གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ཀྱི་རིན་བསྡུར་ རྒེད་འོག་གིས་ འགོ་འདྲེན་འཐབ་ནི།

༨/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༤ ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ནང་ དབྱར་རྩྭ་དགུན་འབུབ་དང་འབྲེལ་བའི་ ཞལ་འཛོམས་འཚོགས་པའི་སྐབས་ དུས་ཅི་ལས་འགོ་བཙུགས་ཏེ་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་དེ་ རྒེད་འོག་ལྟེ་བའི་ནང་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།


སོ་ནམ་ལྷན་ཁག་འོག་གི་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱི་ ཚོང་བསྒྲགས་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ བཤད་མི་དང་འཁྲིལཝ་ད་ སྤྱིར་བཏང་རྒེད་འོག་ནང་ རིན་བསྡུར་འབད་ནི་དེ་ ཧེ་མ་ལས་ རྩིས་སྤྲོད་ནི་སྦེ་ སླབ་ཡོདཔ་ཨིན་རུང་  རྒཔོ་ཚུ་ལུ་ གྲ་སྒྲིག་མེད་ཟེར་སླབ་སྟེ་ ཉན་མ་བཏུབ་མི་ལུ་བརྟེན་ བཤོལ་བཞག་སྦེ་ལུས་ཡོད་པའི་ཁར་ ད་ལྟོ་ རྒེད་འོག་ལྟེ་བའི་ནང་ འགོ་འདྲེན་འཐབ་ནི་ཟེར་ ཁས་ལེན་འབད་ཡོདཔ་ཨིན་པས།
རྒེད་འོག་ནང་ རིན་བསྡུར་འགོ་འདྲེན་འཐབ་ནི་དེ་ ས་གནས་ཀྱི་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་ག་ར་ རྒཔོ་གིས་ ངོ་ཤེས་དོ་ཡོདཔ་ལས་ རིན་བསྡུར་འབད་བའི་སྐབས་ སྟབས་བདེ་ཏོག་ཏོ་ འོང་ནི་ཨིནམ་མ་ཚད་ ཕྱི་ཁ་ལས་ཕར་ བཙོང་ནི་དེ་ དུམ་གྲ་ཅིག་ མར་ཕབ་འགྱོ་ནི་བཟུམ་ འདུག་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ད་ལས་ཕར་ ཞབས་ཏོག་གི་འཐུས་བརྒྱ་ཆ་༠.༦༥ སྤྲོད་དགོཔ་སྦེ་བཟོ་ནི་ཨིནམ་ད་ དབྱར་རྩྭ་དགུན་འབུབ་ ཚོང་འབྲེལ་འཐབ་མི་ཚུ་ལས་ ཞབས་ཏོག་འཐུས་ བསྡུ་ལེན་འབད་མི་དེ་ རྒེད་འོག་གོང་འཕེལ་མ་དངུལ་གྱི་ རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཞལ་འཛོམས་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་གཅིག་ དབྱར་རྩྭ་དགུན་འབུབ་ཚོང་འབྲེལ་ནང་ སྟབས་བདེ་མིན་གྱི་སྐོར་ལས་ གྲོས་བསྡུར་འབད་ནི་དང་ དུས་ཅི་གི་དོན་ལུ་ ཚོང་བསྒྲགས་ག་ཅི་བཟུམ་འབད་དགོཔ་ཨིན་ནའི་སྐོར་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་དེ་གིས་ ས་ཁ་མཐོ་སའི་ མི་སེར་སོ་ནམ་པ་ དཔེར་ན་ ལ་ཡ་ ལུང་ནག་ནང་ བུམ་ཐང་ བཀྲིས་གཡང་རྩེ་ སྤ་རོ་ ལྷུན་རྩེ་ དབང་འདུས་ དེ་ལས་ བུམ་ཐང་གི་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༠༤ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༡༧༥ བཙོང་ཡོདཔ་ད་ སྤྱི་ལོ་༢༠༠༥ ལུ་ ཀེ་ཇི་༢༠༠ སྤྱི་ལོ་༢༠༠༦ ལུ་ ཀེ་ཇི་༥༠༦ སྤྱི་ལོ་༢༠༠༧ ལུ་ཀེ་ཇི་༡༤༠ སྤྱི་ལོ་༢༠༠༨ ལུ་ ཀེ་ཇི་༦༧༢ སྤྱི་ལོ་༢༠༠༩ ལུ་ ཀེ་ཇི་༥༩༥ སྤྱི་ལོ་༢༠༡༠ ལུ་ཀེ་ཇི་༥༥༠ དང་ སྤྱི་ལོ་༢༠༡༡ ལུ་ཀེ་ཇི་༡༥༧ དེ་ལས་ སྤྱི་ལོ་༢༠༡༢ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༢༣༥ ཚོང་འབྲེལ་འཐབ་ཅི་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་ རིན་བསྡུར་འབད་ནི་དེ་ སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༤ ལས་༢༠༡༠ ཚུན་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་  སྤྱི་ལོ་༢༠༡༡ ལུ་ ཁོང་ར་ངོ་རྐྱང་གིས་ བཙོང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ རིན་བསྡུར་འབད་ནིའི་འགན་ཁུར་དེ་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ ཁག་ཆེ་ཤོས་ཅིག་ ད་ལས་ཕར་ དབྱར་རྩྭ་དགུན་འབུབ་འཐུ་མི་དང་ ཚོང་འབྲེལ་འཐབ་མི་ གཉིས་ཆ་ར་ རྒྱུ་དངོས་བྱུང་སའི་ལག་ཁྱེར་གསལ་སྟོན་འབད་དགོཔ་སྦེ་ ཨིནམ་བཞིན་དུ་ རྒྱུ་དངོས་བྱུང་སའི་ལག་ཁྱེར་འཆང་མི་ཚུ་གིས་ ངོ་རྐྱང་སྦེ་ ཚོང་འབྲེལ་འཐབ་སྟེ་ གཞུང་གི་སྤྱོད་འཐུས་ཚུ་བཏབ་པ་ཅིན་ ཕྱིར་ཚོང་ཡང་ འཐབ་ཆོག་ཟེར་ ཟིན་བྲིས་ནང་ བཀོད་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་དེ་ རྒེད་འོག་བདག་སྐྱོང་གི་འགོ་དཔོན་དང་ སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱི་འགོ་དཔོན་ དེ་ལས་ འབྲུག་བཟའ་སྤྱོད་དང་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་ འཛོམས་ཐོག་ཁར་ འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment