༢/༤/༢༠༡༣ ༉ ས་ཁ་མཐོ་ས་ ཡ་ལ་གཡུས་ཚན་ན་སྡོད་མི་ཚུ་གི་དོན་ལུ་ གནམ་བྱཱར་གྱི་འོང་འབབ་གཙོ་བོ་ཅིག་ དབྱར་རྩྭ་དགུན་འབུབ་འཐུ་ནི་དེ་ཨིནམ་ད་ དགུན་ལུ་འབད་བ་ཅིན་ ལུང་ནག་ན་ལུ་ དོས་སྐྱེལ་ལེན་འབད་ནི་དེ་གིས་ ཁེ་ཕན་སྦོམ་བྱུང་དོ་ཡོདཔ་ཨིན་པས།
ལུང་ནག་ན་རྒེད་འོག་ལུ་ དོས་སྐྱེལ་མི་ཚུ་གི་གྲས་ལས་ སྐྱེས་ལོ་༥༠ ལང་མི་ སངས་རྒྱས་ཟླ་བ་གིས་ ད་རེས་སྐབས་ཅིག་ མགར་ས་རྫོང་གི་ ཉེ་འདབས་ལས་ ལྕགས་ཤོག་སྐྱེལ་བའི་བསྒང་ཡོདཔ་ད་ དེ་ཡང་ ད་ལྟོ་འཁོར་ལམ་དེ་ རྫོང་གི་ཉེ་འདབས་ཚུན་ལྷོད་ནི་དེ་གིས་ དོས་ཚུ་དེ་ཁ་ལས་ སྐྱེལ་དོ་ཡོདཔ་ཨིན་པས།
སངས་རྒྱས་ཟླ་བ་ལུ་ དོས་འབག་མི་རྟ་༡༠ གྱིས་ འཕྲལ་རང་ ལུང་ནག་ན་ལུ་ ལྕགས་ཤོག་ལེབ་༤༠ བཀལ་ཚུགས་ནི་ཨིནམ་ད་ རྟ་རེ་གིས་ ལྕགས་ཤོག་ལེབ་༤ རེ་འབག་ཚུགས་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྕགས་ཤོག་དང་ དོས་གཞན་མ་འདྲ་ནི་དེ་གིས་ རྟ་༡ གིས་ ལྕགས་ཤོག་ལེབ་༤ ལས་བརྒལ་ འབག་མི་ཚུགས་པས་ཟེར་ཨིནམ་ད་ ལྕགས་ཤོག་དེ་ཕར་ཚུར་རིང་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་ ཡོད་ཟེར་ཨིན་པས།
ལྕགས་ཤོག་ཚུ་ ས་གནས་ཀྱི་ བཟོ་སྐྲུན་འབད་སར་བསྐྱལ་ནིའི་དོན་ལུ་ སངས་རྒྱས་མཁའ་འགྲོ་དང་ ཁོ་གི་གནས་ཚང་བཟངམོ་གིས་ ལྕགས་ཤོག་ཚུ་ ཐགཔ་གིས་བསྡམས་ཐོག་ལས་ ཕད་ཙེ་ནང་བཙུགས་ཏེ་ འབག་དོ་ཡོདཔ་ཨིན་པས།
མ་གཞི་ ལུང་ནག་ན་རྒེད་འོག་ལུ་ དོས་སྐྱེལ་ནི་དེ་ ལཱ་ཁག་ཅིག་ཨིན་རུང་ སངས་རྒྱས་མཁའ་འགྲོ་གིས་ སྤྲོ་བ་བསྐྱེད་མི་དེ་ དོས་གཞན་དང་ཕྱདཔ་ད་ ལྕགས་ཤོག་སྐྱེལ་བའི་སྐབས་ གླ་ཆ་མཐོ་སུ་སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ དོས་གཞན་སྐྱེལ་བ་ཅིན་ དངུལ་ཀྲམ་༤༠༠ ལས་བརྒལ་ མི་ཐོབ་ཨིན་པས།
སངས་རྒྱས་ཟླ་བ་ལུ་རྟ་༡༠ ཡོད་མི་གིས་ ཉིནམ་༨ ཀྱི་ནང་འཁོད་ལུ་ ལྕགས་ཤོག་༤༠ སྐྱེལ་མི་ལས་ དངུལ་ཀྲམ་༦༤,༠༠༠ འཐོབ་ནི་ཨིནམ་ད་ དེ་ཡང་ མགར་ས་རྫོང་ལས་ ལུང་ནག་ན་ཚུན་ རྐང་སྟོང་སྦེ་ཉིནམ་༨ འགྱོ་དགོཔ་ཨིན་པས།
