གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ ཉེས་འཛུགས་ཅན་ཚུ་གིས་ མཐོ་གཏུགས་འབད་ནི།

༡༨/༠༥/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་༡༣ གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་སྦེ་ ཐག་བཏོགས་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ མོང་སྒར་རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ མཐོ་གཏུགས་བཤེར་ཡིག་ཚུ་ ཆ་མེད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ གཞི་འཛིན་འབད་མི་ལུ་བརྟེན་ཨིན་པས།
མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གཞི་དོན་དེ་ཡང་ ཚོགས་དཔོན་བགྲེསཔ་ལུ་ ཉེས་འཛུགས་ཁག་༢༣ བཀལ་མི་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་༡ ཡིག་ཆ་རྫུས་བཟོའི་ སྒྲུབ་བྱེད་མེདཔ་ལས་ ངོས་ལེན་མ་མཛདཔ་ཨིན་རུང་ བཙོན་ཁྲིམས་ཕབ་ཆག་མ་གནང་མི་ལུ་བརྟེན་ཏེ་ཨིན་ཟེར་ རྒྱབ་མི་ཆོས་གྲགས་ཀྱིས་ སླབ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཅིག་གིས་ སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་བགྲེསཔ་ལུ་ ཁོ་གི་གཡོགམོ་ ཉི་མ་བཟང་མོ་ལུ་ ས་ཆའི་དོན་ལུ་ ཞུ་ཡིག་བཟོ་སྟེ་ མིང་རྟགས་ཡང་ ཁོ་གིས་ བཀོད་ཡོད་པའི་ ཉེས་འཛུགས་འབད་ཡོད་རུང་ ཁྲིམས་ལས་ཐད་ཀར་གྱི་ སྒྲུབ་བྱེད་མེདཔ་ལས་ ངོས་ལེན་མཛད་མ་ཚུགས་རུང་ གཡོ་སྒྱུའི་ཐོག་ ས་ཆ་སྤྲོད་པའི་ ཉེས་འཛུགས་དེ་ ཕྱིར་འབུད་འབད་ཐབས་མ་བྱུང་ཟེར་ཨིན་པས།
དེ་མ་ཚད་ གཡོ་སྒྱུའི་ཉེས་འཛུགས་དེ་ཡང་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་དགོངས་དོན་ནང་ ཚུད་ནི་དེ་གིས་ ཡིག་ཆ་རྫུས་བཟོའི་ཉེས་འཛུགས་ ཕྱིར་འབུད་བཏང་རུང་ ཁྱད་པར་མེདཔ་ལས་ ཐོག་མའི་ཁྲིམས་འདུན་གྱིས་ ཚོགས་དཔོན་བགྲེསཔ་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་མི་དེ་ བསྒྱུར་ལྡོག་མེད་པར་ རང་འཇགས་སྦེ་ ངོས་ལེན་གྲུབ་ཅི་ཟེར་ དྲང་དཔོན་གྱིས་ བཤདཔ་ཨིན་པས།
དེ་ལས་ ནང་སྲིད་བློན་པོ་བགྲེསཔ་དང་ འཐུས་མི་བགྲེསཔ་༡༣ གྱིས་ཡང་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཁོང་ལུ་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ བསྒྱུར་བཅོས་ག་ནི་ཡང་མེད་པར་ འཁྲུན་ཆོད་བཏོན་ནི་དེ་གིས་ཨིན་ཟེར་ ཁོང་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ སླབ་ཨིན་པས།
རྒྱབ་མི་གིས་འབད་བ་ཅིན་ ཁོང་ལུ་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཁེ་ཕན་ཐོབ་ཐོབ་ག་ནི་ཡང་མེད་རུང་ བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ རྩ་ལས་ར་ ཁེ་རྒུད་མ་བཏུབ་ཟེར་ ཨིན་པའི་གནས་ཚུལ།

                                                                                རིག་འཛིན་དབང་ཕྱུག།

No comments:

Post a Comment