གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་ཁང་འབྲིང་མ་༢ ཀྱི་བཟོ་སྐྲུན་ལུ་ སྤུས་ཚད་མེད་པའི་སྐྱོན་བརྗོད།

༤/༥/༢༠༡༣   ར་ལྡི་དང་ གཡང་གཉེར་སྨན་ཁང་༢ ཆ་རའི་ གྱང་རྩིག་གུ་ སེར་གུ་ཐོན་དོ་ཡོད་པའི་ ཉོགས་བཤད་བཀོདཔ་ཨིན་པས།
༉ བཀྲིས་སྒང་རྫོང་ཁག་ ར་ལྡི་དང་ གཡང་གཉེར་རྒེད་འོག་གཉིས་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༨.༨ བཏང་ཐོག་ལས་ བཟོ་སྐྲུན་འབད་མི་ སྨན་ཁང་འབྲིང་མ་གསརཔ་༢ ཀྱི་ སྤུས་ཚད་ལུ་ མི་སེར་ཚུ་གིས་ སྐྱོན་བརྗོད་སྦོམ་འབདཝ་ཨིན་པས།
གཡང་གཉེར་སྨན་ཁང་གི་ གྱང་རྩིག་གུ་ལས་ རྩི་ས་དང་ བྱེམ་སྦོག་འོང་མི་ཚུ།


དེ་ཡང་ རྫོང་ཁག་བདག་སྐྱོང་གིས་ བཟོ་སྐྲུན་འབད་མི་ཁག་འབགཔ་ ཇེ་ཌི་བཟོ་སྐྲུན་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ ལེགས་བཅོས་འབད་དགོ་པའི་སྐོར་ སླབ་ཡོད་རུང་ གྲོང་གསེབ་མི་སེར་ཚུ་གིས་ བཟོ་སྐྲུན་གྱི་ སྤུས་ཚད་ལུ་ ལྷག་པར་དུ་ བསྐྱར་ཞིབ་འབད་དགོཔ་སྦེ་ རྫོང་ཁག་ལུ་ སླབ་དོ་ཡོདཔ་ཨིན་པས།
ར་ལྡི་སྨན་ཁང་འབྲིང་མ་དེ་ སྒོ་འབྱེད་འབད་དེ་ ཟླཝ་༡ དེ་ཅིག་ཡང་ ང་རུང་ གྱང་རྩིག་གུ་ལས་ སེར་གུ་འཐོན་ནི་ འགོ་བཙུགས་ཡོད་ཟེར་ རི་ལྡིའི་མི་སེར་ཚུ་གིས་ སླབ་ཨིན་པས།
དེ་གིས་མ་དོ་བར་ གནམ་གཟར་གུ་ལས་ ཆར་ཆུ་ཕྲང་སྟེ་ གཡུར་བ་ནང་ མ་ཕོག་པར་ རྩིག་རྨང་ལུ་ ཕོག་དོ་ཡོདཔ་མ་ཚད་ སྨན་ཁང་གི་ ལས་བྱེད་པའི་ སྡོད་ཁྱིམ་ཅིག་ལས་ ཆརཔ་འཛགས་དོ་ཡོདཔ་ད་ ལས་བྱེདཔ་གིས་ སླབ་མིའི་ནང་ དེ་སྦེ་ཆརཔ་འཛགས་མི་དེ་གིས་ ཁྱིམ་ནང་གི་ ཅ་ཆས་ཚུ་ག་ར་ མེདཔ་བཏངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆབ་གསང་བསག་མཛོད་ཀྱི་ དཀའ་ངལ་ལུ་བརྟེན་ སྨན་ཁང་འབྲིང་མའི་ནང་ཡོད་མི་ ལས་བྱེད་པའི་ གསང་སྤྱོད་ལག་ལེན་འཐབ་ནི་དེ་ཡང་ བཀག་འཛིན་འབད་དེ་ཡོད་ཟེར་ཨིན་པས།
སྨན་ཁང་གི་ མཐའ་སྐོར་ལུ་ ལྕགས་སྐུད་རཝ་བསྒོར་མི་ཡང་ མཇུག་མ་བསྡུ་བར་ ཕྱེད་ཀ་སྦེ་ བཞག་ཡོདཔ་མ་ཚད་ སྨན་ཁང་ནང་གི་ འཐིང་གཞི་ཨེན་ཏ་ཚུ་ཡང་ སྒྲིག་ཁ་ལེགས་ཤོམ་མ་རྐྱབ་པའི་ཁར་ ནད་པའི་གསང་སྤྱོད་ནང་ གློག་ཐག་མེད་པའི་གུ་ རྡོ་དང་ འདམ་བཙོག་ཚུ་ བཀོག་མ་བཏང་པར་ ས་ཁོངས་ནང་ར་ བཞག་ནུག་ཟེར་ མི་སེར་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
དེ་ལས་ གཡང་གཉེར་སྨན་ཁང་འབྲིང་མ་དེ་ཡང་ ཇེ་ཌི་བཟོ་སྐྲུན་ལས་སྡེ་གིས་ རྐྱབ་ཡོདཔ་ལས་ བཟོ་སྐྲུན་གྱི་ སྤུས་ཚད་ལུ་ ཐོ་སྦོམ་སྦེ་ ཕོག་ནུག་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་ འཐུང་ཆུ་རྐ་ལི་ཚུ་ནང་ གློག་རྒྱུན་ཡོད་པའི་སྐོར་ སྨན་ཁང་འབྲིང་མའི་ ལས་བྱེདཔ་ཚུ་ལུ་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ སྨན་ཁང་འབྲིང་མ་བཟོ་སྐྲུན་གྱི་ ལས་མི་ཅིག་གིས་ ས་ཡོམ་རྐྱབ་པའི་སྐབས་ སྨན་ཁང་ནང་ མ་སྡོད་ཟེར་ སྨན་ཁང་གི་ ལས་བྱེདཔ་ཚུ་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ སྨན་ཁང་གི་ རྩིག་རྨང་འོག་ལས་ རྩི་ས་དང་ བྱེམ་སོ་སོར་སྦེ་ སྦོག་འོང་དོ་ཡོད་མི་ལུ་ལྟཝ་ད་ ཁག་འབགཔ་དེ་གིས་ བྱེམ་དང་ རྩི་ས་ཚུ་ ཚད་གཞི་དང་འཁྲིལ་ ལག་ལེན་མ་འཐབ་འོང་ནི་མས་ཟེར་ཨིན་པས།
རྒྱུ་སྤུས་བྱང་ཉེས་ལག་ལེན་འཐབ་མི་ལུ་བརྟེན་ སྨན་ཁང་ནང་ཡོད་མི་ ཁྲུས་གཞོང་ཚུ་ལས་ ཆུ་འཛགས་དོ་ཡོདཔ་མ་ཚད་ གནམ་པང་ནང་ ཤིང་ཆས་གསརཔ་བཙུགས་ནི་དེ་གིས་ ཐལཝ་ཚུ་ འབུད་འོངམ་མས་ཟེར་ཨིནམ་ད་ ས་རུད་ཆུང་ཀུ་ཅིག་ ཆད་འོངམ་ད་ གྱང་རྩིག་རམ་སོང་མི་དེ་ཡང་ བཅོ་ཁ་མ་རྐྱབ་པར་ཡོདཔ་མ་ཚད་ སྨན་ཁང་དང་ ལས་བྱེད་པའི་ སྡོད་ཁྱིམ་ཚུ་ནང་ རླུང་འཁོར་ཚུ་མེདཔ་ཨིན་པས།
ཨིན་རུང་ རྫོང་ཁག་བཟོ་རིག་སྡེ་ཚན་གྱིས་ སྨན་ཁང་བཟོ་སྐྲུན་གྱི་ སྤུས་ཚད་ཚུ་ལུ་ དཀའ་ངལ་སྦོམ་ཅིག་མིན་འདུག་ཟེར་ སླབ་ཡོདཔ་ད་ སྐྱོན་ཕྱམ་ཕྱིམ་ཡོད་མི་ཚུ་ ལེགས་བཅོས་འབད་དགོཔ་སྦེ་ ཁག་འབགཔ་ལུ་ སླབ་སྟེ་ཡོད་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཇེ་ཌི་བཟོ་སྐྲུན་གྱི་ཇོ་བདག་ ཀུན་ལེགས་ཀྱིས་ བཟོ་སྐྲུན་ནང་ སྐྱོན་ཡོད་མི་ཚུ་ ལེགས་བཅོས་འབད་དགོ་པའི་ བརྡ་བསྐུལ་ཐོབ་ཅི་ཟེར་ཨིནམ་ད་ ར་སྡི་སྨན་ཁང་གི་ཐོག་ལུ་ ལེགས་བཅོས་འབད་ནི་ འགོ་བཙུགས་ཡོད་ཟེར་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྨན་ཁང་གཉིས་ཆ་རའི་ སྤུས་ཚད་ལུ་ ཉམས་ཆག་བཀལ་བཀལཝ་མེད་ཟེར་ཨིནམ་ད་ གྱང་རྩིག་གུ་ སེར་གུ་ཐོན་མི་ཚུ་ རྩི་སའི་ཁྱིམ་ཚུ་ནང་ སྤྱིར་བཏང་གི་ དཀའ་ངལ་ཅིག་ཨིན་ཟེར་ སླབ་ཨིན་པས།
ལོ་ངོ་༡ གི་ནང་འཁོད་ལུ་ བཟོ་སྐྲུན་དང་འབྲེལ་བའི་ དཀའ་ངལ་ག་ཅི་ར་བྱུང་རུང་ ང་གིས་ བཅོ་ཁ་རྐྱབ་འོང་ཟེར་ ཀུན་ལེགས་ཀྱིས་ བཤད་པའི་ཁར་ གཡང་གཉེར་སྨན་ཁང་གི་ གྱང་རྩིག་གུ་ སེར་གུ་སྦོམ་ཐོན་ཡོད་མི་དེ་ཡང་ ལོག་བཟོ་འོང་ཟེར་ སླབ་ཨིན་པས།
ར་སྡི་དང་ གཡང་གཉེར་གྱི་ མི་སེར་ཚུ་གིས་འབད་བ་ཅིན་ སྨན་ཁང་དེ་གཉིས་ཀྱི་ སྤུས་ཚད་ལུ་ ཐོ་ཕོག་མིའི་ འགན་འཁྲི་དེ་ ས་ཁོངས་བཟོ་རིག་འགོ་དཔོན་དང་ ཁག་འབགཔ་ལུ་ བཀལ་དགོ་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment