གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་བུ་-སྟོད་ཝང་གི་འདེམས་ངོ་ ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་འབད་ཡོདཔ།

༠༣/༠༥/༢༠༡༣ ༉ ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་ཚུ་ གཏན་འཁེལ་བཟོ་བའི་སྐབས་ སྤུ་ན་ཁ་རྫོང་ཁག་གླིང་བུ་-སྟོད་ཝང་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ ཚོགས་རྒྱན་བཙུགས་ཐོག་ལས་ ཌོག་ཊར་བསོད་ནམས་དབང་རྒྱལ་ཝང་གདམ་འཐུ་གྲུབ་ཅི།


དེ་བསྒང་ གླིང་བུ་-སྟོད་ཝང་འདེམས་ཁོངས་ནང་ལས་འོང་མི་ ཚོགས་པའི་རྒྱབ་སྐྱོར་པ་༨༡ དེ་ཅིག་གིས་ འདེམས་ངོ་༢ ལས་ ག་གདམ་ནི་ཨིན་ན་ མི་སེར་ཚུ་གིས་མེན་པར་ ཚོགས་པ་གིས་ར་ གྲོས་ཐག་བཅད་དགོཔ་སྦེ་ཞུ་ནུག།
སྤུ་ན་ཁ་ལས་ སྐྱེས་ལོ་༦༣ ལང་མི་ ལྟའུ་ཅུང་དེ་ ཁ་ཙ་ ཐིམ་ཕུ་ལུ་ འོང་མི་ཚུ་གི་གྲས་ལས་༡ ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ནང་ འོང་དགོ་མི་དེ་ཡང་ གཙོ་བོ་ར་ ཉོགས་བཤད་བཀོད་ནི་མེན་པར་ འདེམས་ངོ་གདམ་འཐུ་འབད་ནི་དེ་ ཚོགས་པ་གིས་ར་ ཐག་བཅད་གནང་དགོཔ་སྦེ་ ཞུ་བར་འོང་འོངམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལས་ འདེམས་ངོ་༢ ལས་ ཁོ་དགོ་དང་ ཁོ་མི་དགོ་ཟེར་ སླབ་དགོཔ་མེད་ཟེར་ཨིནམ་ད་ གལ་སྲིད་ མི་སེར་ཚུ་གིས་ གྲོས་ཐག་བཅད་པ་ཅིན་ ཤུལ་ལས་ མི་སེར་ཚུ་གི་བར་ན་ ཕྱོགས་རིས་འཐོན་ནི་གི་ ཚ་གྱང་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་མགྲིན་ཚབ་ བསྟན་རྒྱས་བློན་པོ་བགྲེསཔ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་མིའི་ནང་ འདེམས་ཁོངས་དེ་གི་དོན་ལུ་ འདེམས་ངོ་༢ ཆ་ར་ ལྕོགས་གྲུབ་ཅན་འབད་མི་ལུ་བརྟེན་ ཚོགས་པ་གིས་ གྲོས་ཐག་བཅད་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོདཔ་མ་གཏོགས་ དཀའ་ངལ་གཞན་ ག་ཅི་ཡང་ མ་ཐོན་ཟེར་ཨིན་པས།
འཐུས་མི་བགྲེསཔ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ འདེམས་ངོ་གདམ་འཐུ་འབད་མི་དེ་ ཚོགས་པ་གིས་  གྲོས་ཐག་བཅད་ཡོདཔ་ལས་ ཁོ་ལུ་ སེམས་ཕམ་བྱུང་དགོཔ་ ག་ཅི་ཡང་མེད་ཟེར་ཨིན་པས།
དེ་སྦེ་ འདེམས་ངོ་གཞན་ གདམ་འཐུ་འབད་དགོ་མི་དེ་ཡང་ ཚོགས་པ་གིས་ ཌོག་ཊརབསོད་ནམས་དབང་རྒྱལ་ཝང་དེ་ ང་ར་ལས་ ལྕོགས་གྲུབ་ཆེཝ་སྦེ་ མཐོང་མི་ལུ་བརྟེན་ ཨིནམ་འོང་ནི་ཨིན་རུང་ ངེ་གི་ཁ་ཐུག་ལས་ ཚོགས་པའི་དོན་ལུ་ ལཱ་འཕྲོ་མཐུད་དེ་ར་ འབད་ནི་གི་ མནོ་བསམ་ཡོད་ཟེར་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་ཨིན་པའི་གནས་ཚུལ།

            ཉི་མ་དབང་འདུས།

No comments:

Post a Comment