གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༤ གི་རིང་ ཨརཝ་རྐུ་མི་ཚུ་ འཛིན་བཟུང་འབད་ཡོདཔ།

༡༢/༤/༢༠༡༣  ༉ ཐིམ་ཕུའི་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་༢ ཀྱིས་ སྤྱི་ལོ་༢༠༠༩ ལས་༢༠༡༢ ཚུན་ ཨར་རྐུན་ཁག་ལེ་ཤ་ཅིག་ནང་ འབྲེལ་གཏོགས་འབད་བའི་གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུའི་སྡོད་ཁྱིམ་དང་ ཡིག་ཚང་ཚུ་ལས་ཐོབ་མི་ ཨར་རྐུན་གྱི་ཅ་ཆས་ ཀྲོབ་མདའ་དང་མདེའུ་ འགྲུལ་འཕྲིན་ དེ་ལས་ གཟི་དང་ བྱུ་རུ་ གཡུ་ཚུ།


དབང་འདུས་ཕོ་བྲང་ལས་ཨིན་མི་ སྐྱེས་ལོ་༢༣ དང་ སྐྱེས་ལོ་༡༨ ལང་མི་ ཕོ་སྐྱེས་༢ ཀྱིས་ཨར་རྐུན་གྱི་ གནད་དོན་ཁག་༡༡ ནང་ འབྲེལ་བ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ གནད་དོན་ཁག་༡༡ གི་གྲས་ལས་༣ ཁྲིམས་སྲུང་འགག་པའི་ནང་ ཐོ་བཀོད་འབད་དེ་ མེདཔ་ཨིན་པས།
ཨར་རྐུན་ཁག་༡༡ པོ་དེ་ འདས་པའི་ལོ་༤ འི་ནང་འཁོད་ལུ་ ཐིམ་ཕུ་དང་ བསམ་རྩེ་ལུ་འབད་ཡོདཔ་བཞིན་དུ་ བསམ་རྩེ་ལུ་ ཨར་རྐུན་འབད་བའི་ཤུལ་ལས་ དོགས་ཅན་གཉིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་གཉིསཔོ་དེ་ བསམ་རྩེའི་ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༩ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་གཉིས་དང་གཅིག་ཁར་ ཐིམ་ཕུ་ཨོ་ལ་ཁ་ལུ་སྡོད་མི་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་༡ ཡང་ འབྲེལ་གནད་ཡོདཔ་ད་ དོགས་ཅན་༢ ཀྱིས་ ཨརཝ་རྐུ་འབག་འོང་མི་ ཅ་ཆས་ཚུ་ མོ་དང་གཅིག་ཁར་ བཞག་དོ་ཡོདཔ་ད་ ཨམ་སྲུ་དེ་ སྐྱེས་ལོ་༢༣ ལང་མི་ དོགས་ཅན་གྱི་ ཕོ་རྒནམ་གི་ གནས་ཚང་ཨིན་པས།
བསམ་རྩེ་ལས་ དོགས་ཅན་༢ ཀྱིས་ ཨརཝ་རྐུ་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ དཔག་བསམ་ཁ་ལས་ འཛིན་བཟུང་འབད་ཡོདཔ་ལས་ པར་ཆས་ གློག་རིག་ལེབ་ཊོབ་ གཟི་ བྱུ་རུ་ གཡུ་ཚུ་ ཁོང་གཉིས་ལས་ ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ དོགས་ཅན་༢ ལུ་ དྲི་དཔྱད་འབདཝ་ད་ ཅ་ཆས་ཚུ་ མང་ཤོས་ར་ ཐིམ་ཕུ་ལས་ རྐུ་ཡོདཔ་སྦེ་ སླབ་ཨིན་པས།
ཁོང་༢ ཀྱིས་ འབྲུག་ཨོ་ལམ་པིག་ཚོགས་སྡེའི་ཡིག་ཚང་ནང་ སྤྱི་ལོ་༢༠༠༩ ཟླ་༦ པའི་ཚེས་༢༢ ལུ་ འགོ་དང་པ་ ཨརཝ་རྐུ་ཡོདཔ་ཨིན་པས།
སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཀྱིས་འབད་བ་ཅིན་ ཨརཝ་ཐེངས་༦ པ་རྐྱབ་པའི་སྐབས་ལུ་ དེ་ནང་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་དེ་ཡང་ འབྲེལ་གཏོགས་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༣ ལུ་ དོགས་ཅན་༢ ཀྱིས་ ཨར་ལི་ལར་ནིང་ སེན་ཊར་ནང་ལས་ ལེབ་ཊོབ་ཨེལ་སི་ཌི་དང་ སློབ་ཕྲུག་གི་ ཕད་ཅུང་ཚུ་ ཨརཝ་རྐུ་ཡོད་རུང་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་དེ་གི་ ཁྱིམ་ནང་ལས་ ཐོབ་ཡོདཔ་ཨིན་པས།
སྐྱེས་ལོ་༢༣ ལང་མི་ དོགས་ཅན་གྱི་ཨ་པ་དེ་ ཐིམ་ཕུ་ལུ་ ལཱ་འབད་དེ་ སྡོད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ བསམ་རྩེ་ལུ་ གནས་སོར་སོང་ཡོདཔ་ཨིན་པས།
ཁོ་གི་ཆ་རོགས་ སྐྱེས་ལོ་༡༨ ལང་མི་དེ་ ཁོ་རའི་ ཕམ་དང་གཅིག་ཁར་ ཐིམ་ཕུ་ལུ་ སྡོད་དོ་ཡོདཔ་བཞིན་དུ་ དོགས་ཅན་༢ ཆ་ར་ ལཱ་གཡོག་མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment