གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་མི་ཐང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཐོན་དོ་ཡོདཔ།

༡/༤/༢༠༡༣   ༉ གླིང་མི་ཐང་ཁྲོམ་གྱི་ཚོགས་པ་ དཔལ་བཟང་གིས་ ཞྭམོ་ཅིག་དང་ ཆུ་ལྷམ་ཅིག་བཙུགས་ ལག་པར་ཏོག་ཙེ་དང་ གྱིབ་ཀྱི་ཐག་ལེབ་འབག་སྟེ་ ཚལ་མ་ནང་བལྟ་སྟེ་ འགྱོ་མི་དེ་གིས་ ཁྲོམ་གྱི་ཚོང་པ་ཚུ་ལུ་ རེ་བ་སྦོམ་ཅིག་ བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
གླིང་མི་ཐང་།


དེ་ཡང་ ཁྲོམ་ཁར་ འཐུང་ཆུ་ལངམ་སྦེ་མེདཔ་ལས་ སྐྱེས་ལོ་༤༥ འབད་མི་ ཕོ་སྐྱེས་དེ་ འཐུང་ཆུའི་ལམ་ཚུ་ བསལ་བར་འགྱོ་དོ་ཡོདཔ་ལས་ ཁྲོམ་ཁར་ ཆུ་ལྷོད་ནི་ཨིན་མི་ལུ་བརྟེན་ཏེ་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ གླིང་མི་ཐང་ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་དེ་ འདས་པའི་ལོ་༢ དེ་ཅིག་གི་ཧེ་མ་ལས་ བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་འབད་བའི་སྐབས་ ཆུ་དུང་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཆུའི་རྐ་དེ་ཡང་ སའི་མཐོ་ཚད་ལས་ དམའ་སུ་ཅིག་སྦེ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁྲོམ་གྱི་ཚོགས་པ་ དཔལ་བཟང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁྲོམ་ཁར་ ཆུའི་དཀའ་ངལ་ཚུ་ ཐོན་ནི་མེདཔ་ཨིན་རུང་ ད་རེས་ནངས་པ་ ཁྲོམ་ཁར་ མི་རློབས་ཡར་སེང་སོང་མི་ལུ་བརྟེན་ ཆུ་གིས་ལང་མི་ཚུགས་པས་ཟེར་ཨིན་པས།
ད་རེས་ནངས་པ་ གླིང་མི་ཐང་ལུ་ ལས་འགུལ་གྱི་ལཱ་འབད་མི་དང་ སློབ་གྲྭ་གཞུང་ལམ་ཁར་ལཱ་འབད་མི་ དེ་ལས་ གཞན་ཡང་ ཡིག་ཚང་ཁག་ ལེ་ཤ་ཅིག་ནང་ ལཱ་འབད་མི་ཚུ་ཡོདཔ་ཨིན་པས།
ཁོ་གིས་ ཉིནམ་༢ དང་༣ གྱི་བར་ན་ ཚར་རེ་ ཆུ་དུང་ཚུ་ ལེགས་བཅོས་འབད་བར་ འགྱོ་དོ་ཡོདཔ་ད་ དེ་བསྒང་ཚར་རེ་ ཆུ་སྦོམ་སྦེ་ འོང་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཁྲོམ་ཁར་ ཁྱིམ་གུང་༡༥ དེ་ཅིག་ལས་ མེདཔ་ཨིད་པས།
དཔལ་བཟང་གིས་ སླབ་མིའི་ནང་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱི་ཁ་ཐུག་ལས་ ཁྲོམ་གྱི་དོན་ལུ་ ཆུ་དུང་ཅིག་ གནང་ཐབས་ཡོད་པ་ཅིན་ ཁྲོམ་གྱི་མི་སེར་ཚུ་གིས་ ཆུ་བཏོན་ཚུགས་ནི་ཨིནམ་ལས་ ཆུའི་དཀའ་ངལ་དེ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་འབད་བ་ཅིན་ ཆུ་དུང་ཚུ་ སའི་འོག་ལུ་ཚུད་ཡོདཔ་ལས་ ཉམས་བཅོས་འབད་རུང་ སྟབས་མ་བདེ་བའི་ཁར་ ཆུ་ཚུ་ ག་ཏེ་ལས་འཛགས་འགྱོ་དོ་ཡོདཔ་ཨིན་ན་ཡང་ མ་ཤེས་པའི་དཀའ་ངལ་ བྱུངམ་མས་ཟེར་ཨིན་པས།
གླིང་མི་ཐང་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ཚ་དྲོད་ཆེ་བའི་ས་གནས་ནང་ ཆུའི་དཀའ་ངལ་ཡོད་པའི་བསྒང་ལས་ གཙང་སྦྲ་ཡང་ བསྟེན་མི་ཚུགས་དོ་ཡོདཔ་ལས་ ནད་གཞི་མ་འདྲཝ་འཐོབ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
ཁྲོམ་གྱི་ཚོགས་པ་བགྲེསཔ་ ཀུན་བཟང་གིས་ སླབ་མིའི་ནང་ ཧེ་མ་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་ ཤུགས་སྦེ་ར་འཐོན་ཡོདཔ་ལས་ ཁ་འབགཔ་དང་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ སྟབས་མ་བདེ་བའི་སྐོར་ལས་ སྙན་ཞུ་འབད་ཞིནམ་ལས་ ཆུ་དུང་ཚུ་ གསརཔ་བཙུགས་ཡི་ཟེར་ཨིནམ་ད་ ཨིན་རུང་ ཆུ་དུང་ཚུ་ ཁྱིམ་ཐོག་༢ དེ་ཅིག་གི་རྩིས་ ས་འོག་ལུ་ཚུད་དེ་ཡོདཔ་ལས་ དཀའ་ངལ་བྱུང་མས་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གི་ རེ་བ་ལས་འབད་བ་ཅིན་ གལ་སྲིད་གཞུང་གིས་ ཁོང་ལུ་ ཆུ་དུང་ཚུ་གནང་པ་ཅིན་ ཆུའི་རྐ་དེ་ར་ སོར་ནིའི་མནོ་བསམ་ ཡོད་ཟེར་ཨིན་པས།
ཨིན་རུང་ གནད་དོན་དེ་གིས་སྐོར་ལས་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གླིང་མི་ཐང་ལུ་ ཆུའི་དཀའ་ངལ་ཅིག་མེད་རུང་ བྱ་སྟབས་མ་བདེཝ་དེ་ གཙོ་བོ་ར་ ཆུ་འཛིན་སྐྱོང་འཐབ་ནི་ལུ་ དཀའ་ངལ་ཡོདཔ་ལས་བརྟེན་ ཨིན་པས་ཟེར་སླབ་ཅི།
དེ་མ་ཚད་ ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་དོ་བཟུམ་སྦེ་ ཆུ་རྐའི་གནས་ཚད་དེ་ དུམ་གྲ་ཅིག་གིས་ ཡར་སེང་འབད་ཚུགས་པ་ཅིག་ ལེགས་ཤོམ་འོང་ནི་ཨིན་རུང་ ད་ལྟོའི་ཆུ་རྐ་དེ་ གཞུང་གིས་ ད་རེས་ཁམས་ ངོས་འཛིན་འབད་འབདཝ་ཅིག་ འབད་ནི་དེ་གིས་ མ་དངུལ་གྱི་ དཀའ་ངལ་ཡོད་ཟེར་ཨིན་པས།
ཨིན་རུང་ཁོང་གིས་ སླབ་མིའི་ནང་ ཁྲོམ་ཁ་ལུ་སྟབས་མ་བདེཝ་ ག་ཅི་ར་འཐོན་རུང་ བྱ་སྟབས་བདེཝ་བཟོ་དགོཔ་ལས་ དཀའ་ངལ་དེ་ལུ་ ཐབས་ལམ་ཚུ་ བཏོན་འོང་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment