གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ལྷག་ལུས་༨ ངོ་སྤྲོད་དང་བཅས་ ཁས་ལེན་ཡི་གུ་བཙུགས་ཡོདཔ།

༦/༤/༢༠༡༣   ༉ ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ངོ་༢ ཚབ་བཙུགས་ཡོདཔ་མ་ཚད་༨ ངོ་སྤྲོད་འབད་ཐོག་ལས་ འདེམས་ངོ་༤༧ ཆ་མཉམ་ཚང་ཡོད་པའི་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་ནུག།
ནོར་བུ་རྒྱལ་མཚན། ངང་ལམ་-བདེ་ཆེན་གླིང་འདེམས་ཁོངས།



སྐྱེས་ལོ་༢༩ ལང་མི་ ནོར་བུ་རྒྱལ་མཚན་གྱིས་ པདྨ་དགའ་ཚལ་ངང་ལམ་-བདེ་ཆེན་གླིང་འདེམས་ཁོངས་ལས་ ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་དང་ མཐའ་འཁོར་རིག་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྒེར་སྡེ་ནང་ ལཱ་འབད་ཡོདཔ་ཨིན་པས།
ཚེ་དབང་སྟོབས་རྒྱས། བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས།
སྤྱི་ལོ་༢༠༡༢ ལུ་ རྒྱ་གར་ནེ་རུ་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ གཡུས་ཁར་ཕམ་གྱི་ ཆ་རོགས་འབད་དེ་སྡོད་མི་ ཚེ་དབང་སྟོབས་རྒྱས་ཀྱིས་ བཀྲིས་སྒང་རྫོང་ཁག་ བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།བསོད་ནམས་དཔལ་འབྱོར། མཁར་-གཡུ་རུང་འདེམས་ཁོངས།
སྐྱེས་ལོ་༣༡ ལང་མི་ བསོད་ནམས་དཔལ་འབྱོར་གྱིས་ པདྨ་དགའ་ཚལ་མཁར་-གཡུ་རུང་འདེམས་ཁོངས་ལས་ ཚོགས་པའི་་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོ་གིས་ དཔལ་འབྱོར་དང་ ས་ཆགས་རིག་པའི་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་པའི་ཤུལ་ལུ་ ཐིམ་ཕུ་ཇིའོ་ཊེག་ བཟོ་རིག་ནང་ ལོ་ངོ་༢ ཀྱི་རིང་ ལཱ་འབད་ཡོདཔ་ཨིན་པས།
ཀུན་ལེགས་སྒྲོལམ། ལྷོ་ཐིམ་ཕུ་འདེམས་ཁོངས།
སྐྱེས་ལོ་༢༧ ལང་མི་ ཀུན་ལེགས་སྒྲོལ་མ་གིས་ སྤྱི་ལོ་༢༠༡༠ ལུ་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཇུག་བསྡུ་བའི་ཤུལ་ལུ་ ཚོང་བསྒྲགས་ནང་ ལོ་ངོ་༡ གི་རིང་ ལཱ་འབད་ཡོདཔ་ད་ མོ་གིས་ ལྷོ་ཐིམ་ཕུ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
ངག་དབང་ཆོས་སྒྲོན། ཝམ་རོང་འདེམས་ཁོངས།
སྤྱི་ལོ་༢༠༡༡ ལུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་བའི་ཤུལ་ལས་ བཙག་འཐུ་ལྷན་ཚོགས་དང་ རྒྱལ་ཡོངས་གནས་སྡུད་ནང་ ལཱ་འབད་ཡོད་མི་ སྐྱེས་ལོ་༣༡ ལང་མི་ ངག་དབང་ཆོས་སྒྲོན་གྱིས་ བཀྲིས་སྒང་ཝམ་རོང་འདེམས་ཁོངས་ལས་ ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།པདྨ་དབྱངས་འཛོམས། བར་མཚམས་-གཤོང་ཕུག་འདེམས་ཁོངས།
སྐྱེས་ལོ་༢༨ ལང་མི་ པདྨ་དབྱངས་འཛོམས་ཀྱིས་ བཀྲིས་སྒང་བར་མཚམས་-ཤོང་ཕུག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ མོ་ ཚོགས་པ་དེ་ནང་ མ་འཛུལ་བའི་ཧེ་མར་ ཚོང་བསྒྲགས་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ཨིན་པས།པདྨ་དབང་ཕྱུག། ཁ་སྟོད་-ལ་ཡ་འདེམས་ཁོངས།
པདྨ་དབང་ཕྱུག་གིས་ ནང་པའི་རིག་གཞུང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་པའི་ཤུལ་ལུ་ བརྡ་བརྒྱུད་ནང་ ལཱ་འབད་ཡོདཔ་ད་ ཁོ་གིས་ ཚོགས་པའི་འདེམས་ངོ་སྦེ་ མགར་ས་ཁ་སྟོད་-ལ་ཡ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།

བཀྲིས་ཕུན་ཚོགས། དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས།
འདེམས་ངོ་རྣམ་རྒྱལ་དབང་མོ་གི་ ཚབ་སྦེ་བཙུགས་མི་ སྐྱེས་ལོ་༢༦ ལང་མི་ བཀྲིས་ཕུན་ཚོགས་ཀྱིས་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༠༨ ལས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་གི་ སྤྲོ་བ་བསྐྱེད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ལུ་ རྒྱ་གར་སི་ཀིམ་ མ་ནི་པཱལ་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།

ཕྱག་རྡོར་རྣམ་རྒྱལ། ཨ་ཐང་-ཐད་ཚོ་འདེམས་ཁོངས།
འདེམས་ངོ་ཚེ་རིང་ཕུན་ཚོགས་ཀྱི་ཚབ་ སྐྱེས་ལོ་༣༤ ལང་མི་ ཕྱག་རྡོར་རྣམ་རྒྱལ་གྱིས་ དབང་འདུས་ཕོ་བྲང་ཨ་ཐང་-ཐད་ཚོ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ཡོདཔ་ཨིན་པས།
ཕྱག་རྡོར་རྣམ་རྒྱལ་གྱིས་ སྤྱི་ལོ་༢༠༠༨ ལུ་ རྒྱ་གར་ནུབ་བེང་གཱལ་ལས་ རྩིས་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ལྟ་བཤལ་ལམ་སྟོན་པ་དང་ ཁག་འབག་གི་ སློབ་དཔོན་སྦེ་ སྡོད་ཡོདཔ་ཨིན་པས།
སྐལ་བཟང་ཆོས་སྒྲོན། སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས།
སྐྱེས་ལོ་༢༨ ལང་མི་ སྐལ་བཟང་ཆོས་སྒྲོན་གྱིས་ མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ལས་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ མོ་གིས་ ཀམ་པུས་ཊར་ལག་ལེན་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་པའི་ཤུལ་ལུ་ སྤ་རོ་ འབྲུག་ཕྱགས་སྙིགས་ཀྱི་ འགོ་དཔོན་སྦེ་ ལཱ་འབད་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment