གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་བསྡུར་ལུ་བརྟེན་ རུ་པི་བཟོ་ནིའི་ཐབས་ལམ།

༩/༥/༢༠༡༣   ༉ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཚོང་འབྲེལ་ཚུ་གི་སྐབས་ རྒྱ་གར་གྱི་ རིན་བསྡུར་འབད་མི་ཚུ་གིས་ རུ་པི་འབག་སྟེ་ རིན་བསྡུར་ས་ཁོངས་ནང་ བཅའ་མར་གཏོགས་ཆོགཔ་ བཟོ་གནང་དགོཔ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ གྲོས་འཆར་བཙུགས་ཡོདཔ་ཨིན་རུང་ དབང་འཛིན་གྱིས་ ཚོང་འབྲེལ་ས་ཁོངས་བཟོ་ནི་སྦེ་ སླབ་མི་དེ་ལུ་ ལོག་བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།


ཚོང་འབྲེལ་ས་ཁོངས་ཟེར་མི་དེ་ ཚོང་འབྲེལ་བ་ཚུ་གིས་ དངུལ་རྐྱང་ཐོག་ལས་མེན་པར་ དངུལ་འཛིན་ཀཱཌི་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོང་འབྲེལ་འཐབ་ཚུགས་པའི་ ས་ཁོངས་ཅིག་ལུ་ སླབ་ཨིན་པས།
དབང་འཛིན་གྱིས་ འགོ་འདྲེན་ཐོག་ ལས་འཛིན་གྱི་ རིན་བསྡུར་ས་ཁོངས་ནང་ མི་སེར་གྱི་ཞབས་ཏོག་སྦེ་ ཚོང་འབྲེལ་ས་ཁོངས་ གཞི་བཙུགས་འབད་ཡོད་མི་དེ་ ད་རེས་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
ཚོང་འབྲེལ་ས་ཁོངས་ཚུ་ནང་ ཌེ་བིཊི་ ཝི་ཟ་ཀཱཌི་དང་ ཀེ་རེ་ཌིཊི་ཀཱཌི་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིནམ་བཞིན་དུ་ དེ་ལུ་བརྟེན་ ད་རེས་རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ཐོན་པའི་སྐབས་ རུ་པི་བཟོ་ཐབས་ཅིག་ཨིན་པས།
ཐབས་ལམ་དེ་ཡང་ ན་ཧིང་ དངུལ་ཁང་ལྟེ་བ་གིས་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ ཚོང་པ་ག་ར་འབད་རུང་ ཚོང་འབྲེལ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རང་སོའི་ཏི་རུ་ཚུ་ དངུལ་ཀྲམ་ལུ་ བརྗེ་སོར་འབད་དགོ་ཟེར་བའི་ གསལ་བསྒྲགས་འབད་མི་དང་འཁྲིལ་ ལས་འཛིན་གྱིས་ དེ་དང་འཁྲིལ་ཏེ་ རིན་བསྡུར་འབད་མི་ཚུགས་ཟེར་ སླབ་མི་ལུ་བརྟེན་ཏེ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབང་འཛིན་གྱི་ གསལ་བསྒྲགས་དང་འཁྲིལཝ་ད་ རྒྱ་གར་གྱི་ཚོང་པ་ཚུ་གིས་ རིན་བསྡུར་ཐོག་ ཚོང་ཆས་ཚུ་ ཉོ་ཚར་རུང་ དངུལ་ཁང་ལས་ བརྗེ་སོར་གྱི་འབྱོར་རྟགས་ཚུ་ འཐོབ་ཞིནམ་ལས་མ་གཏོགས་ ཅ་ཆས་ཚུ་ ཁོང་ལུ་སྤྲོད་ནི་མི་འོང་ཟེར་ བཀོད་མི་དེ་གིས་ རྒྱ་གར་གྱི་ཚོང་པ་ཚུ་གིས་ རིན་བསྡུར་ནང་ བཅའ་མར་གཏོསག་ནིའི་ནང་ སེམས་ཤུགས་མེདཔ་བཟོ་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་བཤད་མིའི་ནང་ ན་ཧིང་ལས་འགོ་བཙུགས་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ སྦོམ་ཐོན་ཡོདཔ་བཞིན་དུ་ ད་ལས་ཕར་ རུ་པི་ཚུ་ རིན་བསྡུར་གྱི་ལཱ་ཚུ་ལུ་བརྟེན་ རྒྱལ་ཁབ་ནང་ར་ བཟོ་ཚུགས་ནི་ལུ་དམིགས་ཏེ་ ཐབས་ལམ་དེ་ བཏོན་བཏོནམ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ རིན་བསྡུར་ཚུ་གི་སྐབས་ ཕྱི་ཁའི་ཚོང་པ་ མང་ཤོས་ཅིག་གིས་ རིན་ཚུ་ དངུལ་ཀྲམ་གྱི་ཐོག་ལས་ སྤྲོད་ཡོདཔ་ཨིན་པས།
སོ་ནམ་ཐོན་སྐྱེད་ཚོང་འབྲེལ་འགོ་འཛིན་ སངས་རྒྱས་དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ཁམས་འཚོགས་མི་ ཞལ་འཛོམས་ཀྱི་སྐབས་ དངུལ་ཁང་ལྟེ་བའི་ སྤྱི་ཁྱབ་འོག་མ་དང་ གཞན་མི་འགོ་དཔོན་ཚུ་གིས་ རིན་བསྡུར་ཚུ་གི་སྐབས་ ལྟ་རྟོགས་འབད་དེ་ དཀའ་ངལ་ཚུ་ ག་དེ་སྦེ་ར་ ཡོདཔ་ཨིན་ན་ཚུ་ བལྟ་ནི་སྦེ་ གྲོས་ཐག་བཅད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་འཛིན་གྱིས་ གནད་དོན་དེ་ལུ་ བསྐྱར་ཞིབ་ཚུ་ འབད་དོ་ཡོདཔ་ཨིན་ན་དང་ མེན་ནའི་སྐོར་ལས་ ཤེས་རྟོགས་མ་བྱུངམ་ད་ གཞི་བཙུགས་འབད་དེ་ཡོད་པའི་ ཚོང་འབྲེལ་ས་ཁོངས་ཚུ་ རིན་བསྡུར་འབད་མི་ཚུ་གིས་ ལག་ལེན་འཐབ་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
སངས་རྒྱས་དབང་འདུས་ཀྱིས་འབད་བ་ཅིན་ ཚོང་འབྲེལ་ས་ཁོངས་ཚུ་ ལག་ལེན་འཐབ་པའི་སྐབས་ འབྲུག་གི་དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་བརྗེ་སོར་གྱི་ཁྲལ་ཚུ་ བཏོགས་ནི་ཨིནམ་ལས་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་གིས་ འབྲེལ་གཏོགས་འབད་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དངུལ་འབྲེལ་གྱི་ཡོངས་བསྡོམས་དང་འཁྲིལ་ རྒྱལ་སྤྱིའི་ཞབས་ཏོག་གི་ཁྲལ་ བརྒྱ་ཆ་༣.༥ རེ་ ཕོག་འོང་ཟེར་ཨིན་པས།
འགོ་དཔོན་དེ་གིས་འབད་བ་ཅིན་ དེ་གི་དོན་ལུ་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ཐོག་ལས་ གྲོས་ཐག་མ་བཅད་ཚུན་ ཁོང་གིས་ ཁྲལ་གྱི་ཚད་གཞི་དེ་ དེ་ཅིག་སྦེ་ར་ བསྟར་སྤྱོད་འབད་དེ་ སྡོད་འོང་ཟེར་ཨིནམ་ད་ རིན་བསྡུར་ཚུ་གི་སྐབས་ དེ་ནང་བཅའ་མར་གཏོགས་མི་ རེ་རེ་གིས་ དངུལ་ཀྲམ་ས་ཡ་རེ་ སྤྲོད་དོ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་འོག་མ་ པུཤ་པ་ལཱལ་ ཆེ་ཏི་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་ས་ཁོངས་ཀྱི་ཐབས་ལམ་ བཏོན་དགོ་མི་དེ་ཡང་ གཙོ་བོ་ར་ རིན་བསྡུར་གྱི་སྐབས་ དངུལ་རྐྱང་བརྗེ་སོར་ཚུ་ མར་ཕབ་ཐོག་ ཉེན་སྲུང་ལྡན་པའི་ཚོང་འབྲེལ་ཚུ་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment