གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གློག་མེ་ལས་འཛིན་གྱིས་ ཀོ་ཊར་ཕའི་ནཱལ་ནང་ ལྷོད་ཡོདཔ།

༤/༤/༢༠༡༣   ༉ ཁ་ཙ་ འབྲུག་གློག་མེ་ལས་འཛིན་དང་ ཀེ་ཨེམ་ཊི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྐོར་ཐེངས་དང་པའི་ནང་ ཀེ་ཨེམ་ཊི་སྡེ་ཚན་གྱིས་ མདའ་ཡ་གཅིག་གིས་ སྐུགས་༡ རྩིས་ཐོག་ལས་ འགོ་བཙུགས་ཡོད་རུང་ ཕྱི་རུའི་ཆུ་ཚོད་༤ ལངམ་ད་ ཕམ་སོ་ཡི།
མདའ་རྩེདཔ་ཚུ་གིས་ བཀག་རེག་ཕོག་མི་ལུ་ དགའ་ཚོར་བསྐྱེད་དེ་ རྒྱུག་འགྱོ་བའི་བསྒང་།


དེ་ཡང་ སྐོར་ཐེངས་༤ ཚུན་ སེངྒེ་རྡོ་རྗེ་གིས་ བཀག་རེག་༢ དང་ ཚེ་རིང་སྟོབས་རྒྱས་ཀྱིས་ བཀག་རེག་དང་མདའ་ཡ་ཚུ་ ཕོག་མི་ལུ་བརྟེན་ སྐུགས་༨ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡ ཡང་ཐོབ་མ་ཚུགས།
འབྲུག་གློག་མེ་ལས་འཛིན་གྱིས་ སྐོར་ཐེངས་༡༡ པའི་ནང་ སྐུགས་༡༧ ཐོབ་པའི་སྐབས་ སྡེ་ཚན་གཞན་མི་གིས་ སྐུགས་༡༠ ལས་བརྒལ་ཐོབ་མ་ཚུགས།
དེ་ལས་ ཕན་ཚུན་རྩེད་འགྲན་སྤྲོ་བ་ཆེ་ཏོག་ཏོ་སྦེ་རྩེད་དེ་ སྐོར་ཐེངས་༡༢ པའི་ནང་ བཀག་རེག་དང་མདའ་ཡ་ཚུ་རྐྱབ་པའི་སྐབས་ལུ་ བྱང་ཕྱད་སྡེ་ཚན་གྱིས་ མདའ་ཡ་གཅིག་བཏོག་ནི་ལུ་ཡང་ དོ་འགྲན་འབད་མ་ཚུགསཔ་ལས་ སྐུགས་༢༥ ཐོབ་སྟེ་ སྐུགས་ཆོད་སོ་ཡི།
སྐུགས་༢ པམ་ཆོད་ནི་ལུ་ ཀེ་ཨེམ་ཊི་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ དོ་འགྲན་འབད་དེ་ བཀག་རེག་ཚུ་ གཅིག་ཤུལ་༢ སྦེ་ ཕོག་མི་ལུ་བརྟེན་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་ག་དེ་ཅིག་ར་ ཕོག་རུང་བཏོག་གཏང་སྟེ་ སྐུགས་རྩིས་མ་བཅུག་པར་ བཞག་ཅི།
འབྲུག་གློག་མེ་ལས་འཛིན་གྱིས་ སྐོར་ཐེངས་༢༠ འི་ནང་ སྐུགས་༢༢ ཐོབ་ད་ ཀེ་ཨེམ་ཊི་སྡེ་ཚན་གྱིས་ སྐུགས་༨ ལས་བརྒལ་ཐོབ་མ་ཚུགས།
སྐོར་ཐེངས་༢༥ པའི་ནང་ འབྲུག་གློག་མེ་ལས་འཛིན་ལས་ མདའ་རྩེདཔ་ཚུ་གིས་ སྐུགས་༢ པམ་དེ་ཡང་ ཆོད་ནི་ལུ་ སྐུགས་བསྡོམས་སྒྲིག་པའི་སྐབས་སུ་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་འབད་མ་ཚུགསཔ་ལས་ རྒྱལ་ཁའི་བརྡ་མཚོན་སྟོནམ་ཨིན་པས།
སྐུགས་༢ པམ་དེ་ཆོད་པའི་སྐབས་ལུ་ ཀེ་ཨེམ་ཊི་སྡེ་ཚན་གྱིས་ སྐུགས་༡༣ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment