གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གི་ འདེམས་ངོ་བསྡོམས་༣༢ ལུ་ལྷོད་ཡོདཔ།

༡༠/༤/༢༠༡༣   ༉ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ད་རུང་ འདེམས་ངོ་གསརཔ་ཅིག་ ངོ་སྤྲོད་འབད་མི་དེ་རྩིསཝ་ད་ འདེམས་ངོ་བསྡོམས་༣༢ ལུ་ ལྷོད་ཡོདཔ་ཨིན་པས།
སངས་རྒྱས་དབང་འདུས།


དེ་ཡང་ སྐྱེས་ལོ་༣༠ ལང་མི་ སངས་རྒྱས་དབང་འདུས་ཀྱིས་ པདྨ་དགའ་ཚལ་རྫོང་ཁག་ ན་ནོང་ཤུ་མར་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ འབྲུག་མཉམ་རུབ་ཚོགས་པའི་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་རྡོ་རྗེ་དང་ ད་ལྟོའི་གཞུང་སྐྱོང་ཚོགས་པའི་གཙོ་འཛིན་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཤུ་མར་རྒེད་འོག་གི་ རྡོ་སྒར་གཡུས་ཚན་ལས་ཨིན་མི་ སངས་རྒྱས་དབང་འདུས་ཀྱིས་ སྤྱི་ལོ་༢༠༠༧ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་གྱི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༠ ལས་ ད་ལྟོ་ཚུན་ ཁོ་རའི་ ཕོ་རྒནམ་དང་གཅིག་ཁར་ བཟའ་ཁང་ཅིག་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཁོ་གིས་ ཚོགས་པ་དེ་ནང་ འཛུལ་ཞུགས་འབད་ནི་དེ་ འདས་པའི་ཉིནམ་དག་པ་ཅིག་ནང་ ཁོ་རའི་ ཕོ་རྒནམ་གི་ བཟའ་ཁང་ནང་འོང་མི་ ཚོགས་པ་དེ་གི་ འདེམས་ངོ་ཅིག་གིས་ སླབ་པའི་ཤུལ་ལས་ ཐག་བཅད་ཅི་ཟེར་ཨིནམ་ད་ ཁོ་གིས་ ཚོགས་པའི་ལྟ་བ་དང་ དམིགས་གཏད་ཚུ་གི་སྐོར་ལས་ ད་ལྟོ་ ལྷབ་པའི་བསྒང་ ཡོད་ཟེར་ཨིན་པས།
ཁོ་གིས་ ལཱ་གི་ཉམས་མྱོང་ཟེར་རུང་ སྤྱི་ལོ་༢༠༡༠ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ རྒྱལ་ཁབ་མཐའ་དབུས་མེད་པར་ རེ་ཌི་བོ་དང་ ཊི་བི་གི་སྐོར་ལས་ ཟླཝ་༢ ཀྱི་རིང་ ཞིབ་འཚོལ་གྱི་ལཱ་འབད་ཡོདཔ་ད་ དེ་གི་ཤུལ་ལས་ བཟའ་ཁང་ནང་ ལཱ་འབད་ཡོདཔ་ཨིན་པས།
བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཁོ་རའི་འདེམས་ཁོངས་ཀྱི་ མི་སེར་ཚུ་ སོ་ནམ་གྱི་ལཱ་ལུ་ གཙོ་བོར་བཏོན་བཅུག་ནིའི་དོན་ལས་ ཚོད་བསྲེའི་མཉམ་འབྲེལ་ལས་སྡེ་ཅིག་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment