གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམག་མི་ཅིག་ སྤ་ཆུའི་ནང་ཤི་ཡོདཔ།

༠༥/༠༥/༢༠༡༣  ༉ སྤ་རོ་ཤར་པ་ འབྲུག་གི་བསྟན་སྲུང་དམག་སྡེའི་ བྱང་གསེང་༧ པའི་ དམག་མི་ཅིག་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ སྤ་ཆུའི་ནང་ ཤི་ཡོདཔ་མཐོང་ནུག།
ལོ་རྒྱུས་དང་འཁྲིལཝ་ད་ ཚེ་འདས་དམག་མི་དེ་ དམག་མི་གཞན་༣ དང་ ཉ་བཟུང་བར་ སོང་ཡོད་པའི་ དོགས་པ་ཡོད་མི་དེ་ཡང་ ནགས་ཚལ་ལྟ་རྟོག་སྡེ་ཚན་གྱིས་ དེ་ཚེ་དྲོ་པའི་ཆུ་ཚོད་༡.༣༠ ལུ་ དམག་མི་༤ ཤར་པ་རྒེད་འོག་དང་ སྦྲེལ་མཐུད་འབད་མི་ ཟམ་གྱི་སྦོ་ལོགས་ཁར་ ཉ་བཟུང་སྡོད་སར་ མཐོང་ཡོདཔ་ཨིན་པས།
 
ནགས་ཚལ་སྡེ་ཚན་གྱིས་ དམག་མི་༢ བཟུང་ཡོད་རུང་ ཚེ་འདས་དང་ དམག་མི་གཞན་དེ་ བྱོག་ཡར་སོཔ་ཨིན་པས།
ནགས་ཚལ་ལས་བྱེདཔ་ཚུ་གིས་ འཛིན་བཟུང་འབད་མི་ དམག་མི་༢ ཀྱིས་ ཆ་རོགས་གཞན་༢ ལུ་ ལོག་འོང་དགོཔ་སྦེ་ སྐད་རྐྱབ་ད་ དམག་མི་༡ ལོག་འོང་ནུག་ཟེར་ སྤ་རོ་ལས་ གནས་ཚུལ་བཤད་མི་ཅིག་གིས་ བཤད་ཡོདཔ་ད་ ཚེ་འདས་དེ་ གཙང་ཆུ་བརྒལ་ཏེ་ ཆུ་ཕར་ཁ་ཡར་སོཔ་འོང་ནི་མས་ཟེར་ མནོ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ནགས་ཚལ་གྱི་ ཁ་ཐུག་ལས་ བྱང་གསེང་འགོ་དཔོན་ཚུ་ལུ་ སྙན་ཞུ་མ་འབད་བར་ ནགས་ཚལ་འགོ་དཔོན་དང་ དམག་མི་ཚུ་གི་བར་ན་ གོ་བརྡའི་ཐོག་ བདེ་སྒྲིག་བཟོ་ཡོད་རུང་ དམག་མི་ཅིག་ གཙང་ཆུ་ནང་ཐིམ་སྟེ་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ བྱང་གསེང་འགོ་དཔོན་ཚུ་གིས་ བསྟན་སྲུང་དམག་སྡེའི་ གཙོ་ཁང་ནང་ སྙན་ཞུ་འབད་དེ་ ནགས་ཚལ་ལས་བྱེདཔ་ཚུ་ལུ་ ཚེ་འདས་དམག་མི་དེ་ རྡོ་བླུགས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལ་བ་ཅིན་ སྤ་རོའི་གསོ་བའི་འགོ་དཔོན་དང་ བསྟན་སྲུང་དམག་སྡེའི་ སྨན་བཅོས་འགོ་དཔོན་ཚུ་གིས་ ཡིག་ཚང་གཙོ་ཁང་ལས་ མདོ་འཛིན་ཅིག་གིས་ འགོ་ཁྲིད་འབད་མི་ སྤ་རོའི་ནགས་ཚལ་ལས་བྱེདཔ་དང་ ཁྲིམས་སྲུང་འགག་པ་ཚུ་ཡོད་མི་ ཆེ་མཐོའི་གནས་རིམ་གྱི་ ཞིབ་དཔྱད་སྡེ་ཚན་ངོ་འཛོམས་ཐོག་ལུ་ རོ་བརྟག་དཔྱད་འབད་བའི་སྐབས་ལུ་ ཚེ་འདས་ཀྱི་གཟུགས་ཕྱི་ནང་ལུ་ རྨ་སྐྱོན་ག་ནི་ཡང་མེད་པའི་ ངོས་འཛིན་བྱུང་པའི་ ལོ་རྒྱུས་གོ་ཡི་ཟེར་ གཅིག་གིས་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་སླབ་སྟེ་ ནགས་ཚལ་འགོ་དཔོན་ཚུ་གིས་ ག་ནི་ཡང་ སླབ་མ་བཏུབ་ཨིན་རུང་ སྤ་རོའི་གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ བརྟག་དཔྱད་སྙན་ཞུ་ཆ་མཉམ་ར་ དམག་སྡེ་ལུ་ སྤྲོད་ཡོདཔ་ལས་ ཁོང་གིས་རྐྱངམ་གཅིག་ གསོ་བའི་གྲུབ་འབྲས་ཚུ་ གསལ་སྟོན་འབད་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment