གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རྩིས་ལེགས་ལྡན་མེད་པའི་དཀའ་ངལ་བྱུང་ཡོདཔ།

༢/༤/༢༠༡༣   ༉ ནང་སྲིད་ལྷན་ཁག་འོག་གི་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱིས་ གཞལམ་སྒང་རྫོང་ཁག་ ཝམ་གླིང་གཡུས་ཚན་གྱི་ ཁྱིམ་གུང་པ་གཅིག་ནང་ མི་ངོམ་༣ ཐེབས་བཙུགས་ཡོདཔ་སྦེ་ ཉོགས་བཤད་བཀོད་ཡོད་མི་དེ་གུ་ ཞིབ་དཔྱད་ཚུ་ མཐིལ་ཕྱིན་ འབད་ཚུགས་ནིའི་དོན་ལུ་ ཉམས་མྱོང་དང་ སྦྱང་བ་ཡོད་མི་ མི་རྩིས་འགོ་དཔོན་ཅིག་ བཏང་ཡོདཔ་ཨིན་པས།


ཞི་བའི་ཐོ་བཀོད་དང་མི་རྩིས་སྡེ་ཚན་གྱི་ མཉམ་འབྲེལ་མདོ་ཆེན་ སྲིད་ཐར་རྡོ་རྗེ་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ཞིབ་དཔྱད་འབད་མི་ ཉམས་མྱོང་ཅན་གྱི་ མི་རྩིས་འགོ་དཔོན་ཚུ་ བཏང་དགོ་མི་དེ་ཡང་ ཞིབ་དཔྱད་ཚུ་ ག་དེ་དྲག་དྲག་འབད་དེ་ གྲུབ་འབྲས་ལེགས་ཤོམ་བཏོན་ཚུགས་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཨིན་ཟེར་ཨིན་པས།
མི་རྩིས་འགོ་དཔོན་དེ་ གཞལམ་སྒང་ལུ་ བདུན་ཕྲག་༡ གི་ཧེ་མར་ སོང་ཡོདཔ་བཞིན་དུ་ ཁོ་གིས་ རྫོང་ཁག་འགོ་དཔོན་ཚུ་དང་ མཉམ་འབྲེལ་འབད་ཐོག་ལས་ ཞིབ་དཔྱད་ཚུ་འབད་ནི་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཐིམ་ཕུ་ལས་ སྐྱེས་ལོ་༧༦ ལང་མི་ ཨ་ཁུ་གིས་ གཞལམ་སྒང་རྫོང་ཁག་ནང་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ མི་ངོ་མ་ཤེས་མི་གསུམ་གྱི་མི་རྩིས་དེ་ ཨ་ཁུ་གི་གནས་ཚང་ ཕུར་པ་དབང་མོ་དང་གཅིག་ཁར་ ཚུད་དེ་ཡོདཔ་ཨིན་པས།
མི་རྩིས་ནང་ ཐོ་བཀོད་འབད་དེ་ཡོད་མི་ གསུམ་ཆ་ར་ ཕོ་སྐྱེས་ སྐྱེས་ལོ་༢༠ ལྷགཔ་རེ་འབད་མི་ཚུ་ཨིནམ་ད་ ཁོང་གསུམ་གྱི་གྲས་ལས་༢  ཨ་ཁུའི་བུམོ་གི་ ཨ་ལུ་ཨིནམ་སྦེ་ཡོདཔ་མ་ཚད་ གཅིག་ཨ་ཁུའི་ གནས་ཚང་གི་ བུ་སྦེ་བཙུགས་ཏེ་འདུག་ཟེར་ཨིན་པས།
ཨ་ཁུ་གིས་འབད་བ་ཅིན་ མི་རྩིས་ལས་ཁུངས་ཀྱིས་ མི་གསུམ་གྱི་མི་རྩིས་དེ་ བཏོག་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྫོང་ཁག་གིས་ འདི་བཟུམ་གྱི་ལཱ་ཚུ་ག་དེ་སྦེ་ འབད་འབདཝ་ཨིན་ན་ ཞིབ་དཔྱད་ལེགས་ཤོམ་མ་འབད་བས་ཟེར་ཨིན་པས།
སྲིད་ཐར་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཁོང་གི་མི་རྩིས་གཞན་དང་གཅིག་ཁར་ ཚུད་དགོ་མི་དེ་ ཧེ་མའི་འགོ་དཔོན་ཚུ་གིས་ འཛོལ་བ་འབད་ཡོདཔ་ཨིན་རུང་ ད་ལྟོ་ གནད་དོན་འདི་གི་སྐོར་ལས་ སྟབས་མ་བདེཝ་ འོང་ནི་མས་ཟེར་ཨིན་པས།
གཞལམ་སྒང་ ཁྲོམ་ཁར་སྡོད་མི་ཨཔ་ཅིག་གིས་ འབད་བ་ཅིན་ སྐྱེས་ལོ་༢༠ ལྷགཔ་རེ་ལང་མི་ ཕོ་སྐྱེས་༣ པོ་དེ་ ཁོ་གི་བུ་ཨིན་ཟེར་སླབ་སྟེ་འབད་རུང་ བུ་ངོ་མ་ཨིན་མེན་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ མཉམ་འབྲེལ་མདོ་ཆེན་ སྲིད་ཐར་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཞིབ་དཔྱད་འབད་ནིའི་དོན་ལུ་ དུས་ཚོད་ག་དེམ་ཅིག་འགོར་ནི་ཨིན་ན་ མ་ཤེསཔ་ཨིན་རུང་ ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ཀྱི་ ཞིབ་དཔྱད་འགོ་དཔོན་ཚུ་གིས་ འབད་བ་ཅིན་ འཐུས་ཤོར་བྱུང་མི་འབྲེལ་ཡོད་འགོ་དཔོན་ཚུ་ ད་ལྟོ་གཞལམ་སྒང་ལུ་མེདཔ་ལས་ དོགས་སེལ་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment