གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་འདུའི་བཙག་འཐུ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༡,༧༩༠ ཡོདཔ།

༤/༥/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ཐོ་ཡིག་ མཐའ་བཅད་བཟོ་མི་དང་འཁྲིལཝ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༣༨༡,༧༩༠ ཡོད་ས་ལས་ ཨམ་སྲུ་༡༩༣,༨༧༣ དང་ ཕོ་སྐྱེས་༡༨༧,༩༡༧ ཡོདཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ རྩིས་དཔྱད་དེ་ རྫོང་ཁག་ཚུ་ལས་ སྤྱི་ཟླ་༤ པའི་ཚེས་༡༨ ཚུན་ ཚུལ་མཐུན་གྱི་ ཐོབ་བརྗོད་དང་ དགག་ཆ་ཚུ་འབད་དེ་ བསྒྱུར་བཅོས་འབད་ཚར་བའི་ཤུལ་ལས་ བཏོན་བཏོནམ་ཨིན་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ ཚོགས་རྒྱན་བཙུགས་མི་མཐོ་ཤོས་དེ་ བསམ་རྩེ་རྫོང་ཁག་ནང་ མི་གྲངས་བསྡོམས་༤༡,༧༦༩ ཡོད་མི་དེ་ཨིནམ་ད་ དེ་གི་ཤུལ་ལས་ བཀྲ་ཤིས་སྒང་རྫོང་ཁག་ནང་ མི་གྲངས་༤༡,༥༡༠ དང་ ཉུང་ཤོས་ར་ མགར་ས་རྫོང་ཁག་ནང་༡,༨༤༢ ཡོདཔ་ཨིན་པས།
ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༡,༧༩༠ ཡོད་ས་ལས་༧༩,༦༩༨ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་ ཚོགས་རྒྱན་བཙུགས་མི་གི་ ཐོ་བཀོད་དང་ ཚོགས་རྒྱན་ས་ཁོངས་ཀྱི་བརྡ་དོན་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ མཐའ་བཅད་དེ་ཡང་ རྫོང་ཁག་གི་ ངོས་ལེན་འགོ་དཔོན་དང་ ཡང་ཅིན་ ཐིམ་ཕུའི་ བཙག་འཐུ་ཡིག་ཚང་ནང་ལས་ བརྟག་ཞིབ་འབད་ཚུགས་ནི་དང་ དོ་འགྲན་ནང་ བཅའ་མར་གཏོགས་མི་ སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ཡང་ སྤྱི་ཟླ་༥ པའི་ཚེས་༥ ལུ་ ལྷན་ཐབས་ཀྱི་དོན་ལུ་ འདྲ་བྱིན་ནི་ཨིན་པས།
འདས་པའི་བཙག་འཐུ་སྐབས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་དང་འབྲེལ་བའི་ དཀའ་ངལ་བྱུང་ནི་དེ་གིས་ འགྲེམ་ཐོག་ཚོགས་རྒྱན་མང་ཤོས་ར་ ཆ་མེད་སོང་ཡོདཔ་ལས་ དཀའ་ངལ་དེ་ སེལ་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལས་ཕར་ འགྲེམ་ཐོག་ཞུ་ཡིག་གི་ འབྲི་ཤོག་ནང་ བརྒྱུད་འཕྲིན་ཨང་ བཀོད་ནི་གི་ ས་སྟོང་བཞག་ཡོདཔ་ཨིན་པས།
དེ་ཡང་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་བཙུགས་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་འཛོལ་ཏེ་ བཙུགས་མི་ཚུ་ལུ་ རྫོང་ཁག་གི་ འབྲེལ་ཡོད་བཙག་འཐུ་འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ འཛོལ་བ་བཟོ་ཡོད་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་སྟེ་ ལོག་བཙུགས་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ལུ་ གོ་བརྡ་བཟུམ་ཅིག་སྦེ་ བཙག་འཐུའི་འགོ་དཔོན་དང་ རྫོང་ཁག་གི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ དམག་མི་ཚུ་ལུ་ ག་དེ་སྦེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ཨིན་ནའི་སྐོར་ལས་ གོ་བརྡ་བཟུམ་ཅིག་སྦེ་ འགྲེམ་ཐོག་བཙུགས་ནི་གི་ ཁྱད་དབང་ཡོད་མི་ཚུ་ལུ་ ཆ་རོགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment