གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་མཐུན་ཆ་རོགས་ཀྱིས་ རྒྱལ་རྟགས་ཀྱི་གསོལ་རས་ དངུལ་ཀྲམ་༩༠,༠༠༠ ཐོབ་ཡོདཔ།

༡/༤/༢༠༡༣    ༉ ཐིམ་ཕུ་གཟི་ལུང་ཁ་ལུ་སྦེ་ འགོ་འདྲེན་འཐབ་མི་ གཡང་འཕེལ་ལམ་ལུགས་ཀྱི་ མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་ནང་ ཁ་ཙ་ སེམས་མཐུན་ཆ་རོགས་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ ཨང་དང་པ་ཐོན་ཡི།


དེ་ཡང་ སྐོར་ཐེངས་༡༥ འི་ནང་ སེམས་མཐུན་ཆ་རོགས་སྡེ་ཚན་གྱིས་ སྐུགས་༢ ཆོད་པའི་སྐབས་ ཨེམ་ཨེམ་ཇི་སྡེ་ཚན་གྱིས་ སྐུགས་༡ དང་ ཡཱལ་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགས།
ཨང་དང་པ་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༩༠,༠༠༠ དང་ ཨེམ་ཨེམ་ཇི་སྡེ་ཚན་ལུ་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༦༠,༠༠༠ དང་ ཡཱལ་སྡེ་ཚན་ལུ་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་༤༢,༠༠༠ བྱིན་ཡི།
སྐོར་ཐེངས་༤༥ ལུ་ བཀྲིས་རྟགས་བརྒྱད་སྡེ་ཚན་ལས་ བཀག་རེག་༣༥ རྐྱབ་སྟེ་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་དངུལ་ཀྲམ་༡༥,༠༠༠ ཤེས་རབ་མཐར་ཕྱིན་གྱིས་ ཐོབ་ཡོདཔ་ད་ སྐོར་ཐེངས་༡༥ ལུ་ བཀག་རེག་༡༥ ཕོག་སྟེ་ཉིནམ་གཅིག་གི་ མདའ་རྩེདཔ་དྲགོས་དེ་ ཀུན་བཟང་རྡོ་རྗེ་དང་ སྐོར་ཐེངས་༤༥ ལུ་དོབ་སྦྱེལ་༧ རྐྱབ་སྟེ་ ཨྱོན་རྡོ་རྗེ་ཁོང་༣ ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༥༠༠༠ རེ་བྱིན་ཡི།
དེ་བཟུམ་སྦེ་ སྐོར་ཐེངས་༤༥ ནང་ སྒོར་ཐིག་གུ་ བཀག་རེག་༡༡ ཕོག་མི་ ཚེ་རིང་བཀྲིས་དང་ མཐའ་བཅད་རྩེད་འགྲན་ནང་ བཀག་རེག་༡༠ རྐྱབ་མི་ སེམས་མཐུན་ཆ་རོགས་སྡེ་ཚན་ལས་ ཀརྨ་ཤེས་རབ་༢ ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༥༠༠༠ རེ་བྱིན་ཡི།
མདའ་རྩེད་འགོ་འདྲེན་འཐབ་མི་ ཕུརཔ་རྡོ་རྗེ་གིས་སླབ་མི་དང་འཁྲིལཝ་ད་ གཟི་ལུང་ཁ་ལུ་སྦེ་ གཡང་འཕེལ་ལམ་ལུགས་ཀྱི་མདའ་རྩེད་ འགོ་ཐོག་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ རྩེད་འགྲན་ནང་ སྤྲོ་བ་ཅན་གྱི་བཅའ་མར་གཏོགས་མི་སྡེ་ཚན་༣༢ ཀྱིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
མདའ་རྩེད་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ གཞུང་གཡོགཔ་དང་ སྒེར་སྡེ་ ལས་འཛིན་ གཞུང་མིན་ལས་ཚོགས་ནང་ལཱ་འབད་མི་ཚུ་གི་བར་ན་ མཐུན་ལམ་བཟོ་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༩༠༠༠ རེ་བསྡུ་ལེན་འབད་ཡོདཔ་ད་ གསོལ་རས་རྐྱངམ་གཅིག་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།
ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ དུས་ཅི་ གསོལ་རས་ཚུ་ཡང་ གྱོང་རྒུད་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
སྐུགས་མགྲོན་གཙོ་བོ་ ལས་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment