གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པའི་བསྐུལ་བསྒྲགས་ ལྕང་གླིང་མི་ཐང་ལས་ འགོ་བཙུགས་ཡོདཔ།

༡༣/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༡ དྲོ་པའི་ཆུ་ཚོད་ཕྱེད་དང་༦ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ལྕང་གླིང་མི་ཐང་གི་ ཉེ་འདབས་ལུ་ཡོད་པའི་ བརྒྱ་འཁོར་གླིང་ཁའི་ ས་ཁོངས་ནང་ལས་སྦེ་ བསྐུལ་བསྒྲགས་འགོ་འབྱེད་འབད་ཡོདཔ་ཨིན་པས།
བསྐུལ་བསྒྲགས་འགོ་འབྱེད་འབད་བའི་བསྒང་།


ས་གནས་དེ་ཁ་ལས་ འགོ་འབྱེད་འབད་མི་དེ་ཡང་ སྤྱི་ལོ་༡༨༨༥ འི་ ནང་འཁོད་དམག་འཐབ་ མཇུག་ཨིན་མི་ ལྕང་གླིང་མི་ཐང་གི་ དམག་འཐབ་དེ་ལུ་བརྟེན་ གོང་སར་ཨོ་རྒྱན་དབང་ཕྱུག་གི་ སྐུ་དབང་དེ་ རྩ་བརྟན་ཅིག་ལུ་གྱུར་ཏེ་ དེ་གི་ཤུལ་ལས་ འབྲུག་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་སྦེ་ གཞི་བཙུགས་གནང་པའི་ཤུལ་ལུ་ རྒྱལ་ཁབ་ནང་ བདེ་སྐྱིད་དང་ གོང་འཕེལ་ཚུ་ རྒྱ་ཆེ་དྲགས་སྦེ་ བྱུང་ཡོད་པའི་ རྟེན་འབྲེལ་ལུ་ གཞི་བཞག་སྟེ་ཨིན་པས།
འགོ་འབྱེད་ཀྱི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁས་བླངས་ཚུ་ འབྲུག་པའི་མི་སེར་ལུ་ སྤྲོད་པའི་ཚུལ་ལུ་ སྲིད་ཚོགས་ཀྱི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ ཁས་བླངས་ཡིག་ཆ་ཚུ་ ཨང་རྒས་ཅིག་དང་ སོ་ནམ་ཞིང་པ་ཅིག་ ཚོང་པ་ཅིག་ དེ་ལས་ བུཚ་ཆུང་ཀུ་ཅིག་ འབད་མི་ཚུ་གི་ལག་པར་ སྤྲོད་ཡོདཔ་ཨིན་པས།
འགོ་འབྱེད་དེ་ཡང་ སྟོན་པའི་སྐུ་འདྲའི་ཞབས་ས་ལས་སྦེ་ འབད་ཡོདཔ་བཞིན་དུ་ གཙོ་འཛིན་གྱིས་ དུས་ཚོད་གསརཔ་དེ་ནང་ འབྲུག་པའི་མི་སེར་ཚུ་ལུ་ དགའ་སྐྱིད་དང་ ཞི་བདེ་ དེ་ལས་ ཡར་རྒྱས་ཀྱི་ལཱ་འབད་ནིའི་ དགོས་པ་དང་པ་དེ་ ད་རིས་ སངས་རྒྱས་ཀྱི་ཞབས་ཀྱི་རྩ་བ་ལས་ འགོ་བཙུགསཔ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ རྒྱལ་ཁབ་ནང་ བདེ་སྐྱིད་ཀྱི་ལམ་ཕྱོགས་བཟང་པོ་ གཞི་བཙུགས་འབད་ནིའི་དོན་ལུ་ ས་ཁོངས་འདི་ནང་ འཛོམས་ཡོདཔ་ད་ ལྕང་གླིང་མི་ཐང་གི་ རྒྱལ་རབས་བཟང་པོའི་སྐོར་ལས་ མ་ཤེས་མི་ག་ཡང་མེད་ཟེར་ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་ མོ་རའི་སྨོན་ལམ་གཙོ་བོ་དེ་ར་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ དེ་ལས་ འདེམས་ཁོངས་༤༧ ག་རའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ བསྐུལ་བསྒྲགས་ཚུ་ བྱ་སྟབས་མ་བདེཝ་ ག་ཅི་ཡང་མ་བྱུང་པར་ ལེགས་ཤོམ་སྦེ་ འགྱོ་བཅུག་ཟེར་བའི་ སྨོན་འདུན་ཨིན་ཟེར་ཨིན་པས།
ཚོགས་རྒྱན་ཚུ་ མི་སེར་གྱི་གཞུང་ངོ་མ་དང་ བློ་གཏད་ཚུགས་པའི་གཞུང་ དེ་ལས་ འདྲོག་དགོཔ་མེད་པའི་ གཞུང་དེ་ལུ་ར་ བཙུགས་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment