འགན་ཁུར་དེ་ཡང་ ཚོགས་སྡེ་ལུ་ ཕོགཔ་ཨིན་མས་ཟེར་སླབ་ཅི།
དེ་དང་གཅིག་ཁར་ འདེམས་ངོ་ཚུ་གིས་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་གི་སྐོར་ལས་ཡང་ གསལ་བཤད་ཚུ་ འབད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment