གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདོད་སྤྱོད་ལུ་བརྟེན་ ཕོ་སྐྱེས་༡ ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༡༠/༤/༢༠༡༣   ༉ སྣུམ་འཁོར་གྱི་ དེད་གཡོགཔ་ཅིག་ཨིན་མི་ རོ་བིན་ ཆེ་ཏི་རི་གིས་ ན་ཧིང་ སྐྱེས་ལོ་༡༦ ལང་མི་བུམོ་ཅིག་ ཕུན་ཚོགས་གླིང་ལུ་སྦེ་ འདོད་སྤྱོད་འབད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།


རོ་བིན་ ཆེ་ཏི་རི་གིས་ སྐྱེས་ལོ་༡༦ ལང་མི་བུམོ་དེ་ ཕུན་ཚོགས་གླིང་ལུ་ ཁོ་ར་ཨ་རྟག་སྡོད་སའི་ ཁྱིམ་ནང་མེན་པར་ བཀྲིས་སྡིངས་བཟའ་ཁང་ནང་ཁྱིད་དེ་ འདོད་སྤྱོད་འབད་དོ་ཡོདཔ་ད་ མ་གཞི་ ཁོ་ར་༢ མོས་མཐུན་ཐོག་ལས་ ཧེ་མ་ལས་ར་ འདོད་སྤྱོད་འབད་དོ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
རོ་བིན་ ཆེ་ཏི་རི་གིས་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ བུམོ་དེ་དང་གཅིག་ཁར་ ཁོ་ར་ འདོད་སྤྱོད་འབད་མི་དེ་ ངེས་བདེན་ཨིན་རུང་ དབང་བཙོང་ཐོག་ལས་ མེན་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་བུམོ་དེ་ སྐྱེས་ལོ་༡༨ མན་ཆད་འབད་ནི་དེ་གིས་ ལུས་འབྲེལ་འབད་བ་ཅིན་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ ཆ་བཞག་དགོཔ་ཨིན་པས།
རོ་བིན་ ཆེ་ཏི་རི་གིས་ བུམོ་དེ་ ཁོ་རའི་ གཉེན་གྲོགས་སྦེ་ བཞག་ནི་ཨིན་པའི་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ བུམོ་དེ་ ཁོ་རའི་ ཁྱིམ་ནང་མེན་པར་ ཨ་རྟག་ར་ བཟང་ཁང་ནང་ ཁྱིད་ཡོདཔ་མ་ཚད་ བུམོ་དེ་གི་ ཨ་ཞེམོ་གིས་ ཁོ་ལུ་ བརྒྱུད་འཕྲིན་བཏངམ་ད་ བུམོ་དེ་ ཁོ་དང་གཅིག་ཁར་ཡོད་རུང་ མེད་ཟེར་ཤོབ་རྐྱབ་སྟེ་ གསང་བཞག་ཡོདཔ་ཨིན་པས།
རོ་བིན་ ཆེ་ཏི་རི་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༨༣ པ་དང་འཁྲིལཝ་ད་ གལ་སྲིད་ རྩོད་ཟླ་གིས་ སྐྱེས་ལོ་༡༢ ལས་༡༨ མན་ཆད་འབད་མི་ བུམོ་ཚུ་དང་གཅིག་ཁར་ འདོད་སྤྱོད་འབད་བ་ཅིན་ དབྱེ་རིམ་༢ པའི་ ཉེས་ཆེན་སྨིན་དགོཔ་ལས་ ཁྲིམས་ཚད་མཐོ་ཤོས་ལོ་༡༥ དང་ དམའ་ཤོས་ལོ་༩ ཕོག་ནི་ཨིནམ་ལས་ རོ་བིན་ ཆེ་ཏི་རི་ལུ་ བཙོན་ཁྲིམས་དམའ་ཤོས་ ལོ་༩ བཀལ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བུམོ་དེ་གི་ བཟའ་ཚང་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རོ་བིན་ ཆེ་ཏི་རི་དེ་ སྤྱི་ལོ་༢༠༡༢ ཟླ་༧ པའི་ཚེས་༡༣ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment