གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཀོན་དྲགས་གྱི་གཟིག་ཆུང་ མར་བཱལཌི་གི་ མཐོང་གསལ།

༢/༤/༢༠༡༣   ༉ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གཟིག་ཆུང་གི་རིགས་ཅིག་ཨིན་མི་ ཨིང་ལིཤ་ནང་ མར་བཱལཌི་ཟེར་མི་ གཟིག་གི་རིགས་དཀོན་དྲགས་ཅིག་ཨིན་མི་དེ་ འཕྲལ་ཁམས་ཅིག་ཁར་ སྐྱེ་ལྡན་རིགས་སྣའི་ ཞིབ་འཚོལ་ལས་རིམ་དོན་ལུ་ པར་ཆས་བཙུགས་བཞག་མིའི་ནང་ཚུད་ཡོདཔ་ལས་ འབྲུག་ལུ་ དཀོན་དྲགས་ཅན་གྱི་ གཟིག་ཆུང་གི་རིགས་དེ་ཡང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
གཟིག་ཆུང་ མར་བཱལཌི།


གང་གཟིག་དེ་ཡང་ འབྲུག་ལུ་སྐྱེ་ལྡན་རིགས་སྣའི་ ས་ཁོངས་ཁག་༩ ཡོད་པའི་ནང་ལས་ སྐྱེ་ལྡན་ས་ཁོངས་ཨང་༨ པ་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་དང་ དབང་ཕྱུག་བརྒྱ་འཁོར་གླིང་ཁའི་ ས་མཚམས་ཁར་བཀལ་བཞག་མི་ པར་ཆས་ཀྱི་ ཧིང་དེ་གིས་ པར་བཏབ་ཡོདཔ་ཨིན་པས།
དེ་བཟུམ་མའི་ རི་དྭགས་སེམས་ཅན་གྱི་ གཅན་གཟན་གྱི་རིགས་དེ་ དཀོན་དྲགས་ཅན་ཅིག་ཨིནམ་ད་ དེ་སྦེ་ འབྲུག་གི་ས་ཁོངས་ནང་ མཐོང་གསལ་བྱུང་མི་དེ་ལུ་ ལོགས་སུ་ཞིབ་འཚོལ་དང་ གཅན་གཟན་དེ་གི་གནས་སྟངས་ཚུ་ ཁ་གསལ་དགོཔ་འདུག་ཟེར་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གཟིག་ཆུང་དེ་གི་ མཇུག་མ་དེ་ ཁོ་རའི་ གཟུགས་གི་རིང་ཚད་དང་ འདྲན་འདྲ་ཡོདཔ་ད་ གཡུས་ཁའི་བྱི་ལི་དང་ཕྱདཔ་ད་ དུམ་གྲ་ཅིག་ ཆུང་ཀུ་འོང་ནི་ཨིན་ཟེར་ཨིན་པས།
སྤྱིར་བཏང་ལུ་ གཅན་གཟན་དེ་ རིང་ཚད་སེན་ཊི་མི་ཊར་༤༠ དང་༦༡ གི་བར་ན་ འོངམ་ཨིན་པའི་ཁར་ སེམས་ཅན་དེ་གི་མཇུག་མ་གི་རིང་ཚད་དེ་ སེན་ཊི་མི་ཊར་༣༥ དང་༥༥ གི་བར་ན་ འོངམ་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིནམ་ད་ གཅན་གཟན་དེ་མངམ་ མ་ནཱིསི་རྒྱལ་ཡོངས་གླིང་ཁའི་ནང་ མཐོང་ནི་ཡོདཔ་སྦེ་ཨིན་པས།
རྒྱལ་སྤྱི་རི་དྭགས་སྲུང་སྐྱོབ་ཚོགས་སྡེའི་ གནས་སྡུད་དང་འཁྲིལཝ་ད་ གཟན་ཅན་དེ་ ཉམས་ནི་གི་ཉེན་ཁ་ཆེ་ཤོས་ཅིག་གི་གྲངས་སུ་ཨིནམ་ད་ སྲུང་སྐྱོབ་ཁག་ཆེ་བའི་གྲངས་སུ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment