གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ག་ར་ཚང་ཡོདཔ།

༠༣/༠༥/༢༠༡༣  ༉ འབྲུག་ཕུན་སུམ་ཚོགས་པའི་ ལྷག་ལུས་འདེམས་ངོ་༥ ཁ་ཙ་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ སྲིད་ཚོགས་༥ གི་གྲས་ལས་ འདེམས་ངོ་༤༧ ག་ར་ཚང་མི་ སྲིད་ཚོགས་དང་པ་ཨིན་པས།


དེ་ཡང་ བཀྲིས་སྒང་བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་འདེམས་ངོ་ ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེའི་ཚབ་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་དང་ ར་སྡི་-སག་སྟེང་འདེམས་ཁོངས་ལས་ ཚོགས་དཔོན་བགྲེསཔ་ འཇིགས་མེད་ཚུལ་ཁྲིམས་ཀྱི་ཚབ་ལུ་ ཁོ་གི་བུ་ འཇིགས་མེད་ཚུལ་ཁྲིམས་ཨིན་པས།
དེ་ལས་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བགྲེསཔ་ རྣམ་རྒྱལ་དཔལ་འབྱོར་དང་ གླིང་བུ་ཁ་-སྟོད་ཝང་འདེམས་ཁོངས་ལས་ ཌོག་ཊར་བསོད་ནམས་དབང་རྒྱལ་ཝང་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཀརྨ་རྡོ་གནོན་དབང་འདུས་ཨིན་པས།

རྣམ་རྒྱལ་དཔལ་འབྱོར། དཀར་སྦྱིས་-རྟ་ལོག་འདེམས་ཁོངས།
རྣམ་རྒྱལ་དཔལ་འབྱོར།

སྐྱེས་ལོ་༤༧ ལང་མི་ ཚོགས་སྡེའི་ཁྲི་འཛིན་བགྲེསཔ་ རྣམ་རྒྱལ་དཔལ་འབྱོར་དེ་ འདེམས་ཁོངས་དེ་གི་ འཐུས་མི་བགྲེསཔ་ ཚེ་རིང་དཔལ་འབྱོར་གྱིས་ སྲིད་ཚོགས་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ དགོངས་ཞུ་་འབད་མི་དང་འཁྲིལ་ ཁོ་གི་ཚབ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
དགོན་ཤར་རི་རྒེད་འོག་ལས་ཨིན་མི་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་འབྲེལ་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ རྒྱ་གར་བེང་ག་ལཱོར་ གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་དང་ དངུལ་འབྲེལ་ནང་ གཙུག་ལག་གོང་མའི་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
རྣམ་རྒྱལ་དཔལ་འབྱོར་གྱིས་ སྤྱི་ལོ་༡༩༩༡ ལུ་ སྒེར་སྡེ་ཅིག་ནང་ ལཱ་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ དངུལ་འབྲེལ་འགོ་དཔོན་དང་ སྤྱི་ལོ་༢༠༠༣ ལུ་ ནགས་ཚལ་གོང་འཕེལ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་འབད་ སྡོད་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་མ་གཏོགས་པའི་ཧེ་མ་ འབྲུག་གློག་མེ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

ཌོག་ཊར་བསོད་ནམས་དབང་རྒྱལ་ཝང་། གླིང་བུ་ཁ་-སྟོད་ཝང་འདེམས་ཁོངས།

རྒྱལ་གཞུང་ཤེས་རིག་བཀོད་ཚོགས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོད་མི་ ཌོག་ཊར་བསོད་ནམས་དབང་རྒྱལ་ཝང་དེ་ འཐུས་མི་བགྲེསཔ་ རྣམ་རྒྱལ་དབང་ཕྱུག་གི་ཚབ་ཨིནམ་ད་ ཁོང་༢ ཆ་ར་ ལྕོགས་གྲུབ་འདྲན་འདྲ་ཡོདཔ་ མཐོང་མི་ལུ་བརྟེན་ ཁ་ཙ་ ཚོགས་པ་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཐག་བཅད་ཡོདཔ་ཨིན་པས།
ཁོ་གིས་ ནིའུ་ཡོག་ལུ་ཡོད་པའི་ ཨོགསི་ཕཱོཌི་ གཙུག་ལག་སློབ་སྡེ་ལས་ རང་བཞིན་ཐོན་སྐྱེད་སྲིད་བྱུས་དང་ འཛིན་སྐྱོང་ནང་ དགེ་བཤེས་སྦྱང་ཡོདཔ་ཨིན་པས།

འཇིགས་མེད་ཚུལ་ཁྲིམས། ར་སྡི་-སག་སྟེང་འདེམས་ཁོངས།

འདེམས་ངོ་འཇིགས་མེད་ཚུལ་ཁྲིམས་ཀྱིས་ རྒྱ་གར་མུམ་བ་ཡེ་ལས་ ཁྲིམས་ཀྱི་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ད་ ཁོ་ ཚོགས་པའི་འདེམས་ངོ་སྦེ་ བཙུགས་མི་དེ་ཡང་ ཁོ་རའི་ཨ་པ་ ཚོགས་དཔོན་བགྲེསཔ་གིས་ སྲིད་ཚོགས་ནང་ལས་ དགོངས་ཞུ་འབད་ནི་དེ་གིས་ཨིན་པས།
འཇིགས་མེད་ཚུལ་ཁྲིམས་ ཁོ་རའི་ཨ་པའི་ ས་སྟོང་བསུབས་ནིའི་ གོ་སྐབས་ཐོབ་ཡོདཔ་ད་ འགན་ཁུར་དེ་ ལཱ་ཁག་ཅིག་ འོང་ནི་ཨིན་རུང་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་སླབ་ཨིན་པས།
 

འཕྲིན་ལས་དཔལ་ལྡན་རྡོ་རྗེ། བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས།
འཕྲིན་ལས་དཔལ་ལྡན་རྡོ་རྗེ་དེ་ ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེ་གི་ཚབ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༡༩༩༧ ལུ་ བེལ་ཇི་ཡམ་ཡོ་རོ་པི་ཡཱན་ གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་འོག་མ་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།

ཀརྨ་རྡོ་གནོན་དབང་འདུས། དགེ་ལེགས་ཕུག་འདེམས་ཁོངས།

དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ གསར་སྤང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ འདེམས་ངོ་སྦེ་ ཚབ་བཙུགས་མི་དེ་ཡང་ འཐུས་མི་བགྲེསཔ་ པེ་རེམ་གུ་རུང་དེ་ གཟུགས་ཁམས་འཕྲོད་བསྟེན་ལུ་བརྟེན་ ཚོགས་པའི་འདེམས་ངོ་ལས་ དགོངས་ཞུ་འབད་ནི་དེ་གིས་ཨིན་པའི་གནས་ཚུལ།

No comments:

Post a Comment