གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་ལུ་ དུང་དཀར་འབུབ་ཀྱིས་ བྱ་སྟབས་མ་བདེ་བའི་དཀའ་ངལ།

༦/༥/༢༠༡༣    ༉ སྐྱེས་ལོ་༣༠ ལང་མི་ སྨན་གཡོགམ་ ངག་དབང་ཆོས་འཛོམས་ཀྱིས་ ཕྱི་རུ་ཉལ་བའི་སྐབས་ལུ་ ཨ་རྟག་ར་ ནུབ་མོ་ ནདཔ་འཚབས་ཆེན་འོང་མ་བཅུག་ཟེར་ སྨོན་ལམ་བཏབ་སྟེ་ཉལ་མི་དེ་ཡང་ མོ་ར་ལོང་ནི་ལུ་ ཚེར་སྣང་སྐྱེད་དེ་མེན་པར་ འདྲོག་བྱེལ་འཐབ་ནིའི་ རྒྱུ་མཚན་སྦོམ་ཡོད་མི་ལུ་བརྟེན་ཨིན་པས།
ཚོད་བསྲེ་ལྡུམ་ར་ནང་ལས་ དུང་དཀར་འབུབ་ཚུ་ འཐུ་བཀོག་བའི་བསྒང་།


དེ་ཡང་ ངག་དབང་ཆོས་འཛོམས་དེ་ མོང་སྒར་རྫོང་ཁག་ རྒྱལ་པོའི་ཞིང་སྨན་ཁང་ཆུང་བའི་ སྨན་གཡོགམ་ཨིནམ་ལས་ གནམ་ནུབ་མོ་ནདཔ་འཚབས་ཆེན་ ལྟ་བར་འགྱོཝ་ད་ མི་ལྟས་ངན་ཚུ་ལུ་ འདྲོག་བྱེལ་འཐབ་ནི་དེ་གིས་མེན་པར་ རྒྱལ་པོ་ཞིང་ལུ་ དུས་ཚོད་འ་ནེམ་ཅིག་ཁར་ མི་ལམ་དང་ མཐའ་འཁོར་ཚུ་ནང་ དུང་དཀར་འབུབ་ཚུ་གིས་ ལམ་ཁར་ཐོན་ཏེ་ ལམ་འགྱོ་མ་ཚུགས་མི་ལུ་བརྟེན་ཨིན་པས།
དུས་ཚོད་འ་ནེམ་ཅིག་ལས་ གནམ་མཁའ་ལས་ ཆར་ཆུ་འབུད་བའི་ནམ་དུས་ལུ་ རྒྱལ་པོའི་ཞིང་གི་ས་ཁོངས་ཚུ་ནང་ ལོ་བསྟར་བཞིན་དུ་ དུང་དཀར་འབུབ་ སྟོང་ཕྲག་ལས་བཅད་དེ་ ལམ་དང་ མཐའ་འཁོར་ལུ་ཐོན་དོ་ཡོདཔ་ལས་ མི་དང་སེམས་ཅན་ཚུ་ལུ་ གནོད་ཉེན་སྦོམ་ཡོདཔ་མ་ཚད་ ཤིང་ཐོག་དང་ ལོ་ཐོག་ཚུ་ལུ་ཡང་ གནོདཔ་སྦོམ་བཀལ་མི་ལུ་བརྟེན་ མི་སེར་ཚུ་གིས་ ད་ཚུན་ལུ་ ཐབས་ཤེས་ག་ནི་ཡང་ འབད་མ་ཤེས་པར་ཡོདཔ་ཨིན་པས།
དུང་དཀར་འབུབ་ཚུ་ གནམ་ཉིན་མ་ གནམ་མེད་ས་མེད་མཐོང་ནི་མེད་རུང་ ཕྱི་རུ་ཁམས་ལས་ཐོན་ཏེ་ དྲོ་པ་དང་ཕྱི་རུ་ མི་ལམ་དང་ འཁོར་ལམ་ཚུ་ འབུབ་ཀྱིས་གང་དོ་ཡོདཔ་ལས་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་བདའ་ནི་ལུ་ཡང་ ཚེར་སྣང་སྦོམ་བསྐྱེདཔ་མ་ཚད་ ཚོད་བསྲེ་ལྡུམ་ར་དང་ མེ་ཏོག་ལྡུམ་ར་ཚུ་ནང་ གནོདཔ་བཀལ་ཏེ་ མི་ཚུ་དབུགས་འགམ་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ཁྲོམ་ཁར་སྡོད་མི་ཚོང་པ་ཅིག་གིས་ སླབ་མིའི་ནང་ དུང་དཀར་འབུབ་དེ་ དར་ཁྱབ་སྦོམ་སྦེ་ར་ འགྱོ་དོ་ཡོདཔ་ལས་ ཚོད་བསྲེ་ལྡུམ་ར་ཡོད་རུང་ ཨེ་མ་ཅིག་ཡང་བཙུགས་མི་ཚུགསཔ་ལས་ ཚོད་བསྲེ་ཚུ་ ཁྲོམ་ཁ་ལས་ཉོ་དགོ་པས་ཟེར་ཨིནམ་ད་ དེ་བཟུམ་གྱི་འབུབ་དེ་ གཡུས་ཁ་ལུ་ལྷོད་སོ་པ་ཅིན་ སོ་ནམ་པ་ཚུ་གི་ལོ་ཐོག་ལུ་ གནོདཔ་སྦོམ་བཀལ་ནི་ཨིནམ་ལས་ ད་ལྟོ་ལས་ ཐབས་ཤེས་སྣ་ཚོགས་བཏོན་དགོཔ་འདུག་ཟེར་ཨིན་པས།
ཨྱོན་གྱིས་སླབ་མིའི་ནང་ འབུབ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ རྒེད་འོག་ཚུ་ནང་ཡང་ ཁྱབ་སྤེལ་འགྱོ་ནི་ཨིན་མི་ལུ་བརྟེན་ སོ་ནམ་ཐོན་བསྐྱེད་ལུ་ གནོད་པ་སྦོམ་བཀལ་ནི་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་འབད་རུང་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ འབུབ་དེ་ ཐོན་པའི་ཉིནམ་ལས་ རྩ་མེད་གཏང་ནི་ལུ་ དམིགས་གཏད་བསྐྱེད་ཅི་ཟེར་ཨིནམ་ད་ ལོ་༥ དེ་ཅིག་གི་ཧེ་མར་ འབུབ་ཐོན་པའི་བསྒང་ ཁྲོམ་ཁར་སྡོད་མི་དང་ རྒྱལ་པོ་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་གིས་ སྤྱི་རུབ་ཀྱི་ཐོག་ལུ་ དུང་དཀར་འབུབ་ སྣུམ་འཁོར་ཊག་དོས་༡ ལྷགཔ་ཅིག་ ས་འོག་ལུ་བཙུགས་ཏེ་ ཚ་བཏབ་བཞག་ཅི་ཟེར་ཨིན་པས།
ཨིན་རུང་ ལོ་བསྟར་བཞིན་དུ་ འབུབ་དེ་ དར་ཁྱབ་སྦོམ་འགྱོ་དོ་ཡོདཔ་ལས་ སློབ་གྲྭ་དང་ རྫོང་ཁག་གི་འགོ་དཔོན་ དེ་ལས་ མོང་སྒར་ཝེང་མཁར་ལ་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་བསྐྱེད་གོང་འཕེལ་ལྟེ་བ་ལས་ འགོ་དཔོན་ཚུ་འོང་སྟེ་ འབུབ་དེ་ ས་འོག་ལུ་བཙུགས་ཡོད་རུང་ ད་ཚུན་ལུ་ རྩ་མེད་རྩ་ལས་ར་བཏང་མ་ཚུགསཔ་མ་ཚད་ འབུབ་ཚུ་ ཧེང་སྐལ་ར་ མང་སུ་ཐོན་དོ་ཡོདཔ་ལས་ སྟབས་མ་བདེཝ་སྦོམ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་གྱི་འཐུས་མི་ མགོན་པོ་གིས་ སླབ་མིའི་ནང་ དུང་དཀར་འབུབ་ལུ་བརྟེན་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ གནོད་པ་ཡོདཔ་མ་ཚད་ མཐའ་འཁོར་གནས་སྟངས་ལུ་ཡང་ གནོད་པ་སྦོམ་འདུག་ཟེར་ཨིན་པས།
རྒྱལ་པོའི་ཞིང་ འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་འོག་མ་ སྐལ་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ འབུབ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སློབ་གྲྭའི་ཁ་ཐུག་ལས་འབད་རུང་ རྩ་མེད་གཏང་ནི་ལུ་རྩ་འགེངས་ཡི་ཟེར་ཨིན་པས།
འབུབ་ཚུ་ སྤྱི་ཟླ་༦ པ་དང་༧ པའི་ནང་ ཆར་ཆུ་འབབ་པའི་སྐབས་ལུ་ མང་སུ་མང་སུ་སྦེ་ཐོནམ་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུང་དཀར་འབུབ་དེ་ ད་རེས་ནངས་པ་ གླིང་མི་ཐང་ནང་ལྷོད་ཡོདཔ་མ་ཚད་ ཁྲི་ལྡང་སྦིས་དང་ ཀ་ལ་སྤོང་ གཡུས་ཚན་ཚུ་ནང་ཡང་ ལྷོད་ཡོད་པའི་ ལོ་རྒྱུས་གོ་ཡི་ཟེར་ཨིན་པས།
འབུབ་དེ་ རྩ་མེད་བཏང་དགོ་པ་ཅིན་ ཐབས་ཤེས་ཅིག་ གཞུང་ལས་ར་བཏོན་དགོཔ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ མི་སེར་ཚུ་ལུ་ གོ་བརྡའི་ལས་རིམ་ལ་སོགས་པ་ ག་ནི་ཡང་ འཐབ་ས་མ་མཐོང་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment