གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཁྲོམ་སྡེའི་ སློབ་གྲྭ་ཁག་༡༣ གྱི་བར་ན་ བཱསི་ཀེཊ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་ཡོདཔ།

༩/༥/༢༠༡༣   ༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཐིམ་ཕུ་ཁྲོམ་སྡེ་ནང་འཁོད་ སློབ་གྲྭ་ཁག་གི་བར་ན་ ལག་རྩེད་བཱསི་ཀེཊ་བཱོལ་ འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ ཁ་ཙ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་བུཚ་དང་ བུམོ་གི་སྡེ་ཚན་གྱིས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་དང་ བུམོ་གི་སྡེ་ཚན་ཕམ་བཏང་ཡི།
ན་གཞོན་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་དོན་ལུ་ རྩེད་འགྲན་འབད་བའི་བསྒང་།


རྒྱལ་ཁ་ཐོབ་མི་ སློབ་ཕྲུག་བུཚ་དང་ བུམོ་གི་སྡེ་ཚན་༢ ཀྱིས་ མཐའ་བཅད་འོག་མའི་ནང་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ བདེ་ཆེན་ཆོས་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུཚ་དང་ བུམོ་སྡེ་ཚན་༢ དང་གཅིག་ཁར་ ད་རིས་ རྩེད་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭ་གོང་མའི་ བུཚ་སྡེ་ཚན་གྱིས་ རིན་ཆེན་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ བུཚ་དང་གཅིག་ཁར་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་དང་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ བུམོ་གི་སྡེ་ཚན་གྱིས་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུམོ་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་ དཔལ་འབྱོར་རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ ནང་འཁོད་སློབ་གྲྭ་ཁག་གི་བར་ན་ རྩེད་འགྲན་འབད་མི་ལས་ དྲག་ཤོས་ཐོན་མི་ སྡེ་ཚན་གྱིས་ ལུང་ཕྱོགས་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་ཨིནམ་མ་ཚད་ ལུང་ཕྱོགས་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཚུགས་པ་ཅིན་  རྒྱལ་ཡོངས་རྩེད་འགྲན་ནང་ འགྲན་བསྡུར་འབད་ནིའི་གོ་སྐབས་ འཐོབ་ཚུགས་ཟེར་ཨིན་པས།
རྩེད་འགྲན་འབད་བའི་སྐབས་དང་ རྩེད་འགྲན་འབད་ཞིནམ་ལས་ མཇུག་བསྡུ་འགྱོ་བའི་སྐབས་ལུ་ རྩེད་འགྲན་འབད་མི་སྡེ་ཚན་གྱིས་ སྒྲིག་ཁྲིམས་མེད་པའི་སྒོ་ལས་ ག་ལྷོད་འབད་མི་ལུ་ སེམས་ཕམ་སྦོམ་བྱུངམ་མས་ཟེར་ འགོ་འདྲེན་འཐབ་མི་གིས་ སླབ་ཨིན་པས།
ལོ་བསྟར་བཞིན་དུ་ འབྲུག་བཱསི་ཀེཊ་བཱོལ་ཚོགས་སྡེ་དང་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཐིམ་ཕུ་ཁྲོམ་སྡེའི་ ནང་འཁོད་སློབ་གྲྭ་ཁག་གི་བར་ན་ རྩེད་འགྲན་འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment