གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་སྦྲེལ་མཐུད་ལས་རིམ་གྱིས་ ཤར་ཕྱོགས་རྫོང་ཁག་༦ ལུ་ ལྷན་ཐབས།

༠༣/༠༥/༢༠༡༣ ༉ ད་ལྟོ་ཚུན་ ཚོད་བསྲེ་སྦྲེལ་མཐུད་ལས་རིམ་གྱིས་ ཤར་ཕྱོགས་རྫོང་ཁག་༦ གི་ སོ་ནམ་པ་སྡེ་ཚན་༡༠༤ ལུ་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ སོ་ནམ་པའི་ ཚོད་བསྲེ་ཐོན་སྐྱེད་ ཡར་དྲག་བཏང་ཚུགསཔ་མ་ཚད་ ཚོང་འབྲེལ་འཐབ་ནི་ལུ་ཡང་ ཁེ་ཕན་བྱུང་ཡོདཔ་ཨིན་པས།


ཚོད་བསྲེ་སྦྲེལ་མཐུད་ལས་རིམ་གྱི་ དམིགས་ཡུལ་དེ་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་བཟོ་ནི་དེ་ཨིནམ་ད་ དེ་ཡང་ ཚོད་བསྲེའི་རིགས་འཛུགས་སྐྱོང་འབད་དེ་ ཐོན་སྐྱེད་ཚུ་ ནང་འཁོད་ལུ་ཚོང་འབྲེལ་འཐབ་ནི་དང་ རྒྱལ་ཁབ་ཀྱི་ གཙུག་སྡེ་ཚུ་ནང་ བཀྲམ་སྤེལ་འབད་ནི་གིས་མ་ཚད་ གནམ་བྱཱར་ རྒྱ་གར་ཨ་སཱམ་གྱི་ ཚོང་ཁྲོམ་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནི་དེ་ཨིན་པས།
ཕྱིར་ཚོང་འཐབ་ནི་ལུ་ གཙོ་རིམ་བཟུང་མི་དེ་ཡང་ རྒྱ་གར་གྱི་ས་ཁོངས་ཚུ་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཚོད་བསྲེའི་ཐོན་སྐྱེད་ལུ་ དོ་འགྲན་བྱུང་དོ་ཡོད་པའི་ཁར་ ཚོད་བསྲེ་གི་གོང་ཚད་ཡང་ མཐོ་དྲག་སྦེ་གནས་པའི་སྐབས་ རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་ཚུགས་པ་ཅིན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི་ལུ་དམིགས་ཏེ་ རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གནམ་གཤིས་ལེགས་ཤོམ་ཡོད་པའི་གུ་ གནམ་བྱཱར་ལུ་ སྐྱེས་མི་ཚོད་བསྲེ་ཚུ་ རྒྱ་ཆེ་དྲག་སྦེ་ འཛུགས་སྐྱོང་འབད་བཅུག་སྟེ་ ཕྱིར་ཚོང་འཐབ་པ་ཅིན་ མི་སྡེ་ལུ་ ཕན་ཐོགསཔ་མ་ཚད་ རང་སོའི་འོང་འབབ་བཟོ་སྟེ་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་ཡོདཔ་ལས་ གཙོ་རིམ་བཟུངམ་ཨིན་ཟེར་ཨིན་པས།
ལས་རིམ་འདི་ལུ་བརྟེན་ ཤར་ཕྱོགས་རྫོང་ཁག་༦ གི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་ནི་གི་དོན་ལུ་ སོ་ནམ་པའི་སྡེ་ཚན་༢༡ གིས་ འགན་རྒྱ་བཟོ་ཐོག་ལས་ སློབ་གྲྭ་འགོ་བཙུགས་པའི་ཉིནམ་ལས་ གཡུས་སྒོ་ནང་ལས་ཐོན་སྐྱེད་འབད་མི་ཚོད་བསྲེ་ཚུ་ མཁོ་སྒྲུབ་འབད་དེ་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ འཛུགས་སྐྱོང་འབད་མི་ཚུ་ བསྡུ་ལེན་འབད་ཐོག་ལས་ འགན་ཁུར་འབག་སྟེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
སློབ་གྲྭའི་དོན་ལུ་ བཀྲམ་སྤེལ་གྱི་ཁས་བླངས་འབད་མི་ ཚོགས་པ་ཚུ་གིས་ ཚོད་བསྲེའི་གོང་ཚད་ ག་དེ་སྦེ་ གནས་རུང་ བཀྲམ་སྤེལ་འབད་ནིའི་ནང་ འཐུས་ཤོར་མེད་པར་ འགན་འཁྲི་ལེགས་ཤོམ་འབག་སྟེ་ བཀྲམ་སྤེལ་འབད་མི་གིས་ ཕན་ཐོགས་བྱུང་ཡོདཔ་ལས་ ལས་རིམ་དེ་ སློབ་གྲྭ་ག་རའི་ནང་ ལག་ལེན་འཐབ་ནིའི་འཆར་གཞི་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་སྡེ་ཚན་གྱིས་ ཚོད་བསྲེ་སོན་བཀྲམ་སྤེལ་འབད་མི་ཚུ་ ཚོགས་པ་དང་གཅིག་ཁར་ གོང་ཚད་བགོ་བཤའི་ཐོག་ལས་ ཉོ་སྒྲུབ་འབད་ནི་ལུ་ ཁས་བླངས་འབད་ཡོདཔ་ལས་ སོན་བཀྲམ་སྤེལ་ཐེངས་༢ འབད་མིའི་ནང་ བསྡོམས་ཀྱིས་ སོན་ཐུརམ་༧༤,༩༠༠ ལུ་ དངུལ་ཀྲམ་ས་ཡ་༡.༧ གནས་པའི་སོན་ཚུ་ སོ་ནམ་པའི་སྡེ་ཚན་༡༠༤ ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སོ་ནམ་པ་ལུ་ གྲོགས་རམ་འབད་མི་ དུས་རྒྱུན་ཚོང་བསྒྲགས་ལས་རིམ་དཔོན་ཚུ་གིས་ འབད་བ་ཅིན་ བཟའ་ཚང་ཟད་བཅུད་ལྡནམ་སྦེ་ སྤྱོད་ནིའི་དོན་ལུ་ སོན་བཀྲམ་སྤེལ་ འབད་ཡི་ཟེར་ཨིན་པས།
ཚོང་འབྲེལ་གོ་སྐབས་གོང་འཕེལ་ལས་འགུལ་གྱི་ དམིགས་དོན་དང་འཁྲིལ་བ་ཅིན་ མི་སྡེའི་སོ་ནམ་པའི་དོན་ལུ་ གཞུང་གིས་ ཞལ་འདེབས་མར་ཕབ་འབད་ནི་དང་ མི་སེར་སོ་ནམ་པ་ཚུ་ རང་མགོ་རང་འདྲོངས་སྦེ་ ཡུན་བརྟན་གནས་ཚུགསཔ་བཟོ་ནིའི་དོན་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
ཚོད་བསྲེའི་སོན་རིགས་མཁོ་སྒྲུབ་འབད་ནིའི་དོན་ལུ་ བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༡.༧༩ བྱིན་ཡོད་པའི་གྲས་ལས་ དངུལ་ཀྲམ་ས་ཡ་༠.༥༦ གནས་པའི་སོན་རིགས་ཚུ་ སོ་ནམ་པའི་སྡེ་ཚན་ལུ་ བཀྲམ་སྤེལ་འབད་མི་གིས་ སོ་ནམ་པའི་སྡེ་ཚན་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་འབད་རུང་ རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ལཱ་འབད་དོ་ཡོདཔ་ལས་ མ་འོངས་པའི་གནས་སྟངས་ལུ་ འདི་བ་དྲགཔ་དང་ འདི་བ་ལྷག་སྟེ་ ཡར་རྒྱས་གོང་འཕེལ་གཏང་ཐབས་དང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཐབས་ དེ་ལས་ རང་སོའི་མི་སྡེ་ ལྕོགས་གྲུབ་ཅན་བཟོ་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ གནས་ཚུལ་གསར་བཏོན་འབད་ཡོད་པའི་གནས་ཚུལ།

                                                                                     བཀྲིས་ཕུན་ཚོགས།

No comments:

Post a Comment