གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ ནང་འཁོད་གཉེན་རྐྱབ་སྟེ་སྡོད་མི་ ན་གཞོན་གྱི་གྱངས་ཁ་ ཡར་འཕེལ་འགྱོ་དོ་ཡོདཔ།

༡༠/༥/༢༠༡༣   ༉ ཕམ་སྤུན་ཆ་ཚུ་གི་གདོང་ཁར་ སྐྱེས་ལོ་༢༠ འབད་མི་ པ་སངས་དང་ གཡང་སྐྱིད་༢ ཀྱིས་ ག་ཏེ་འགྱོ་རུང་ ག་ཏེ་སྡོད་རུང་ མཉམ་གཅིག་སྡོད་དོ་ཡོདཔ་མ་ཚད་ ལཱ་ག་ཅི་འབད་རུང་ སེམས་མཐུན་ལུས་མཐུན་ཐོག་ལས་ འབད་དོ་ཡོདཔ་ཨིན་རུང་ ཁྲིམས་མཐུན་ཐོག་ལས་ གཉེན་རྐྱབ་སྟེ་ སྡོད་མི་ཅིག་མེན་པས།


སྤྱི་ལོ་༢༠༡༢ ཀྱི་ འབྲུག་གི་འཚོ་བའི་གནས་སྟངས་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སེམས་མཐུན་ལུས་མཐུན་མ་ཚད་ ཕམ་སྤུན་ཆ་ཚུ་གིས་འབད་རུང་ མ་བཏུབ་མེདཔ་སྦེ་ འབྲུག་གི་གཉེན་ཁྲིམས་ལྟར་དུ་ ལེགས་ཤོམ་སྦེ་ གཉེན་རྐྱབ་སྡོད་མི་དེ་ བརྒྱ་ཆ་༠.༡༢ ལས་བརྒལ་མེདཔ་ད་ གཞན་མཉམ་གཅིག་སྡོད་མི་ཚུ་ ཁྲིམས་མཐུན་ལྟར་དུ་ གཉེན་རྐྱབ་སྡོད་མི་ མིན་འདུག་ཟེར་ཨིན་པས།
བཟའ་ཚང་མཉམ་གཅིག་སྦེ་ ཁ་བསྡོམས་སྡོད་མི་༦༩༥ ཡོད་པའི་གྲས་ལས་༢༦༨ སྐྱེས་ལོ་༢༥ ལས་༢༩ འབད་མི་ཚུ་གིས་ བློ་འདོད་དང་འཁྲིལ་ སྡོད་དོ་ཡོདཔ་ད་ དེ་ནང་ སྐྱེས་ལོ་༥༠ དང་ སྐྱེས་ལོ་༡༥ ལང་མི་ཚུ་ཡང་ ཚུད་དེ་ཡོད་ཟེར་ བཀོད་དེ་འདུག།
སེམས་མཐུན་ཐོག་ སྡོད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༥༠ དེ་ཅིག་གི་རྩིས་ སྐྱེས་ལོ་༣༠ ལང་མི་ཚུ་ དགའ་མཐུན་དང་ ཨ་རོགས་དགའ་རོགས་སྦེ་ སྡོད་མི་ཚུ་ཨིན་རུང་ རྒྱལ་ཁབ་ནང་ གཉེན་རྐྱབ་སྡོད་མི་དང་ གཉེན་ཡ་བྲལ་ དེ་ལས་ རྨགཔོ་མེདཔ་སྦེ་ སྡོད་མི་ཚུ་བ་ ཉུངམ་སྦེ་འདུག་ཟེར་ འབྲུག་འཚོ་བའི་གནས་སྟངས་ཞིབ་འཚོལ་སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།
བཟའ་ཚང་བཟུམ་སྦེ་སྡོད་མི་ པ་སངས་དང་ གཡང་སྐྱིད་༢ ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཉེན་རྐྱབ་སྟེ་སྡོད་ནི་ལུ་ སྤྲོ་བ་ཡང་མེད་ཟེར་ཨིནམ་ད་ ད་ལྟོ་ བཟའ་ཚང་བཟུམ་སྦེ་སྡོད་པའི་རིང་ ལུས་སེམས་བདེ་ཏོག་ཏོ་ཡོད་མི་དེ་ གལ་སྲིད་གཉེན་རྐྱབ་སྟེ་ མ་མཐུན་པའི་རྐྱེན་ངན་རེ་ འབྱུང་པ་ཅིན་ གཉེན་ཡ་བྲལ་སྦེ་སྡོད་ནི་དེ་ མནོ་བསམ་བཏང་མི་ཚུགས་པས་ཟེར་ཨིན་པས།
རྒྱལ་ཁབ་ནང་ གཉེན་ཡ་བྲལ་སོང་མི་༡༠,༧༧༩ ཡོད་པའི་གྲས་ལས་༨,༣༣༡ དེ་ཅིག་ ཁོང་ར་རྐྱངམ་གཅིག་སྦེ་ སྡོད་དོ་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༢༥ ལས་༥༠ ལྔ་གྲངས་འབད་མི་ཚུ་ཨིནམ་སྦེ་ བཀོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༧ ལུ་ གཉེན་ཡ་བྲལ་སོང་མི་༡༠,༣༠༠ ཡོད་པའི་གྲས་ལས་ མང་ཤོས་ར་ སྐྱེས་ལོ་༢༥ ལས་༣༩ འབད་མི་ཚུ་ཨིནམ་པས།
