གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནཱ་རོ་ཕོ་བྲང་གི་ རྒྱབ་ཁུངས་མདོར་བསྡུས།

༡༣/༡༡/༢༠༡༢   ཐུགས་སྲས་རིན་པོ་ཆེ་དང་ ཁམས་སྤྲུལ་རིན་པོ་༢ ཀྱི་ བཞུགས་གནས་ཡང་ ནཱ་རོ་ཕོ་བྲང་ནང་ཨིན་པས།

༉ རྒྱ་གར་གྱི་མངའ་སྡེ་ ལ་དྭགས་ཀྱི་ས་གནས་ཤེ་ལུ་ འབྲུག་པདྨ་དཀར་པོ་སློབ་གྲྭའི་ལྟག་ལུ་ འབྲུག་གི་ རྫོང་གཞི་བཟུམ་སྦེ་མཐོང་མི་ ནཱ་རོ་ཕོ་བྲང་དེ་ ག་ནི་བ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགསཔ་ཨིན་པས།
ཕོ་བྲང་དེ་གི་ ཉེ་འདབས་ལས་ཕར་ སྔོ་ཤིང་ཚུ་ དུམ་གྲ་རེ་ སྐྱེས་ཏེ་ཡོདཔ་ཨིན་པས།

གཟི་བརྗིད་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་མི་ ནཱ་རོ་ཕོ་བྲང་།


ཕོ་བྲང་གི་ཕྱི་ཁར་ལྟཝ་ད་ ཨ་ནེམོ་ཚུ་གི་ ན་བཟའ་དམར་སེར་ཚུ་ ཆུ་འཁྱུ་སྟེ་ སྐམ་བཞག་སར་ མཐོངམ་མ་ཚད་ བྱི་ཅུང་ནལ་ཟནམ་ཚུ་ཡང་ ལེ་ཤ་ཅིག་ར་ མཐོང་ཚུགསཔ་ལས་ སེམས་དགའ་ཏོག་ཏོ་སྦེ་ ཚོརཝ་ཨིན་པས།
ལྷ་ཁང་དེ་གི་ནང་ན་ གཡས་ཁ་ཐུག་ལུ་ ནཱ་རོ་པའི་སྐུ་འདྲ་དང་ གཡོན་ཕྱོགས་ལུ་ ཀུན་མཁྱེན་པདྨ་དཀར་པོའི་སྐུ་འདྲ་ དེ་ལས་ བར་ནང་ལུ་ རྒྱལ་དབང་འབྲུག་པ་གི་ བཞུགས་ཁྲི་ཚུ་ མཇལཝ་ཨིན་པས།
ལྷ་ཁང་དེ་ནང་ཡོད་མི་ ཨ་ནེམོ་གྲྭ་ཚང་ལས་ སྐྱེས་ལོ་༣༤ འབད་མི་ འཇིགས་མེད་ཀུན་བཟང་གིས་ སླབ་མིའི་ནང་ ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ར་ རྒྱུ་རུ་ཏོག་ལས་གྲུབ་པའི་ ནཱ་རོའི་རྒྱན་ཆ་ཁག་༦ ཡོད་ཟེར་ཨིན་པས།
དེ་ཡང་ གནམ་ལོ་སྤྲེལ་ལོ་ཚུ་གི་སྐབས་ལུ་ ལྷ་ཁང་དེ་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ ཁག་ཆེ་ཏོག་ཏོ་ཅིག་ འགོ་འདྲེན་འཐབ་ད་ རྒྱལ་དབང་འབྲུག་པ་གིས་ བཞེས་ནི་ཡོད་ཟེར་ཨིན་པས།
ནཱ་རོ་རྒྱན་དྲུག་ཚུ་ཡང་ སྙན་རྒྱན་དང་ དབུ་རྒྱན་ ཕྱག་གདུབ་ ཞབས་གདུབ་ དཔུང་རྒྱན་ དེ་ལས་ དྲ་བ་དྲ་ཕྱེད་ཚུ་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༢༠༠༤ ལུ་ གསར་བསྒྲུབས་འབད་མི་དང་བསྟུན་ དུས་སྟོན་འགོ་དང་པ་དེ་ཡང་ ལོ་དེ་ནང་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ད་རེས་ གྲྭ་ཚང་དེ་ནང་ ཨ་ནེམོ་ཞལ་གྲངས་༨༠ དེ་ཅིག་ཡོདཔ་བཞིན་དུ་ ཐུགས་སྲས་རིན་པོ་ཆེ་དང་ ཁམས་སྤྲུལ་རིན་པོ་༢ ཀྱི་ བཞུགས་གནས་ཡང་ དེ་ནང་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment