གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལས་ ཚོགས་སྡེའི་གདམ་ངོ་ ཕོ་སྐྱེས་༣ དང་ ཨམ་སྲུ་༢ ཐོན་ཡོདཔ།

༡/༤/༢༠༡༣   ༉ གཞལམ་སྒང་རྫོང་ཁག་གི་ རྒེད་འོག་༨ ནང་ བཙག་འཐུའི་འཛོམས་འདུ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ གདམ་ངོ་༥ ཐོན་ཡོདཔ་བཞིན་དུ་ ད་རིས་ ངོས་ལེན་འགོ་དཔོན་དང་ རྫོང་ཁག་བཙག་འཐུའི་འགོ་དཔོན་ཚུ་གིས་ གདམ་ངོ་༥ དང་འཕྱད་དེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ མཐའ་བཅད་བཟོ་ནི་ཨིན་པས།

Add caption


གདམ་ངོ་ཚུ་ཡང་ སྤང་མཁར་རྒེད་འོག་ལས་ སྐྱེས་ལོ་༣༢ ལང་མི་ ཨྱོན་ཆོས་འཕེལ་དང་ སྒོ་ཤིང་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ རྡོ་རྗེ་བཀའ་དྲིན་ ངང་ལ་རྒེད་འོག་ལས་ སྐྱེས་ལོ་༢༨ ལང་མི་ ཡེ་ཤེས་མཚོ་མོ་ ནང་འཁོར་རྒེད་འོག་ལས་ པདྨ་ལྷ་མོ་དང་  དེ་ལས་ བར་དོ་རྒེད་འོག་ལས་ སྐྱེས་ལོ་༤༤ ལང་མི་ པདྨ་གྲགས་པ་ཚུ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ འཛོམས་འདུ་འཚོགས་པའི་སྐབས་ པདྨ་གྲགས་པ་གིས་ རྒེད་འོག་གི་གདམ་ངོ་སྦེ་ དགོ་ཟེར་བའི་ ཚོགས་རྒྱན་༢༡༦ དང་ མིན་དགོ་ཟེར་བའི་ ཚོགས་རྒྱན་༡༡ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ཁག་འབག་གི་ སློབ་དཔོན་འབད་མི་ ཡེ་ཤེས་མཚོ་མོ་གིས་ སྤྱི་ཟླ་༣ པའི་ཚེས་༢༦ དང་༢༨ ལུ་ བཀག་སྟོང་སློབ་གྲྭ་ཆུང་བ་དང་ ངང་ལ་རྒེད་འོག་ལྟེ་བའི་ནང་ འཛོམས་འདུ་འཚོགས་པའི་སྐབས་ དགོ་ཟེར་བའི་ཚོགས་རྒྱན་༢༡༥ དང་ མེན་དགོ་ཟེར་བའི་ ཚོགས་རྒྱན་༢༩ ཐོབ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་༣ པའི་ཚེས་༢༩ ལུ་ ནང་འཁོར་རྒེད་འོག་ནང་ འཛོམས་འདུ་འཚོགས་པའི་སྐབས་ གཞལམ་སྒང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ པདྨ་ལྷ་མོ་གིས་ མོ་ར་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་སྦེ་ དགོ་ཟེར་བའི་ཚོགས་རྒྱན་༡༤༢ དང་ མིན་དགོ་ཟེར་བའི་ ཚོགས་རྒྱན་༨༦ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment