གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐལ་སྐྱིད་སློབ་གྲྭའི་ སློབ་ཕྲུག་བུཚ་དང་ བུམོ་སྡེ་ཚན་༢ ཀྱིས་ མཐའ་བཅད་རྩེད་འགྲན་ནང་ ལྷོད་ཡོདཔ།

༡༠/༥/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ཆུ་རྩལ་ཁང་གི་ བཱསི་ཀེཊ་བཱོལ་རྩེད་ཐང་ནང་སྦེ་ ཐིམ་ཕུ་ཁྲོམ་སྡེའི་སློབ་གྲྭ་ཁག་གི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབདཝ་ད་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་དང་ བུམོ་སྡེ་ཚན་༢ ཆ་ར་གིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་རིས་ མཐའ་བཅད་རྩེད་འགྲན་འབད་ནི་ཨིན་པས།


སྐལ་སྐྱིད་སློབ་གྲྭའི་བུཚ་དང་ བདེ་ཆེན་ཆོས་གླིང་ འབྲིང་རིམ་སློབ་གྲྭ་འོག་མའི་བུཚ་ སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབདཝ་ད་ སྐལ་སྐྱིད་བུཚ་སྡེ་ཚན་གྱིས་ སྐུགས་༤༦ ཐོབ་ད་ བདེ་ཆེན་ཆོས་གླིང་གི་ སློབ་ཕྲུག་བུཚ་ཚུ་གིས་ སྐུགས་༤༢ ཐོབ་ཡོདཔ་ཨིན།
སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ མ་ཤེས་པར་ལུས་ཡོད་པའི་ཁར་ སྐུགས་ཐོབ་ཐངས་ཡང་ ཕན་ཚུན་སྡེ་ཚན་གཉིས་ཀྱིས་ འདྲན་འདྲ་མཚམས་སྦེ་ར་ཐོབ་ཡོདཔ་ལས་ སྤྲོ་བ་ཆེ་ཏོག་ཏོ་བྱུང་ཡོདཔ་ཨིན་པས།
ཨིན་རུང་ དུས་ཚོད་ཚང་ནི་ལུ་ དུས་ཡུན་སྐར་མ་༡ གི་ནང་ སྐལ་སྐྱིད་སྡེ་ཚན་གྱིས་ སྐུགས་༤ ཐོབ་ཡོདཔ་ལས་ གཞན་མི་སྡེ་ཚན་དེ་ ཕམ་ཁ་ལེན་དགོཔ་བྱུང་ཡི།
དེ་བཟུམ་སྦེ་ སྐལ་སྐྱིད་སློབ་ཕྲུག་བུམོ་དང་ བདེ་ཆེན་ཆོས་གླིང་ སློབ་ཕྲུག་བུམོ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བདེ་ཆེན་ཆོས་གླིང་གི་ བུམོ་ཚུ་གིས་ སྐལ་སྐྱིད་བུམོ་ཚུ་ལུ་ དོ་འགྲན་འབད་མ་ཚུགསཔ་ལས་ སྐལ་སྐྱིད་ཀྱིས་ སྐུགས་༢༤ ཐོབ་པའི་སྐབས་སུ་ བྱང་ཕྱད་ཀྱིས་ སྐུགས་༦ ལས་བརྒལ་ཐོབ་མ་ཚུགས་པས།
མུ་ཏིག་ཐང་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་བུམོ་གིས་ སྐུགས་༢༤ ཐོབ་སྟེ་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུམོ་གི་ སྡེ་ཚན་ ཕམ་བཏང་པའི་སྐབས་ སྡེ་ཚན་དེ་གིས་ སྐུགས་༡༤ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
དཔལ་འཁྱིལ་འབྲིང་རིམ་གོང་མའི་སློབ་ཕྲུག་བུཚ་སྡེ་ཚན་གྱིས་ རིན་ཆེན་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ བུཚ་སྡེ་ཚན་དེ་ ཕམ་ཡོདཔ་ཨིན་པས།
ད་རིས་ དཔལ་འཁྱིལ་སློབ་ཕྲུག་བུཚ་སྡེ་ཚན་གྱིས་ སྐལ་སྐྱིད་བུཚ་གི་སྡེ་ཚན་དང་གཅིག་ཁར་ དོ་འགྲན་འབད་ནི་དང་ སྐལ་སྐྱིད་སློབ་ཕྲུག་བུམོ་དང་ མུ་ཏིག་ཐང་སློབ་ཕྲུག་བུམོ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འབད་ནི་ཨིནམ་ལས་ རྩེད་འགྲན་དེ་ ཉི་མའི་ཆུ་ཚོད་༡ ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment