༦/༥/༢༠༡༣ ༉ འབྲུག་མདའ་རྩེད་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ནང་ སློབ་ཕྲུག་༡༡༠༠ ལུ་ གནམ་དགུན་གྱི་ མདའ་རྩེད་སློབ་སྟོན་ལས་རིམ་ ཅིག་ འགོ་འདྲེན་འཐབ་མིའི་གྲས་ལས་ ད་རེས་ནངས་པ་ སློབ་ཕྲུག་༡༠༠ དེ་ཅིག་ རྒྱལ་ཡོངས་མདའ་རྩེདཔ་སྦེ་ གདམ་འཐུ་འབད་ནིའི་དོན་ལུ་ གདམ་འཐུ་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༣ ཟླ་༡ པ་ལས་ ཟླ་༢ པའི་ཚེས་༨ ཚུན་ སློབ་ཕྲུག་བུཚ་དང་ བུམོ་བསྡོམས་༡༡༠༠ ལུ་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ ནུབ་ཕྱོགས་རྫོང་ཁག་ ཐིམ་ཕུ་ ལྷོ་ཕྱོགས་རྫོང་ཁག་ ཕུན་ཚོགས་གླིང་ དེ་ལས་ དབུས་ཕྱོགས་རྫོང་ཁག་ དགེ་ལེགས་ཕུག་ལུ་སྦེ་ མདའ་རྩེད་ཐངས་ཀྱི་ ལམ་ལུགས་དང་ ཤེས་ཚད་ ཡོན་ཏན་གོང་འཕེལ་གཏང་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
བཀྲིས་སྒང་ ཝམ་རོང་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་ ཀརྨ་དབང་ཕྱུག་གིས་ སྐུགས་༨༨.༠༩ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ བུམོ་གི་གྲས་ལས་ ཨང་དང་པ་དེ་ ཐིམ་ཕུ་ལས་ སློབ་ཕྲུག་བུམོ་ བཙན་སྐྱོགས་སྒྲོལ་མ་གིས་ སྐུགས་༧༩.༩༡ ཐོབ་སྟེ་ ཐོན་ཡོདཔ་ཨིན་པས།
སློབ་སྟོན་ལས་རིམ་དེ་ཡང་ གཡུས་སྒོ་སོ་སོ་ཚུ་ནང་ལས་ ན་གཞོན་བུཚ་དང་བུམོ་ སྐྱེས་ལོ་༡༦ ལས་༢༣ ཚུན་འབད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལག་རྩལ་ གཅིག་བ་གཅིག་དྲགཔ་སྦེ་ བརྩོན་ཤུགས་དང་ རིག་རྩལ་ ལྕོགས་གྲུབ་ སྤྲོ་བ་ དང་འདོད་བསྐྱེད་དེ་ ལྷབ་སྦྱང་འབད་མིའི་གྲས་ལས་ སྐུགས་ལེགས་ཤོམ་ཐོབ་མི་༡༠༠ གདམ་འཐུ་འབད་ཡོདཔ་ཨིན་པས།
འབྲུག་མདའ་རྩེད་ཚོགས་པའི་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ སློབ་ཕྲུག་བུཚ་༧༠ དང་ བུམོ་༣༠ གདམ་འཐུ་འབད་ཡོད་མིའི་གྲས་ལས་ རྒྱལ་ཡོངས་མདའ་རྩེད་ཚོགས་པའི་ རྩེད་འགྲན་པ་སྦེ་ བུཚ་༥ དང་ བུམོ་༣ གདམ་འཐུ་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༡༡ ལས་༢༥ ཚུན་ བདུན་ཕྲག་༢ ཀྱི་རིང་ལུ་ སྦྱོང་བརྡར་བྱིན་ནི་ཨིན་ཟེར་ཨིན་པས།
སློབ་སྟོན་ལས་རིམ་བྱིན་མི་ལས་ བུཚ་༥ དང་ བུམོ་༣ རྒྱལ་ཡོངས་མདའ་རྩེད་ཚོགས་པའི་ རྩེད་འགྲན་པ་སྦེ་ གདམ་འཐུ་འབད་ནི་ཨིན་རུང་ ད་ཚུན་ འབྲུག་མདའ་རྩེད་ཚོགས་པའི་ རྒྱལ་ཡོངས་མདའ་རྩེདཔ་སྦེ་ བུམོ་༣ དང་བུཚ་༡ ཡོད་ཟེར་ཨིན་པས།
རྒྱལ་ཡོངས་མདའ་རྩེདཔ་སྦེ་ གདམ་འཐུ་གྲུབ་ཞིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཡོདཔ་བཞིན་དུ་ གདམ་འཐུ་འབད་མི་ཚུ་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ དངུལ་ཀྲམ་༡༥,༠༠༠ རེ་བྱིན་ནི་ཨིནམ་ད་ གྱོན་ཆས་དང་ ཉལ་ཁང་ དེ་ལས་ འཕྲོ་མཐུད་ཤེས་ཡོན་གྱི་དོན་ལུ་ སློབ་གཉེར་གྲོགས་རམ་ཚུ་ཡང་ འཐོབ་ནི་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་ནང་ མདའ་རྩེད་འགྲན་བསྡུར་འབད་བའི་སྐབས་ ཨང་དང་པའི་གསོལ་རས་ གསེར་གྱི་རྟགས་མ་ འཐོབ་ཚུགས་པ་ཅིན་ རྩེད་འགྲན་པ་དེ་ལུ་ རྒྱལ་ཁབ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ལས་༥༠,༠༠༠ འི་བར་ན་ བྱིན་ནི་ཨིན་པས།
དྲུང་ཆེན་ཚེ་དབང་རིན་ཆེན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ད་ལྟོ་ གདམ་འཐུ་འབད་མི་༡༠༠ ལས་ བུཚ་༥ དང་ བུམོ་༣ རྒྱལ་ཡོངས་མདའ་རྩེདཔ་སྦེ་ བཙག་འཐུ་འབད་ཞིནམ་ལས་ དྲག་ཤོས་ཨང་༢༥ འི་གྲངས་སུ་ལྷོད་མི་ཚུ་ ཤུལ་མའི་དོན་ལུ་ གདམ་འཐུ་འབད་བཞག་ནི་ཟེར་ཨིནམ་ད་ སྤྱི་ཟླ་༦ པ་དང་༧ པའི་ནང་ མདའ་རྩེད་སློབ་སྟོན་ལས་རིམ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།
![]() |
གདམ་འཐུ་གྲུབ་མི་ སློབ་ཕྲུག་ཚུ། |

བཀྲིས་ཕུན་ཚོགས།
No comments:
Post a Comment