གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ འགོ་དང་པ་ ཐོ་བཀོད་ཞུ་ཡིག་བཙུགས་ཡོདཔ།

༡/༡༡/༢༠༡༢   ༉ སྲིད་ཚོགས་གསརཔ་ཚུ་གིས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་རུང་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ བྱ་སྒོའི་རིམ་པ་འོས་ལྡན་ཅིག་ ག་གིས་ཡང་ འགོ་འདྲེན་མི་འཐབ་པས་ཟེར་བའི་ གནས་སྐབས་ནང་ དང་འདོད་ཅན་གྱི་ སྲོད་ཚོགས་གསརཔ་ཅིག་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཐོ་བཀོད་ཞུ་ཡིག་ བཙུགས་ཡོདཔ་ཨིན་པས།


དེ་ཡང་ བདུན་ཕྲག་འདི་གི་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིན་མར་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ འཐུས་མི་༣ གྱིས་ གླ་འཁོར་ཅིག་ནང་འཛུལ་ཏེ་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ནང་སོང་ཞིནམ་ལས་ ཤུལ་མའི་བཙག་འཐུ་ནང་ དོ་འགྲན་གྱི་དང་འདོད་འགྲུབ་ཐབས་ལུ་ གལ་ཆེ་བའི་ བྱ་སྒོའི་རིམ་པ་དང་པ་ ཐོ་བཀོད་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ཡིག་ཆ་ཚུ་ཡང་ ཨིང་སྐད་དང་ རྫོང་ཁའི་ནང་འབད་མི་ ཚོགས་པའི་རྩ་ཁྲིམས་ཀྱི་ འདྲ་རེ་དང་ ཚོགས་པའི་ལས་རྟགས་ དེ་ལས་ ཐོ་བཀོད་ཅན་གྱི་འཐུས་མིའི་ མིང་དང་ ཡིག་ཚང་འཆང་མི་ཚུ་གི་ མིང་ཐོ་ཚུ་ ཡོདཔ་ཨིན་པས།
ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་ཀྱི་ གནས་སྐབས་གཙོ་འཛིན་གྱི་ མིང་ཐོ་དེ་ དབང་འདུས་ཕོ་བྲང་ལས་ཨིན་མི་ ཚོགས་པའི་འཐུས་མི་ སྒེར་གྱི་གྲོས་སྟོན་པ་ཅིག་ཨིན་མི་དེ་ བཀོད་ཅི་ཟེར་ཨིན་པས།
འཐུས་མི་ཚུ་གི་ ཐོ་བཀོད་ནང་ འཐུས་མི་༢༠༠ དེ་ཅིག་ རྫོང་ཁག་༢༠ དང་ འདེམས་ངོ་༤༠ གི་ནང་ལས་ རྒས་གཞོན་དང་ ཕོ་མོའི་གྱངས་ཁ་སྙོམས་ཏོག་ཏོ་སྦེ་ཡོད་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་དེ་ ཐོ་བཀོད་གྲུབ་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀའ་བཀོད་ལམ་སྟོན་དང་བསྟུན་ ཐོ་བཀོད་གྲུབ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།
ད་རེས་ ཞུ་ཡིག་བཙུགས་མི་དང་བསྟུན་ བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་གྲུབ་པའི་ ངོ་འབྱོར་མ་འབད་བའི་ཧེ་མར་ ལུགས་མཐུན་གྱི་བསྐྱར་ཞིབ་དང་ དབྱེ་དཔྱད་འབད་དགོཔ་ཚུ་ འབད་ཞིནམ་ལས་ ཚད་གཞིའི་ལམ་ལུགས་དང་ བཙག་འཐུའི་ཁྲིམས་གཞུང་གི་ དགོངས་དོན་ཚུ་དང་བསྟུན་ ཟླཝ་༡ གི་ནང་འཁོད་ལུ་ ཐོ་བཀོད་ཀྱི་ གྲོས་ཆོད་གནང་ཐོག་ལས་ མི་མང་ལུ་ གསལ་བསྒྲགས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment