གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་༣ གྱི་ནང་འཁོད་ལུ་ ཕུངམ་༣ ཐོབ་ཡོདཔ།

༦/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༤ ལུ་ དབང་འདུས་ཕོ་བྲང་ རུ་རི་ཆུ་ལུ་ གླ་འཁོར་ཅིག་ ཐུག་རྐྱེན་བྱུང་མིའི་ རྐྱེན་ངན་ནང་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་ ས་གནས་ནང་ར་ ཁ་འཐུམ་མར་བསད་ཡོད་རུང་ གཞན་མི་༢ ལུ་ གནོད་སྐྱོན་སྦོམ་ཅིག་ མ་འབྱུང་ཨིན་པས།


རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༩:༤༠ དེ་ཅིག་ལུ་ བྱུང་ཡོདཔ་ད་ དེ་བསྒང་ གླ་འཁོར་ཨཱལ་ཊོ་ཀཱར་དེ་ རུ་རི་ཆུ་ལས་ བ་འཇོ་ཁ་ཐུག་ལུ་ འོང་བའི་ལམ་ཁར་ འཁོར་ལམ་ཟུར་ཁའི་ ཀཱལ་བརཊི་ཟུར་རྩིག་ཅིག་གུ་ བརྡུངས་པའི་ཤུལ་ལས་ ཚར་༣ དེ་ཅིག་ མགུ་མཇུག་སློག་སོང་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཚེ་འདས་ཀྱི་ཐོདཔ་ བཅག་དཀྲུམ་བཏང་བའི་ཁར་ གཟུགས་ཁ་ལས་ ཁྲག་ཤུགས་སྦེ་ར་ ཐོན་སོང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་ དུང་ནག་རྒེད་འོག་ སྤྱ་གཟི་གཡུས་ཚན་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ སྤུ་ན་གཙང་ཆུ་གློག་ལས་འགུལ་ནང་ ལས་མི་ལྟ་རྟོག་པ་སྦེ་ ལཱ་འབད་མི་ཨིནམ་ད་ དེ་བསྒང་ཁོ་ར་ ལཱ་འབད་སའི་ ས་ཁོངས་ནང་ལས་ ལོག་བ་འཇོ་ཁྲོམ་ཁར་ འོང་པའི་བསྒང་ཨིན་པས།
གླ་འཁོར་བཏང་མི་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ རུ་རི་ཆུ་ལས་ འོང་པའི་སྐབས་ ལམ་སྒོར་ལྟབ་ཅིག་ནང་ལྷོདཔ་ད་ གདོང་ཁ་ལས་ སྣུམ་འཁོར་ཊཱག་ཅིག་གིས་ མེ་བཏེག་སྟེ་འོང་སར་ མཐོང་མི་ལས་བརྒལ་ གཞན་ག་ནི་ཡང་ མནོ་བསམ་བཏང་མ་ཚུགས་ཟེར་ཨིན་པས།
དྲན་པ་ལྷོད་པའི་སྐབས་ལས་ ཚེ་འདས་ཕོ་སྐྱེས་དེ་ བུང་མ་ཆད་པར་ སྡོད་ས་མཐོངམ་བཞིན་དུ་ ས་གནས་ཀྱི་མི་ཚུ་ལས་ ཆ་རོགས་འཚོལ་ སྡོད་པའི་བར་ན་ར་ ཤི་སོ་ཡི་ཟེར་ཨིནམ་ད་ གཞན་མི་འགྲུལ་པ་དེ་ཡང་ སྤུ་ན་གཙང་ཆུ་ལས་འགུལ་ནང་ ལས་མི་ལྟ་རྟོག་པའི་ ལཱ་འབད་མི་ཨིན་པས།
དེད་གཡོགཔ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཁོང་༣ ཆུང་ཀུའི་བསྒང་ལས་ར་ ཆ་རོགས་འཆམ་ཏོག་ཏོ་ཨིན་ཟེར་ཨིནམ་ད་ དེ་ཚེ་ནུབ་མོ་ རུ་རི་ཆུ་ལུ་ གློག་མེའི་ལས་བྱེདཔ་ཚུ་ བསྐྱལ་ཏེ་ ལོག་འོང་པའི་སྐབས་ ཁོང་༢ ཕྱད་དེ་ བཙུགས་འབག་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དེད་གཡོགཔ་དེ་ དེ་བསྒང་ ཆང་འགྲངས་སོ་ནུག་ཟེར་ཨིནམ་ད་ ཁོང་གིས་སླབ་མིའི་ནང་ སྣུམ་འཁོར་དེ་ མགུ་མཇུག་སློག་འགྱོ་བའི་སྐབས་ ཚེ་འདས་ཕོ་སྐྱེས་དེ་ སྣུམ་འཁོར་གྱི་སྒོ་སྒྲིག་ནང་ལས་ གཟུགས་ཕྱེད་ཀ་ ཕྱི་ཁར་ཐོན་ཡར་སོཔ་ འོང་ནི་མས་ཟེར་ཨིན་པས།
དུས་ཅི་ རྫོང་ཁག་དེ་ནང་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་ མི་གྲངས་༨ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༥ པའི་ཚེས་༣ གྱི་ཉིན་མ་ ཁྲིམས་སྲུང་འགག་པ་གིས་ སྤུ་ན་གཙང་ཆུ་ལས་ མི་རོ་ཅིག་བཏོན་མི་དེ་ རྒྱ་གར་ ཨོ་རི་ས་ལས་ཨིན་མི་ ཕོ་སྐྱེས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ད་ ཚེ་འདས་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ཁག་འབགཔ་ རྒྱ་གར་ ཇེ་པི་ལས་སྡེ་ནང་ ལཱ་འབད་མི་ཅིག་ཨིནམ་ད་ ཚེ་འདས་ཕོ་སྐྱེས་དེ་ ལཱ་འབད་སའི་ ས་ཁོངས་ནང་ལས་ བྱང་སྟོང་ཤོར་ཏེ་ ཟླཝ་༢ དེ་ ལང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༢ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ ལས་སྡེའི་ལས་མི་ཨིནམ་སྦེ་ ཁོ་རའི་སྤུན་ཆ་ཅིག་གིས་ གཟུགས་ཁའི་གོ་ལ་ལུ་ལྟ་སྟེ་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༤ ལུ་ ད་རུང་ སྤུ་ན་གཙང་ཆུ་ནང་ལས་ ཕུངམ་ཅིག་བཏོན་མི་དེ་ ད་ལྟོའི་བར་ན་ཡང་ ངོས་འཛིན་འབད་མ་ཚུགས་པར་ཡོདཔ་ད་ ཚེ་འདས་དེ་ རྒྱ་གར་གྱི་ལས་མི་ཅིག་ ཨིནམ་འོང་ནི་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཡོདཔ་ད་ ཕུངམ་དེ་ ད་ལྟོ་ ཆུའི་མཐའ་མར་ ཡོདཔ་ཨིན་པས།
ཕུངམ་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ཆུ་བྱག་གི་ ཉེ་འདབས་ལས་ཐོབ་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་དེ་ ཇེ་པི་ལས་སྡེའི་ ལས་མི་ཨིན་པའི་ དོགས་པ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment