གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྨགཔ་དང་གནས་ཚང་ལུ་ བཙོན་ཁྲིམས་ལོ་༤ རེ་བཀལ་ཡོདཔ།

༡༠/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༨ ལུ་ ཀྲོང་གསར་ཁྲིམས་འདུན་གྱིས་ ཁོང་རའི་དི་བུ་༣ གྱི་དོན་ལུ་ མི་ཁུངས་རྫུས་མ་ བཟོ་མི་ལུ་བརྟེན་ སྐྱེས་ལོ་༦༩ ལང་མི་ ཕོ་སྐྱེས་ཅིག་དང་ སྐྱེས་ལོ་༤༢ ལང་མི་ ཁོ་རའི་གནས་ཚང་༢ ལུ་ བཙོན་ཁྲིམས་ལོ་༤ རེ་ བཀལ་ཡོདཔ་ཨིན་པས།


ཕོ་སྐྱེས་དེ་ ཀྲོང་གསར་ནུབ་སྦིས་རྒེད་འོག་ལས་དང་ གནས་ཚང་དེ་ གསར་སྤང་ལས་ཨིན་པས།
བཟའ་ཚང་དེ་གིས་ སྐྱེས་ལོ་༢ ལས་ ༡༡ ཚུན་འབད་མི་ ཨ་ལུ་ཚུ་ ཁོང་ར་གཉིས་ཀྱི་བུ་གཞི་ ངོ་མ་ཨིནམ་སྦེ་ སླབ་ཡོདཔ་ད་ ཨ་ལུ་༣ གྱི་ཨའི་ངོ་མ་དེ་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་དེ་དང་ མོ་རའི་ རྨགཔ་བགྲེསཔ་གི་ ཨ་ལུ་ཨིནམ་ད་ ཨའི་དེ་ལུ་ཡང་ ངོ་སྤྲོད་ལག་ཁྱེར་ མེདཔ་ཨིན་པས།
ཨ་ལུ་༣ གྱི་ཨའི་དང་ ཨ་པ་༢ ཆ་ར་ལུ་ ངོ་སྤྲོད་ལག་ཁྱེར་མེདཔ་བཞིན་དུ་ ཉེས་ཅན་ཨམ་སྲུ་དེ་དང་ ཕོ་སྐྱེས་དེ་༢ ཀྱིས་ ཨ་ལུ་ཚུ་ ཁོང་གི་ཨ་ལུ་ཨིནམ་བཟོ་སྟེ་ ངོ་སྤྲོད་ལག་ཁྱེར་ བཟོ་ཡོདཔ་ཨིན་པས།
ཉེས་པ་དེ་ བཙོན་ཁྲིམས་ཉུང་ཤོས་ ལོ་༣ དང་ མཐོ་ཤོས་ལོ་༥ འི་འོག་རྒྱུ་ཕོག་ནི་ཨིན་པའི་ ཉེས་ཆེན་དབྱེ་རིམ་༤ པའི་ནང་ ཚུད་དོ་ཡོདཔ་ད་ རྩོད་གཞི་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ཁྲིམས་འདུན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཀྲོང་གསར་ཁྲིམས་མདུན་གྱི་ དྲང་དཔོན་བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཨ་ལུ་ཚུ་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ཆ་མེད་གཏང་ནི་ཨིན་ན་མེན་ན་ཚུ་ ནང་སྲིད་ལྷན་ཁག་འོག་གི་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ལག་པར་ ཨིན་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment