གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་ངོ་བཅུ་ཕྲག་གི་ཤུལ་ལས་ ཤར་ཕྱོགས་ཡུ་ནའི་ཊེཌ་གིས་ རྒྱལ་རྟགས་ཐོབ་ཡོདཔ།

༤/༥/༢༠༡༣  ༉ འབྲུག་མདའ་རྩེད་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་རྟགས་ཀྱི་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ ཤར་ཕྱོགས་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།

ཆོད་མདའ་རྐྱབ་པའི་ཤུལ་ལས་ ལེགས་པས་འཐེན་ཏེ་ འབའ་སྐྱོར་ནང་ སྐུགས་ཆོད་པར་འགྱོ་བའི་བསྒང་།

འབྲུག་རྒྱལ་གསུམ་པའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་བའི་ ཉིནམ་དང་འབྲེལ་ མི་དབང་འབྲུག་རྒྱལ་༣ པ་ རྗེས་དྲན་གྱི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ ཤར་ཕྱོགས་ཡུ་ནའི་ཊེཌ་དང་ ཕྱག་རི་བཙན་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་ཀྱི་རྩེད་འགྲན་འབདཝ་ད་ ཉིནམ་དང་པའི་ནང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་ རྩེད་འགྲན་འབད་ཡི།
ཉིནམ་དང་པའི་ནང་ ཕྱག་རི་བཙན་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ཆོད་ཡོད་རུང་ སྐུགས་༢ པ་དེ་ སྡེ་ཚན་ག་གིས་ཡང་ ཆོད་མ་ཚུགསཔ་ ཨིན་པས།
འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཤར་ཕྱོགས་ཡུ་ནའི་ཊེཌ་གིས་ སྐུགས་༢ པ་ཆོད་དཔ་ལས་ སྐུགས་༣ པའི་དོན་ལུ་ ག་ཐོབ་རྐྱབ་དགོཔ་བྱུང་ཡི།
ཉིནམ་ཅིག་གི་ དབང་རྟ་དང་རླུང་རྟ་ལུ་བརྟེན་༢༠༡༣ གྱི་རྒྱལ་རྟགས་གསོལ་རས་འདི་ ཤར་ཕྱོགས་ཡུ་ནའི་ཊེཌ་གིས་ ཐོབ་ཅི།
ཨང་དང་པ་ལུ་ ཁྱེགས་སྒྲོམ་རེ་རེ་དང་ ཨང་༢ པ་ལུ་ རྒྱང་མཐོང་ཊི་བི་རེ་རེ་ དེ་ལས་ ལག་ཁྱེར་ཚུ་ བྱིན་ཡི།
གསོལ་རས་ཐོབ་མིའི་གྲངས་སུ་ ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་ཕོག་མི་ ཆོས་བཟང་དང་ མདའ་ཡ་མཐོ་ཤོས་ཕོག་མི་ ཕྱག་རྒྱས་དབང་འདུས་ དེ་ལས་ དོབ་སྦྱེལ་མཐོ་ཤོས་ཕོག་མི་ ཚེ་རིང་དཔལ་འབྱོར་ཚུ་ལུ་ ཊི་བི་ཨིན་ཅི་༢༡ འབད་མི་རེ་ བྱིན་ཡི།
བཀག་རེག་མཐོ་ཤོས་ཕོག་མི་ བསོད་ནམས་རྡོ་རྗེ་ལུ་ ཨིན་ཅི་༣༠ འབད་མི་ཊི་བི་དང་ མཐའ་བཅད་རྩེད་འགྲན་ལས་ མདའ་རྩེདཔ་དྲག་ཤོས་ སྲིད་ཐར་ཚེ་རིང་ལུ་ ཨིན་ཅི་༢༡ འབད་མི་ ཊི་བི་རེ་རེ་བྱིན་ཡི།
ཤར་ཕྱོགས་ཡུ་ནའི་ཊེཌ་སྡེ་ཚན་གྱི་ མདའ་རྩེདཔ་སངས་རྒྱས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༤ ལས་འགོ་བཙུགས་ཏེ་ འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོད་རུང་ དུས་ཅི་མ་གཏོགས་ རྒྱལ་རྟགས་ཀྱི་གསོལ་རས་ཐོབ་མིའི་གྲངས་སུ་ ཚུད་མ་ཚུགས་ཟེར་ ཨིན་པས།
འགོ་འདྲེན་འཐབ་མིའི་ཁ་ཐུག་ལས་འབད་བ་ཅིན་ རྩེད་འགྲན་འབད་མི་ ག་ར་གིས་ རང་སོའི་ལྕོགས་གྲུབ་དང་བསྟུན་ཏེ་ རྩེད་འགྲན་འབད་ཡོདཔ་མ་ཚད་ རང་ལུགས་སྤག་ཤིང་གི་མདའ་རྩེད་ནང་ བཅའ་མར་གཏོགས་མི་དེ་ ལོ་གཅིག་བ་གཅིག་ ཡར་ཕར་འགྱོ་དོ་ཡོད་པའི་བརྡ་མཚོན་སྟོནམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment