༡༣/༥/༢༠༡༣ ༉ འདས་པའི་ལོ་༢ དེ་ཅིག་ལས་ཚུར་ གཞུང་གིས་ ཤིང་དྲ་ཁང་དང་ ཤིང་ཆས་བཟོ་གྲྭ་ཁང་ཚུ་ལུ་ ཤིང་དུམ་ཚད་ཅིག་ལས་བརྒལ་ མ་བྱིན་མི་ལུ་བརྟེན་ ཤིང་དྲ་ཁང་ཆེ་བ་ཚུ་ལུ་ ཤིང་དུམ་མ་ལང་པའི་ དཀའ་ངལ་བྱུང་དོ་ཡོདཔ་ད་ དེ་ཡང་ སྤུ་ན་ཁ་ འབྲུག་ཨིན་ཊི་གེ་རེཌ་ཤིང་དྲ་ཁང་དེ་ ཤིང་དུམ་ལངམ་སྦེ་ ཐོབ་མ་ཚུགསཔ་ལས་ ཚོང་འབྲེལ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
ཤིང་དྲ་ཁང་གིས་ ནང་ཆས་ཀྱི་རིགས་བཟོ་སྐྲུན་འབད་དེ་ རྒྱལ་ཁབ་ནང་འཁོད་ལུ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་རུང་ འདས་པའི་ལོ་༢ ཀྱི་རིང་ ཤིང་དུམ་མ་ཐོབ་ནི་དེ་གིས་ ནང་ཆས་བཟོ་སྐྲུན་འབད་མི་ འཕྲུལ་ཆས་ཚུ་ མང་ཤོས་ར་ ལཱ་མེད་པར་ལུས་ཡོདཔ་ཨིན་པས།
ལས་སྡེའི་ མཉམ་འབྲེལ་འཛིན་སྐྱོང་པ་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མ་གཞི་ ཤིང་དྲ་ཁང་གི་དོན་ལུ་ ཟླཝ་རེ་ནང་ ཤིང་སི་ཨེཕ་ཊི་༡༠,༠༠༠ ལྷགཔ་ཅིག་ དགོཔ་ཨིན་རུང་ ད་རེས་ནངས་པ་ ཟླཝ་རེ་ལུ་ སི་ཨེཕ་ཊི་༡,༥༠༠ ལས་བརྒལ་ ཐོབ་ནི་མེདཔ་ བཟོ་མི་དེ་གིས་ ལཱ་ག་ཅིག་ཡང་ འབད་མི་ཚུགས་པས་ ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སི་ཨེཕ་ཊི་༡,༥༠༠ གིས་ ཉིནམ་༤ ལས་བརྒལ་ ལང་མ་ཚུགསཔ་ལས་ དེའི་ཤུལ་ལས་ གྲོང་གསེབ་ཚུ་ལས་ ཤིང་དྲ་བར་འོང་མི་ཚུ་གི་ ལཱ་འབད་དོ་ཟེར་ཨིནམ་ད་ གལ་སྲིད་ གྲོང་གསེབ་ཀྱི་ཤིང་ དྲ་མི་མེད་པ་ཅིན་ ལས་བྱེདཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ཡང་ ལང་མ་ཚུགས་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཤིང་དུམ་ཚུ་ ལངམ་སྦེ་འཐོབ་པ་ཅིན་ ལས་སྡེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ནང་ཆས་ཀྱི་རིགས་ག་ར་ བཀྲམ་སྤེལ་འབད་ཚུགས་པའི་ འོས་འབབ་ཡོད་རུང་ ད་རེས་ སྤུ་ན་ཁ་དང་ དབང་འདུས་ཀྱི་ རེ་འདོད་ཚུ་ཡང་ གྲུབ་མི་ཚུགས་པས་ཟེར་ཨིན་པས།
ལས་སྡེ་གིས་ ཕྱིའི་རྒྱབ་ཁབ་ལས་ཐོན་མི་ ནང་ཆས་ཀྱི་རིགས་བཟུམ་སྦེ་ བཟོ་ཚུགས་དོ་ཡོདཔ་མ་ཚད་ སྒོ་སྒྲིག་གི་ཤིང་དང་ སྒོ་ དེ་ལས་ པར་ཤིང་ལ་སོགསཔ་ཚུ་ བཟོ་དོ་ཡོདཔ་ཨིན་པས།
ཟླཝ་༡ ལུ་ ཤིང་དྲ་ཁང་ཚུ་གིས་ ཤིང་དུམ་སི་ཨེཕ་ཊི་༡,༥༠༠ ལས་བརྒལ་ ཐོབ་མ་ཚུགས་པའི་ལམ་ལུགས་དེ་ ནགས་ཚལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༡ ལུ་ བཟོ་ཡོདཔ་ད་ དེ་བཟུམ་གྱི་ ལམ་ལུགས་དེ་ ཤིང་ཚུ་ཚུལ་མིན་གྱི་ཐོག་ལས་ བགོ་བཀྲམ་འབད་མི་དེ་ བཀག་ཐབས་འབད་ནིའི་ དོན་ལུ་ཨིན་ཟེར་ ལོད་སྦིས་ས་ལུ་ཡོད་པའི་ མངའ་སྡེའི་ནགས་ཚལ་གཙོ་འཛིན་ སྒོམ་ཆེན་འབྲུག་པ་གིས་ བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་བསྒང་ ཤིང་ཆས་མཁོ་མངགས་འབད་མི་ ལེ་ཤ་ཐོན་ཡོདཔ་ད་ ལ་ལུ་ཅིག་གིས་ ཤིང་དྲ་ཁང་ཚུ་ལས་ ཉོ་ཞིནམ་ལས་ གཞན་ལུ་ གོང་ཚད་མཐོ་སུ་སྦེ་ བཙོང་མི་ལུ་བརྟེན་ ལམ་ལུགས་དེ་ བཟོ་དགོཔ་ཐོན་ཡི་ཟེར་ཨིན་པས།
ལམ་ལུགས་དེ་ལུ་བརྟེན་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ཡང་ ཤིང་འབོར་ཆེ་དྲགས་སྦེ་ བཙོང་མ་ཚུགས་པའི་དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ ལས་འཛིན་གྱིས་ བསྡུ་ལེན་འབད་མི་ ཤིང་དུམ་སི་ཨེཕ་ཊི་༡༠,༢༧༢ དེ་ཅིག་ ད་ལྟོའི་བར་ན་ཡང་ བཙོང་མ་ཚུགས་པར་ཡོདཔ་ད་ ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ རིན་ཆེན་གྱིས་ སླབ་མིའི་ནང་ ཁོང་ལུ་ ཤིང་དུམ་ལངམ་སྦེ་ཡོདཔ་ལས་ བཀྲམ་སྤེལ་འབད་ནི་ལུ་ དཀའ་ངལ་མི་འཐོན་ཟེར་ཨིན་པས།
དེ་འབདཝ་ད་ ལས་འཛིན་དེ་ཡང་ ནགས་ཚལ་ལས་ཁུངས་ཀྱི་ ལམ་ལུགས་དང་བསྟུན་ ལཱ་འབད་དགོཔ་ལས་ ཤིང་ལངམ་ཡོད་རུང་ བཙོང་ནིའི་དབང་ཚད་ མེད་ཟེར་ཨིན་པས། ཤིང་དྲ་ཁང་གི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ལམ་ལུགས་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ལམ་ལུགས་དེ་ ཧེ་མ་ བཟོ་སྐྲུན་གྱི་ལཱ་འབད་མི་ ལེ་ཤ་ཡོད་པའི་སྐབས་ལུ་ བཟོ་ཡོད་རུང་ ད་རེས་ནངས་པ་ བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་མཚམས་འཇོག་འབད་མི་ལུ་བརྟེན་ ཤིང་ཆས་མཁོ་མངགས་འབད་མི་ཡང་ མངམ་མེདཔ་ལས་ དེ་བཟུམ་གྱི་ ལམ་ལུགས་དེ་ དགོཔ་ཅིག་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།
![]() |
| ཤིང་ལངམ་སྦེ་ ཐོབ་མ་ཚུགས་མི་ ཤིང་ཆས་བཟོ་གྲྭ་ཁང་། |

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:
Post a Comment