གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ལཱ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ།

༩/༥/༢༠༡༣   ༉ གཞན་དལ་གཞི་ ལོ་ལྔའི་འཆར་གཞི་༡༠ པའི་ནང་ མཐའ་ཟུར་གྱི་གཡུས་སྒོ་ ལའུ་རི་རྒེད་འོག་ལུ་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ དུས་ཡུན་ཕར་འགྱངས་འབད་ཡོདཔ་ཨིན་པས།


རིགས་གསུམ་མགོན་པའི་ཁག་འབགཔ་གིས་ བཟོ་སྐྲུན་འབད་མི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་གྱི་ལཱ་དེ་ སྤྱི་ལོ་༢༠༡༣ ཟླ་༣ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ལས་འགུལ་གྱི་ ལཱ་འབད་བའི་སྐབས་ མི་སེར་ལ་ལུ་ཅིག་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ ཕྱིར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་དྲུང་ཁག་གི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་ འཛིན་སྐྱོང་པ་ ཨོ་རྒྱན་པོ་གིས་ སླབ་མི་དང་འཁྲིལཝ་ད་ ཁག་འབགཔ་དེ་ལུ་ ལས་འགུལ་ཁག་༣ སྤྲོད་མི་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་ འཛིན་སྐྱོང་པའི་ཁ་ཐུག་ལས་ དབྱེ་དཔྱད་འབདཝ་ད་ ལའུ་རི་རྒེད་འོག་དེ་ མཐའ་ཟུར་གྱི་ས་གནས་ སྣུམ་འཁོར་ལམ་མ་ཐལ་མི་ཅིག་འབདཝ་ལས་ དཀའ་ངལ་ཐོན་ཡོདཔ་སྦེ་བཀོད་ནུག་ཟེར་ ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༢ ནང་ ལའུ་རི་རྒེད་འོག་གི་ གཡུས་སྒོའི་མི་སེར་ཚུ་གིས་ ལཱ་འབད་དེ་སྡོད་པའི་བར་ན་ར་ གཞུང་དང་ ལས་སྡེ་ཚུ་ནང་ ལཱ་གཡོག་འབད་མི་ཚུ་གིས་ ཁོང་རའི་ཕམ་ཚུ་ འུ་སྡུག་ ཐང་ཆད་དེ་ ལཱ་འབད་སར་མཐོང་མི་ལུ་བརྟེན་ བརྡ་བརྒྱུད་ཚུ་ནང་ གནས་ཚུལ་ཁྱབ་སྤེལ་འབདཝ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ལས་གཡོག་ལྷན་ཁག་ དེ་ལས་ འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་ལུ་བརྟེན་ ཟླ་ངོ་༤ དེ་ཅིག་ ལཱ་འབད་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
ལའུ་རི་རྒཔོ་པདྨ་དོན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ མི་མང་ག་ར་འབད་རུང་ ཉོགས་བཤད་མ་བཀོད་པའི་ཧེ་མར་ བརྟག་ཞིབ་ལེགས་ཤོམ་འབད་བ་ཅིན་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་ཚུགསཔ་མ་ཚད་ གཡུས་སྒོའི་ནང་ གློག་མེའི་མཐུན་རྐྱེན་ ལག་ལེན་འཐབ་ཚུགསཔ་འོང་ཟེར་ཨིན་པས།
ལཱ་ཚུ་ ཚུལ་མཐུན་སྦེ་འབད་བའི་བར་ན་ར་ ཉོགས་བཤད་བཀོད་མི་ཐོན་པ་ལུ་བརྟེན་ ཟླཝ་༤ གི་རྩིས་ ལཱ་འབད་མ་ཚུགས་པར་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།
མོམ་རིང་ཚོགས་པ་ བསོད་ནམས་རྒྱ་མཚོ་གིས་ སླབ་མི་དང་འཁྲིལཝ་ད་ ཉོགས་བཤད་བཀོད་མི་གཡུས་སྒོ་དེ་ལུ་ གཡུས་སྒོ་གཞན་མིའི་ མི་སེར་ཚུ་ སེམས་དང་མ་ལྡནམ་མ་ཚད་ གཡུས་སྒོ་དེ་ལུ་ ཁ་བཏང་མི་ཡང་ ཐོན་ཡི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཞིབ་དཔྱད་འགོ་དཔོན་དང་ ལས་གཡོག་ལྷན་ཁག་ དེ་ལས་ འབྲུག་གློག་མེ་ལས་འཛིན་ འགོ་དཔོན་ཚུ་འོང་སྟེ་ དབྱེ་ཞིབ་འབད་རུང་ ཁག་འབགཔ་དེ་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་བཅུགཔ་མ་ཚད་ གཡུས་སྒོ་དེ་གི་མི་ཚུ་གིས་ཡང་ ལཱ་འབད་བར་ འོང་ས་མཐོངམ་མས་ཟེར་ ཚོགས་པ་གིས་སླབ་ཨིན་པས།
ཁག་འབགཔ་མཆོད་རྟེན་ཚེ་རིང་གིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་གི་དོན་ལུ་ གཞུང་ལས་མ་དངུལ་ དངུལ་ཀྲམ་ས་ཡ་༢.༧༠ བྱིན་མི་དེ་ མི་སེར་ཉམ་ཆུང་ཚུ་ལུ་ སྤྲོད་ཐབས་ལུ་ ལཱ་ཡང་ ཁོང་ར་གིས་ རྒྱབ་སྐྱོར་འཚོལ་ཐོག་ལས་ འབད་དོ་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment