གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་གྱི་ ཁས་བླངས་ལུ་ རྒྱབ་སྐྱོར་ཐོབ་མི་ཚུགས་ནི་བཟུམ་ཡོདཔ།

༡༣/༥/༢༠༡༣  ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་-རམ་འཇར་འདེམས་ཁོངས་ཀྱི་ ཚོགས་རྒྱན་སྐྱུར་མི་ཚུ་ ལྷུ་ནིའི་དོན་ལུ་ ཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ གསལ་བཤད་གནང་མི་ལུ་ ངོས་ལེན་ལེགས་ཤོམ་ཅིག་ བྱུང་མ་ཚུགས་པས

 
འཇིགས་མེད་འཕྲིན་ལས་ཀྱིས་ ཁམས་དྭངས་-རམ་འཇར་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ཕྱད་པའི་བསྒང་།

དེ་ཡང་ གློག་མེ་ལས་འགུལ་གྱི་ ཡིག་ཆ་དང་འབྲེལ་བའི་ལཱ་ཚུ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ལས་ དུས་ཅིའི་ལོ་རྫོགས་ཁམས་ཅིག་ཁར་དང་ ཡང་ཅིན་ སྤྱི་ལོ་༢༠༡༤ གི་སྔ་ཆ་ལུ་ འགོ་བཙུགས་འོང་ཟེར་ གཙོ་འཛིན་གྱིས་ གསལ་བཤད་འབདཝ་ད་ དེ་ནང་འཛོམས་མི་ ཁམས་དྭངས་དང་ རམ་འཇར་ འཇམ་མཁར་རྩིས་ཏེ་ རྒེད་འོག་༦ གི་ མི་སེར་ལེ་ཤ་ཅིག་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པས།
ཁ་ཙ་དྲོ་པར་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ རྒེད་འོག་༧ གྱི་ མི་སེར་ཚུ་ལུ་ བསྐུལ་བསྒྲགས་གནང་སྟེ་ གཡང་རྩེ་ལུ་བྱོན་མི་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་འབད་བ་ཅིན་ གློག་མེ་ལས་འགུལ་ཚུ་གི་གྲས་ལས་ ཁོ་ལོང་ཆུ་ལས་འགུལ་དེ་ ལོ་ལྔའི་འཆལ་གཞི་༡༡ པའི་ ལོ་དང་པའི་ནང་ འགོ་བཙུགས་ནི་ཟེར་ཨིན་པས།
དེ་འབདཝ་ད་ མི་སེར་ཚུ་གི་དོན་ལུ་ གནས་ཚུལ་གསརཔ་ཅིག་མེནམ་ལས་ དོགས་ཟོན་ཅན་གྱི་ ཚོགས་རྒྱན་སྐྱུར་མི་ དག་པ་ཅིག་ལུ་ གསལ་བཤད་ཉན་ནི་གི་ སྤྲོ་བ་ཞན་ཡོད་པའི་ མཐོང་སྣང་བྱུང་ཡོདཔ་ད་ ཁོ་ལོང་ཆུ་ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ འགོ་བཙུགས་འོང་ཟེར་ རེ་བ་བསྐྱེད་སྡོད་ཅི་ཟེར་ ཁམས་དྭངས་ལས་ གྲོང་གསེབ་མི་སེར་ ཀུན་བཟང་བདེ་ཆེན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུགས་ནི་ཨིན་པ་ཅིན་ ང་བཅས་ལུ་ དོགས་པ་སྦོམ་ཆགས་དགོཔ་ བྱུང་མི་དེ་ཡང་ མང་སྡེ་ཆུ་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ཚུ་ མཇུག་བསྡུ་ཞིནམ་ལསརྐྱངམ་གཅིག་ འགོ་བཙུགས་ནི་བཟུམ་མཐོངམ་མས་ཟེར་ཨིན་པས།
ཁོ་ལོང་ཆུ་ལས་འགུལ་དེ་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་ནི་ཨིནམ་ ག་ར་གིས་ ཤེས་དོ་ཡོདཔ་ལས་ དེ་གིས་ སྲིད་ཚོགས་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ ཡིད་ཆེས་འདྲོངས་ཚུགས་ནི་བཟུམ་ཅིག་ མི་མཐོང་པས་ཟེར་ སྟོང་བྱང་ལས་ གྲོང་མི་ཅིག་གིས་ སླབ་ཨིན་པས།
དེ་ལས་ གཙོ་འཛིན་གྱིས་ སྲིད་ཚོགས་ཀྱི་ གཙོ་འཛིན་སྒྲིང་སྒྲིང་ཡོད་མི་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་སྦེ་ སླབ་མི་ལུ་ཡང་ ཚོགས་རྒྱན་སྐྱུར་མི་ལ་ལུ་ཅིག་ལུ་ དོགས་སྣང་བསྐྱེད་དགོཔ་ བྱུང་ཡོདཔ་ད་ གལ་སྲིད་ ང་བཅས་ཀྱིས་ སྲིད་ཚོགས་ཀྱི་ གཙོ་འཛིན་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་བཙུགས་དགོ་པ་ཅིན་ ང་བཅས་ཀྱི་ གཡུས་ཚད་ཚུ་ ཡར་རྒྱས་གངམ་འགྱོ་མི་ཚུགསཔ་འོང་ཟེར་ སྟོང་བྱང་གི་ གྲོང་མི་གཞན་ཅིག་གིས་ སླབ་ཨིན་པས།
གྲོང་གཡུས་ག་ཏེ་ར་འབད་རུང་ རྒྱལ་ཡོངས་ཚོགས་འདུའི་ནང་ མི་སེར་གྱི་ འཐུས་ཚབ་སྦེ་ འབྲེལ་གཏོགས་འབད་མི་ འདེམས་ཁོངས་ཀྱི་ འཐུས་མི་ལྕོགས་གྲུབ་ཡོད་མི་རྐྱངམ་གཅིག་གིས་ གོང་འཕེལ་འབག་འོང་ཚུགསཔ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
མདོ་གསུམ་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ཚོགས་པའི་འཛིན་ལུ་ལྟ་སྟེ་ འཐུས་མི་ལྕོགས་གྲུབ་མེད་མི་ཅིག་ བཙག་འཐུ་འབད་ནི་དེ་ ཁུངས་མི་འོང་ནི་ཨིནམ་ལས་ ཚོགས་པའི་གཙོ་འཛིན་སྒྲིང་སྒྲིང་མེད་རུང་ འདེམས་ཁོངས་ཀྱི་ འཐུས་མི་དེ་ ལྕོགས་གྲུབ་ཅན་ཡོད་མི་དེ་ར་ བཙག་འཐུ་འབད་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment