གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆ་རོགས་དང་ འབྲུག་ཡུལ་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་ཅན་གྱི་རྩེད་འགྲན།

༤/༤/༢༠༡༣   ༉ ཁ་ཙ་ ལྕང་གླིང་མི་ཐང་ནང་སྦེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ ལུ་འགོ་བཙུགས་མིའི་ ཕུཊ་བཱོལ་རྩེད་འགྲན་ནང་ ཆ་རོགས་སྡེ་ཚན་གྱིས་ འབྲུག་ཡུལ་སྡེ་ཚན་ཕམ་བཏང་ནི་ལུ་ དོ་འགྲན་ལེ་ཤ་འབད་དགོཔ་བྱུང་ཡི།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༤༠ ལྷག་སོང་རུང་ སྡེ་ཚན་ག་གིས་ཡང་ གཱོལ་བཙུགས་མ་ཚུགསཔ་ད་ བར་མཚམས་ཀྱི་ངལ་གསོ་མ་རན་པའི་ དུས་ཡུན་སྐར་མ་གཅིག་ནང་ ཆ་རོགས་སྡེ་ཚན་ལས་ དཀར་མདོག་གིས་ གཱོལ་༡ བཙུགས་ཅི།
བར་མཚམས་ངལ་གསོ་ལས་ དུས་ཡུན་སྐར་མ་༧༡ ནང་ འབྲུག་ཡུལ་སྡེ་ཚན་ལས་ བི་ཀ་རཱམ་གྱིས་ ཆ་རོགས་སྡེ་ཚན་ལུ་ གཱོལ་བཙུགས་ཏེ་ གཱོལ་འདྲན་འདྲ་བཟོ་བའི་ཤུལ་ལུ་ སྡེ་ཚན་༢ ཀྱི་ རྩེད་འགྲན་པ་ཚུ་གིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
དུས་ཡུན་ སྐར་མ་༨༨ ལུ་ ཆ་རོགས་སྡེ་ཚན་ལས་ དཀར་མདོག་གིས་ ད་རུང་ གཱོལ་གཉིས་པ་དེ་ བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་གྱིས་ ག་དེ་ཅིག་ རྩ་འགེངས་ཏེ་ རྩེད་འགྲན་འབད་རུང་ རྒྱལ་ཁ་ཐོབ་ནིའི་གོ་སྐབས་ བྱུང་མ་ཚུགསཔ་ཨིན་པས།
སྡེ་ཚན་༢ ཀྱི་ རྩེད་འགྲན་པ་ཚུ་གིས་ རིག་རྩལ་དང་མཁས་རིག་ དེ་ལས་ ལྕོགས་གྲུབ་ཚུ་བཏོན་ཏེ་ རྩེད་འགྲན་འབད་རུང་ ཉིནམ་གཅིག་གི་ དབང་རྟ་ ཀླུང་རྟ་དང་བསྟུན་ འགྱོ་དོ་ཡོདཔ་ལས་ སེམས་ཕམ་དགོཔ་མིན་འདུག་ཟེར་ འགོ་འདྲེན་འཐབ་མི་གིས་ སླབ་ཨིན་པས།
ད་རིས་ཀྱི་རྩེད་འགྲན་དེ་ མུ་ཏིག་ཐང་དང་ ནང་པའི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment