གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུཚ་བྱང་སྟོར་གྱི་འབྲེལ་གནད་ནང་ ཡིག་ཆ་འཚོལ་དོ་ཡོདཔ།

༥/༤/༢༠༡༣   ༉ སྤྱི་ལོ་༢༠༠༥ ལུ་ སྐྱེས་ལོ་༡༤ ལང་མི་ བུཚ་གཅིག་ གར་སོང་མེདཔ་ བྱང་ཡོད་པའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ བུཚ་དེ་གི་ ཕམ་སྤུན་ཆ་ཚུ་གིས་ ཐིམ་ཕུ་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ ཁོ་གི་ ཁ་གསལ་གྱི་ ཡིག་ཆ་ཚུ་ འཚོལ་བའི་བསྒང་ར་ཡོདཔ་ཨིན་པས།


བུཚ་གི་ཨའི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲགོས་དཔལ་ལྡན་དབང་ཕྱུག་གི་ ཁྱིམ་ནང་ ཐགས་འཐག་སྡོད་མི་ཅིག་ཨིནམ་ལས་ བུཚ་དེ་ཡང་ དྲགོས་ཀྱིས་ སློབ་གྲྭ་ནང་ བཙུགས་ཡོདཔ་ཨིན་པས།
དྲགོས་དཔལ་ལྡན་དབང་ཕྱུག་གིས་ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ བུཚ་དེ་གིས་ ཁྱིམ་ནང་ལས་ ཏི་རུ་ཨར་རྐུན་འབད་དེ་ ལོག་ཁྱིམ་ནང་ འོང་མ་བཏུབ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ ཐིམ་ཕུའི་ཁྲིམས་ཁྲི་༢ པ་ལས་ གྲོས་ཆོད་གནང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་དང་ ཁྲིམས་འདུན་༢ ཀྱིས་ ཨ་ལུ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ན་དང་ ག་ཏེ་ཡོད་ག་ ཁོང་གིས་ཤེས་ནི་མ་གཏོགས་ ང་ལུ་ རྩིས་མ་སྤྲོད་ནི་དེ་གིས་ མི་ཤེས་ཟེར་ཨིན་པས།
ཨམ་སྲུ་དང་ ཨ་ལུ་གཅེས་སྐྱོང་གི་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་དེ་ ནམ་དོ་དམ་འོག་ལུ་ བཙུགས་བཙུགསཔ་ཨིན་ན་དང་ དེ་ནང་ལས་ ནམ་བཏང་ཡི་ག་ ཁ་གསལ་གྱི་ཡིག་ཆ་ཚུ་ ག་ར་ཐོབ་སྟེ་འབད་རུང་ བུཚ་དེ་ ག་ལུ་ རྩིས་སྤྲོད་སྤྲོདཔ་ཨིན་ན་གི་ ཡིག་ཆ་ཚུ་ ད་ལྟོ་ཐོབ་མ་ཚུགས་པར་ཡོདཔ་ལས་ ཉིནམ་ཨ་རྟག་ར་ ཁྲིམས་སྲུང་འགག་པ་༢ རེ་བཙུགས་ཏེ་ ཡིག་ཆ་ཚུ་ འཚོལ་དོ་ཟེར་ཨིན་པས།
མ་གཞི་ གནད་དོན་དེ་ ལོ་ངོ་མང་རབས་ཅིག་གི་ ཧེ་མར་བྱུང་བྱུངམ་འབད་ནི་དེ་གིས་ ཡིག་ཆ་ཐོབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ཡིག་ཆ་ལ་ལུ་ཅིག་ ཁྲིམས་ཁང་ནང་ལས་དང་ ལ་ལུ་ཅིག་ ཁྲིམས་སྲུང་འགག་པའི་ཡིག་ཚང་ལྟེ་བའི་ནང་ ཧེ་མ་ འདྲ་བཞག་ཡོད་མི་དེ་ ཨིན་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ བུཚ་དེ་ ག་ལུ་ རྩིས་སྤྲོད་སྤྲོདཔ་ཨིན་ན་གི་ ཡིག་ཆ་དེ་ འཚོལ་མ་ཐོབ་པ་ཅིན་ ཧེ་མ་གི་ ཐོ་དེབ་ནང་ ནམ་འཛིན་བཟུང་འབད་ཡོདཔ་ཨིན་ན་དང་ ནམ་རྩིས་སྤྲོད་ཅི་ག་ དེ་ལས་ ག་ལུ་ རྩིས་སྤྲོད་སྤྲོདཔ་ཨིན་ན་གི་ མིང་ཐོ་ཚུ་ བཀོད་དེ་ཡོདཔ་སྦེ་ སླབ་དོ་ཡོདཔ་ལས་ ད་ལྟོ་ སྒྲིག་དཔོན་༢ ཀྱིས་ འཚོལ་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༠ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་པའི་སྐབས་ ཕམ་ཉམ་ཆུང་ཨིན་པའི་ཁར་ ཨ་ལུའི་ཨ་པ་མེདཔ་ལས་ ཁོང་མ་སྨད་༢ ལུ་ ཆ་རོགས་འབད་ནིའི་དོན་ལས་ བུཚ་དེ་ ཤིང་མཁར་ལའུ་རི་ལས་ ཁྱིད་འོང་སྟེ་ སློབ་གྲྭ་ནང་བཙུགས་ཅི་ཟེར་ དྲགོས་ དཔལ་ལྡན་དབང་ཕྱུག་གིས་ འདས་པའི་ དྲི་བ་དྲི་ལན་གྱི་སྐབས་ལུ་ བཤདཔ་ཨིན་པས།
དྲགོས་ཀྱིས་ ཀུན་གསལ་ལུ་སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༥ ཚུན་ ཁོང་མ་སྨད་༢ ཁོ་དང་གཅིག་ཁར་ སྡོད་ཡོདཔ་མ་ཚད་ བུཚ་དེ་ ལྕང་འབངས་འབྲུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་བཅུག་པའི་སྐབས་ ཨ་ལུ་དེ་གིས་ ཁྱིམ་ནང་ལས་ ཨར་རྐུན་དང་ སྨྱོ་རྫས་ཚུ་ལག་ལེན་འཐབ་སྟེ་ སློབ་གྲྭ་ནང་ འགྱོ་མ་བཏུབ་པར་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུའི་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༠༥ ལུ་ ཨར་རྐུན་དང་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ནུག་ཟེར་ཨིནམ་ད་ ཨིན་རུང་ དོ་དམ་ནང་ལས་ བཏོན་པའི་སྐབས་ ག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ འཚོལ་མ་ཐོབ་ལས་ ད་ལྟོ་ ག་དེ་སྦེ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
བུཚ་དེ་གི་ ཨའི་བསོད་ནམས་སྒྲོལ་མའི་ ནུམོ་གི་རྨགཔ་ སྐྱེས་ལོ་༤༠ ལང་མི་ སྒོམ་ཆེན་གྱིས་ འབད་བ་ཅིན་ ཁོ་རའི་ གནས་ཚང་དེ་ གཡུས་ཁར་ ལཱ་འབད་མི་མེདཔ་ལས་ ལོག་བཏང་དོ་ཡོདཔ་ཨིན་རུང་ ཁོ་ར་ ཐིམ་ཕུ་ལུ་ ཁྲིམས་སྲུང་འགག་པ་གིས་ ཡིག་ཆ་ཚུ་ འཚོལ་མ་ཐོབ་ཚུན་ཚོད་ར་ སྒུག་སྡོད་ནི་ཟེར་སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།





No comments:

Post a Comment