ཁོ་གིས་ ཉིནམ་༡༠ དེ་ཅིག་གི་ཧེ་མ་ཡང་ དོས་ཚར་ཅིག་སྐྱེལ་མི་གིས་ དངུལ་ཀྲམ་༦༤,༠༠༠ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་པས།
སངས་རྒྱས་ཟླ་བ་གིས་སླབ་མིའི་ནང་ རྟ་གི་གླ་ཆ་དེ་ མང་སུ་སྦེ་ཐོབ་རུང་ ས་གནས་ནང་ དོས་སྐྱེལ་ནི་དེ་ ཉེན་ཁ་ཅན་ཅིག་ཨིན་ཟེར་ཨིནམ་ད་ ལུང་ནག་ན་འགྱོ་སའི་ལམ་དེ་ ལ་དང་ བྱག་ དེ་ལས་ ཆུའི་མཐའམ་བདའ་སྟེ་ འགྱོ་དགོཔ་མ་ཚད་ ལ་ཁར་ལྷོདཔ་ད་ ཁཝ་དང་ ཁྱེགས་ཀྱིས་ མི་དང་སེམས་ཅན་༢ ཆ་རའི་ ཚེ་སྲོག་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།
སངས་རྒྱས་ཟླ་བ་དང་གཅིག་ཁར་ ལུང་ནག་ན་ལུ་ ཆ་རོགས་སྦེ་ ཁོ་རའི་བུཚ་དེ་འགྱོ་དོ་ཡོདཔ་ད་ དེ་ཡང་ རྟ་བདའ་མི་ ཉམས་མྱོང་ཅན་ཅིག་མེད་པ་ཅིན་ ལམ་ཁར་དཀའ་ངལ་བྱུངམ་ད་ གདོང་ལེན་འབད་ཤེས་དགོ་ཟེར་ཨིནམ་ད་ ཁོང་༢ ཀྱིས་ རྟ་༥ རེ་ བགོ་བཤའ་རྐྱབ་སྟེ་ བདའ་དོ་ཡོདཔ་ཨིན་པས།
དོས་སྐྱེལ་མི་ཚུ་གིས་འབད་བ་ཅིན་ དེ་བཟུམ་གྱི་ལཱ་དེ་ དཀའ་སྡུག་ཅན་ཅིག་ཨིན་རུང་ བྱ་ཐབས་མེད་པར་ འབད་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ལཱ་མ་འབད་བ་ཅིན་ ཁོང་གི་དོན་ལུ་ དངུལ་བཟོ་ནིའི་ཐབས་ལམ་ གཞན་མེད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༤ ལུ་ ལ་ཡ་ལུ་ སོ་ནམ་ཞིང་ལམ་ལྷོད་པའི་བསྒང་ལས་ ལུང་ནག་ན་ཚུན་ ཉིནམ་༦ ལས་བརྒལ་ ལམ་འགྱོ་མི་དགོ་ཟེར་ཨིན་པས།
སངས་རྒྱས་ཟླ་བ་བཟུམ་སྦེ་ དོས་སྐྱེལ་མི་ སྡེ་ཚན་༧ དེ་ཅིག་ཡོདཔ་ད་ ཁོང་གིས་ ལྕགས་ཤོག་དེ་ ལུང་ནག་ན་ལུ་ བཟོ་སྐྲུན་གྱི་ལཱ་འབད་སར་ སྐྱེལ་དོ་ཡོདཔ་ཨིན་པའི་གནས་ཚུལ།
![]() |
| སངས་རྒྱས་ཟླ་བ་གིས་ རྟ་གུ་བཀལ་ནིའི་དོན་ལས་ ལྕགས་ཤོག་དོས་བཟོ་བའི་བསྒང་། |

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:
Post a Comment