གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཊཱག་གི་གྲོགས་རམ།

གྲོགས་རམ་སྦེ་ཐོབ་མི་ སྣུམ་འཁོར་ཊཱག།
༡༣/༠༤/༢༠༡༣  ༉ ལོ་༡ གི་ཧེ་མར་ གཞི་བཙུགས་འབད་མི་ ཐིམ་ཕུ་ རོ་ཊེ་རི་ཚོགས་པ་ལུ་ ཊའི་ཝཱན་ རོ་ཊེ་རི་ཚོགས་པ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་གྱི་གྲོགས་རམ་ཚུ་ བྱིན་ཡོདཔ་ཨིན་པས།


ཐིམ་ཕུ་ རོ་ཊེ་རི་ཚོགས་པ་གིས་ རྒྱལ་ཁབ་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་ཡོདཔ་ཧ་གོ་ཞིནམ་ལས་ ཕྱགས་སྙིགས་བསྡུ་ལེན་འབད་ནི་ནང་ བཀོག་ནིའི་སྣུམ་འཁོར་༢ ཐིམ་ཕུ་གྲོང་སྡེ་ལས་འཛིན་ལུ་ བྱིན་ནི་ཐག་བཅད་ཅི་ཟེར་ ཚོགས་པའི་གཙོ་འཛིན་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ བཤད་དོ་བཟུམའ་བད་བ་ཅིན་ ཐིམ་ཕུ་དེ་ རྒྱལ་ས་ལྟེ་བའི་ཁྲོམ་འབད་ནི་དེ་གིས་ ཉིནམ་རེ་ནང་ ཕྱགས་སྙིགས་མེ་ཊིག་ཊཱན་༦༠ རེ་ ཐོན་མི་ལུ་བརྟན་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དེ་ དཀའ་ངལ་ཆེ་ཤོས་ཅིག་སྦེ་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ རོ་ཊེ་རི་ཚོགས་པའི་ ཁ་ཐུག་ལས་ སྣུམ་འཁོར་གྱི་ གྲོགས་རམ་གནང་མི་དེ་ལུ་ བཀའ་དྲིན་སྦོམ་ཡོད་ཟེར་ཨིནམ་ད་ སྣུམ་འཁོར་ཚུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཚུལ་མཐུན་ལག་ལེན་འཐབ་ནི་ཨིན་ཟེར་ བཤད་པའི་གནས་ཚུལ།

No comments:

Post a Comment