དེ་ཡང་ ཕོ་རྐྱང་སྦེ་ལུས་མི་༧,༨༠༠ དང་ མོ་རྐྱང་༢,༥༠༠ འདུག་ཟེར་ཨིན་པས།
རྒྱལ་ཁབ་ནང་ དེ་སྦེ་གཉེན་དང་གྲོགས་ཀྱི་བར་ན་ བྱ་སྟབས་མ་བདེཝ་ཐོན་དགོ་པའི་ རྒྱུ་རྐྱེན་གཙོ་བོ་ར་ གཉེན་གྲོགས་ཀྱི་བར་ན་ ཐ་དམ་ཚིག་མ་བསྟེན་པར་ ཕོ་མོ་ག་ར་ཨིན་རུང་ གཞན་མི་ཚུ་དང་གཅིག་ཁར་ གཉེན་རྐྱབ་འགྱོ་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ དང་ཕྱདཔ་ད་ ལོ་༥ འི་ཧེ་མར་ གཉེན་ཡ་བྲལ་སོང་སྟེ་ ཕོ་དང་མོ་རྐྱང་སྦེ་ལུས་མི་དེ་ མར་བབས་སོང་ཡོདཔ་སྦེ་ བཀོད་ཡོདཔ་ད་ དུས་ཅིའི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ བཟའ་ཚང་༡,༩༡༧ དེ་ཅིག་ གཉེན་ཡ་བྲལ་སོང་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༠༧ ལུ་ བཟའ་ཚང་༣,༤༠༠ ཐོན་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ འབྲུག་འཚོ་བའི་གནས་སྟངས་ཞིབ་འཚོལ་སྙན་ཞུའི་ནང་ བཟའ་ཚང་༢༠,༤༣༦ དེ་ཅིག་ གཉེན་ཡ་བྲལ་སོང་མི་ལས་༢༦  སྐྱེས་ལོ་༡༥ ལས་༡༩ འབད་མི་ཚུ་ཨིནམ་ད་ སྤྱི་ལོ་༢༠༠༧ ལུ་ གཉེན་ཡ་བྲལ་སོང་མི་༢༥,༡༠༠ ཐོན་ནུག་ཟེར་ཨིན་པས།
གཉེན་ཡ་བྲལ་སོང་མི་ སྐྱེས་ལོ་༥༥ ལང་མི་ སངས་རྒྱས་ལྷ་མོ་གིས་ སླབ་མི་དང་འཁྲིལཝ་ད་ གཉེན་ཡ་བྲལ་སོང་བའི་ཤུལ་ལས་ ལོག་གཉེན་མ་རྐྱབ་པར་ སྡོད་མི་དེ་ཡང་ ཨ་ལུ་༥ གསོ་ནི་ཡོདཔ་ལས་བརྟེན་ཨིནམ་ད་ གལ་སྲིད་མོ་ར་ གཉེན་ལོག་རྐྱབ་པ་ཅིན་ ཨ་ལུ་ཚུ་ལུ་ དུས་ཚོད་བཏོན་ཏེ་སྡོད་ནི་ལུ་ བྱ་སྟབས་མ་བདེཝ་ འཐོན་སྲིད་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ད་ལྟོ་ གཉེན་རྐྱབ་མི་དང་ གཉེན་ཡ་བྲལ་སོང་མི་ཚུ་ལུ་ གཞི་བཞག་སྟེ་ ད་ལས་ཕར་ གཉེན་རྐྱབ་ནིའི་དུས་ཚོད་ངོ་མ་འབད་བ་ཅིན་ སྐྱེས་ལོ་༢༡ དང་ཕྱེད་ ཨིན་ཟེར་ཨིན་པས།
འབྲུག་པའི་ཕོ་སྐྱེས་ཚུ་གིས་ གཉེན་རྐྱབ་ནིའི་ ལོ་ཚད་ལས་ ལོ་༣ གྱི་ཧེ་མར་ གཉེན་རྐྱབ་དོ་ཡོདཔ་ད་ གྲོང་གསེབ་གཡུས་ཚན་ནང་འབད་བ་ཅིན་ ཕོ་སྐྱེས་ཚུ་གིས་ ཁྲོམ་སྡེ་ནང་སྡོད་མི་ ཕོ་སྐྱེས་ཚུ་དང་ཕྱདཔ་ད་ གཉེན་ཧེ་མ་རྐྱབ་དོ་ཡོདཔ་ཨིན་རུང་ ཨམ་སྲུ་ཚུ་གིས་ གྲོང་གསེབ་གཡུས་ཚན་དང་ ཁྲོམ་སྡེ་ཟེར་ དབྱེ་ཕྱེ་ནི་མེན་པར་ སྐྱེས་ལོ་༢༠ ལངམ་ད་ གཉེན་རྐྱབ་ནི་འདུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment