གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱང་ཁྱི་ཚུ་གིས་སོ་བཏབ་མི་ ཕོ་སྐྱེས་ཅིག་ སྨན་བཅོས་འབད་བའི་བསྒང་ཡོདཔ།

༡/༤/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཧཱ་ཚ་འཕེལ་གཡུས་ཚན་ནང་ བཟོ་བོ་གི་ལཱ་འབད་སྡོད་མི་ སྐྱེས་ལོ་༦༨ ལང་མི་ བྲེ་སྲང་དེ་ ཁོ་རའི་ནོར་ཚུ་ ལྟ་བར་འགྱོ་བའི་ལམ་ཁར་ སྤྱང་ཁྱི་སྡེ་ཚན་ཅིག་གིས་ སོ་བཏབ་སྟེ་ རྨ་ལེ་ཤ་བཏོན་ཡོདཔ་ཨིན་པས།


ལམ་བར་ན་ ཁྱིམ་ཚང་གི་ནོར་ཅིག་ རོ་ཁྱི་ཚུ་གིས་བསད་དེ་ ཤ་བཟའ་སྡོད་སར་མཐོང་བའི་ཤུལ་ལུ་ ཁོ་གིས་ རོ་ཁྱི་ཚུ་ བདའ་བཏང་གཏང་ནི་ལུ་དཔའ་བཅམ་པའི་སྐབས་ རོ་ཁྱི་ཚུ་གིས་ རྒྱབ་ལས་འོང་སྟེ་ སོ་བཏབ་ཅི་ཟེར་ཨིན་པས།
ཁོ་གིས་ རོ་ཁྱི་ཅིག་གུ་ འཁརཝ་བླུགས་པའི་བར་ན་ གཞན་མི་ཚུ་འོང་སྟེ་ ལགཔ་དང་ སྒལ་ཏོག་གུ་ སོ་བཏབ་ཡོདཔ་ལས་ རོ་ཁྱི་ཚུ་གིས་ བསད་ནི་མས་ཟེར་བའི་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
རོ་ཁྱི་ཚུ་གིས་ སོ་བཏབ་པའི་ཤུལ་ལས་ བྲེ་སང་གིས་ ཧཱ་ཨིམ་ཊཱཊ་སྨན་ཁང་ནང་སོང་སྟེ་ སྨན་གཡགམོ་ཚུ་གིས་ རྨ་ཚུ་ ཆུ་འཁྱུ་ཡོདཔ་ཨིན་རུང་ འཆོལ་ནད་བཀབ་ཐབས་ཀྱི་ སྨན་ཁབ་མེདཔ་ལས་བརྟེན་ སྨན་ཁང་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བྱིན་ཡི་ཟེར་ སླབ་ཨིན་པས།
བྲེ་སང་དེ་ ད་ལྟོ་ཐིམ་ཕུ་ལུ་ ཁོ་རའི་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༨ ཚུན་ འཆོལ་ནད་བཀབ་ཐབས་ཀྱི་ སྨན་ཁབ་ཚུ་ བཙུགས་དགོཔ་ཨིན་པས།
བྲེ་སང་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཧཱ་ལུ་ རོ་ཁྱི་ལེ་ཤ་ཡོད་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་སོ་ནམ་པ་ཚུ་ལུ་ དཀའ་ངལ་བྱུང་ནི་དེ་གིས་ རོ་ཀྱི་བཞག་སའི་ཁྱིམ་ཅིག་བཟོ་སྟེ་རོ་ཁྱི་ཚུ་ ས་གནས་ཨ་ན་ཁ་ལུ་ བསྐྱལ་ནུག་ཟེར་ སླབ་ཨིན་པས།
བྲེ་སང་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ཁོ་ར་ ནོར་གསོ་སྐྱོང་འཐབ་པའི་ཁར་ བཟོ་བོ་གི་ལཱ་ དུམ་གྲ་རེ་འབད་དེ་ སྡོདཔ་ཨིན་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རོ་ཁྱི་ཚུ་གིས་ མི་ལུ་རྐྱངམ་གཅིག་མེན་པར་ སྒོ་ནོར་སེམས་ཅན་ལུ་ཚུ་ཡང་ གནོད་པ་བསྐྱལཝ་མས་ཟེར་ཨིན་པས།
དབུས་སུ་རྒཔོ་ བསྟན་འཛིན་འཇམ་པ་གིས་འབད་བ་ཅིན་ མ་གཞི་ སྒོ་ནོར་འགོ་དཔོན་ཚུ་གིས་ རོ་ཁྱི་ཚུ་བཟུང་སྟེ་ ཨ་ན་ཁ་ལུ་ བསྐྱལ་ཡི་ཟེར་ སླབ་སྟེ་འབད་རུང་ སློབ་གྲྭ་དང་ ལྷ་ཁང་ཚུ་གི་ སྦོ་ལོགས་ཁར་ རོ་ཁྱི་ཚུ་ སྤྱང་འཁྱམས་ཏེ་ སྡོད་སར་མཐོངམ་མས་ཟེར་ཨིན་པས།
ཧཱ་གི་ སྒོ་ནོར་འགོ་དཔོན་ བློ་ལྡན་སྦྱིན་པ་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ན་ཁ་ལུ་ རོ་ཁྱི་བཞག་སར་ བཟོ་ཡོདཔ་ཨིན་རུང་ རོ་ཁྱི་སྦོམ་ཚུ་གིས་ ཆུང་ཀུ་ཚུ་ལུ་ སོ་བཏབ་པའི་དཀའ་ངལ་ཐོན་པའི་ཤུལ་ལས་ རོ་ཁྱི་ཚུ་ག་ར་ ཁབ་རྐྱབ་སྟེ་ སྤྱི་ལོ་༢༠༡༠ དེ་ཅིག་ཁར་ ལོག་བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment