གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞི་གཡོག་ལས་ ནམ་དགོངས་ཞུ་འབད་དགོཔ་ཨིན་ན? དེ་ལུ་ ག་གིས་ ཞིབ་དཔྱད་རྐྱབ་ཨིན་ན?

༡༣/༠༥/༢༠༡༣   ༉ ཤེས་རིག་ལྷན་ཁག་གི་ ལས་བྱེདཔ་༢ ཀྱིས་ སྲིད་དོན་ཚོགས་པ་༢ ནང་ འབྲེལ་གཏོགས་འབད་བའི་ གནད་དོན་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ བཏང་ཡོདཔ་ལས་ ལྷན་ཚོགས་ཀྱིས་ ད་རིས་ བསྐྱར་ཞིབ་འབད་ནི་ཨིན་པས།
དེ་ཡང་ འབྲུག་སྤྱིར་དབང་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱི་ འདེམས་ངོ་ཚུ་ཨིན་པའི་ ལོ་རྒྱུས་ཡོདཔ་ཨིན་པས།



བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ བློ་འདོད་ཡོད་པ་ཅིན་ རང་གི་ཡིག་ཚང་ནང་ལས་ དགོངས་ཞུ་འབད་མ་དགོཔ་ཨིན་ན་ཟེར་བའི་ དོགས་པ་དང་ དྲི་བ་བཀོད་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ ཉོགས་བཤད་༢ ལས་བརྒལ་ མ་ལྷོད་དེ་འབད་རུང་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་མང་རབས་ཅིག་གིས་ དགོངས་ཞུ་གཏན་འཁེལ་མ་འགྱོཝ་ལས་ར་ སྲིད་དོན་ཚོགས་པ་ནང་ འཛུལ་མི་དེ་ལུ་ དགོངས་ཞུ་འབད་མ་འབད་ བདེན་དཔྱད་འབད་ནི་གི་ འགན་ཁུར་དེ་ག་ལུ་ ཕོགཔ་ཨིན་ན་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ཧེ་མར་ དམིགས་བསལ་དུ་ མི་སེར་སྐུ་ཚབ་བགྲེསཔ་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ དོ་འགྲན་འབད་ནི་ཨིན་པ་ཅིན་ དགོངས་ཞུ་འབད་དགོཔ་སྦེ་ སླབ་ཡོདམི་དེ་ཡང་ དོ་འགྲན་འབད་མི་ ཆ་མཉམ་ལུ་ གོ་སྐབས་འདྲ་མཉམ་བྱིན་ཐབས་ལུ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ རྒེད་འོག་ནང་ འཛོམས་འདུ་ཚོགས་པའི་ ཉིནམ་ལས་འགོ་བཙུགས་ཏེ་ ཧེ་མ་གི་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ཡི་ཟེར་བའི་ ཡིག་ཆ་ཚུ་ ངོས་ལེན་འགོ་དཔོན་ལུ་ སྤྲོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ དགོངས་ཞུ་འབད་ཞིནམ་ལས་རྐྱངམ་གཅིག་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་གཏོགསཔ་འོང་ནི་ཨིན་མས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ འདེམས་ངོ་༢ ཀྱི་ ཉོགས་བཤད་ལྷོད་ཡོདཔ་བཟུམ་སྦེ་ འདེམས་ངོ་ལ་ལུ་ཅིག་གིས་ཡང་ དགོངས་ཞུ་འབད་མ་ཚརཝ་ལས་ར་ སྲིད་དོན་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
ལྟ་རྟོག་པ་ལ་ལུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དགོངས་ཞུ་འབད་མ་ཚརཝ་ལས་ར་ སྲིད་དོན་ཚོགས་པ་ནང་ འཛུལ་དགོ་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁས་ལེན་ཡི་གུ་བཙུགས་པའི་སྐབས་ལུ་ འདེམས་ངོ་༤༧ ག་ར་ ཚང་དགོཔ་སྦེ་ སླབ་མི་ལུ་བརྟེན་ བྱུང་བྱུངམ་འོང་ནི་མས་ཟེར་ཨིན་པས།
ལྟ་རྟོག་པ་ཅིག་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་ནང་ འདེམས་ངོ་འཚོལ་ནི་དེ་ དོ་འགྲན་ཅན་ཅིག་སྦེ་ མཐོང་ཡི་ཟེར་ཨིནམ་ད་ ཁས་ལེན་ཡི་གུ་བཙུགས་ནི་དེ་ གདོང་ཁར་ལྷོདཔ་བཞིན་དུ་ འདེམས་ངོ་ཡོད་མི་ཚུ་ བདག་འཛིན་འཐབ་ནིའི་ འགན་ཁུར་ཕོག་མི་ལུ་བརྟེན་ཏེ་ཡང་ དེ་སྦེ་ འགྱོ་འགྱོཝ་འོང་ཟེར་ཨིན་པས།
འབྲུག་གི་ ཞི་གཡོག་བཅའ་ཡིག་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ ཁ་གསལ་སྦེ་ འཁོད་དེ་ཡོད་པའི་ཁར་ སྲིད་དོན་ཚོགས་པའི་ཞལ་འཛོམས་དང་ སྲིད་ཚོགས་དང་འབྲེལ་བའི་ ལས་རིམ་ཚུ་ནང་ གྲལ་གཏོགས་མེད་པར་ སྡོད་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ བཙག་འཐུ་དང་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ ཞི་གཡོགཔ་ཚུ་གིས་ ཟླ་ངོ་༡ གི་ཧེ་མ་ལས་ ཡིག་ཚང་ནང་ ཞུ་ཚིག་བཙུགས་ཏེ་ སྙན་ཞུ་འབད་དགོཔ་ཨིན་པས།
ཞི་གཡོག་གི་ བཅའ་ཡིག་ནང་ ཞི་གཡོགཔ་ཟླ་ངོ་༡ གི་ཧེ་མ་ལས་ སྙན་ཞུ་མ་འབད་བར་ དགོངས་ཞུ་འབད་དགོཔ་ཨིན་པ་ཅིན་ ཞི་གཡོགཔ་ཚུ་གིས་ ཟླ་ངོ་༡ གི་དངུལ་ཕོགས་ ལོག་བཙུགས་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་རུང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞི་གཡོགཔ་གི་ དགོངས་ཞུའི་ཞུ་ཡིག་དེ་ ལས་སྡེ་གིས་ ངོས་ལེན་མ་འབད་ཚུན་ཚོད་ ཁོང་གིས་ སྲིད་ཚོགས་ནང་ བཅའ་མར་གཏོགས་མི་ཆོག་ཟེར་ཨིན་པས།
དེ་འབདཝ་ད་ ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ འབྲེལ་གཏོགས་འབད་ཡོདཔ་ ཤེས་རྟོགས་བྱུང་རུང་ བརྡ་བརྒྱུད་ལ་སོགས་པའི་ གྲོས་གནས་ཚུ་ནང་ལས་ གོ་རྟོགས་བྱུང་མི་དང་ ཡང་ཅིན་ ཉོགས་བཤད་བཀོད་མི་ འཐོན་པ་ཅིན་རྐྱངམ་གཅིག་ གནད་དོན་དེ་ བསྐྱར་ཞིབ་འབདཝ་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ ཁྱད་ཚད་ལྡན་པའི་ ཡིག་ཆ་ཚུ་ ནན་ཞིབ་འབདཝ་ད་ འདེམས་ངོ་ཚུ་ ཧེ་མ་ ལཱ་འབད་སའི་ ལས་སྡེ་ནང་ལས་ དགོངས་ཞུ་མ་ཞུ་ དབྱེ་དཔྱད་འབད་ནི་མེདཔ་ཨིན་པས།
དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གསརཔ་ཅིག་གི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་ལྷན་ཚོགས་ཀྱིས་ དགོངས་ཞུའི་གནད་དོན་ཚུ་ བལྟ་ནི་མེད་པ་ཅིན་ སྲིད་ཚོགས་ཚུ་ལུ་ སྔ་གོང་ལས་ བརྡ་དོན་སྤྲོད་དགོ་ཟེར་ཨིན་པས།
དེ་ལས་ ཞི་གཡོག་ལྷན་ཚོགས་ཀྱིས་ སྲིད་ཚོགས་༢ ནང་ འཛུལ་ཞུགས་འབད་མི་ ཞི་གཡོགཔ་ཚུ་ བཏོན་གཏང་ནི་གི་ གྲོས་ཐག་བཅད་པ་ཅིན་ ཁོང་གི་ སྲིད་དང་འབྲེལ་བའི་ ཚེ་གཡོག་དེ་ དེམ་ཅིག་སྦེ་ མཇུག་བསྡུ་ནི་ཨིན་མི་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ གལ་སྲིད་ མི་ངོ་ཅིག་ སྤྱི་གཡོག་དང་ ཡང་ཅིན་ ལས་འཛིན་ཅིག་ནང་ལས་ བཏོན་བཏང་བའམ་ རྩ་གྲོལ་བཏང་ཡོད་པ་ཅིན་ མི་ངོ་དེ་ བཙག་འཐུ་གྲུབ་པའི་ ཡིག་ཚང་གི་ འདེམས་ངོ་ ཡང་ཅིན་ འཐུས་མིའི་གོ་གནས་འཆང་མི་ཆོག་ནི་ཨིན་པའི་གནས་ཚུལ།

                                                                                       ཡེ་ཤེས་སྒྲོལ་མ།

No comments:

Post a Comment