གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་མིའི་རྒུད་འཐུས་ཉེན་བཅོལ་ འགོ་བཙུགས་ཡོདཔ།

༦/༥/༢༠༡༣   ༉ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ ཧེ་མ་ལས་ ཉེན་བཅོལ་ཁག་༢༢ ཡོད་པའི་གུ་ ད་རུང་ ཁ་ཙ་ ལས་མིའི་རྒུད་འཐུས་ཉེན་བཅོལ་གསརཔ་ འགོ་བཙུགས་ཡི།
ཉེན་བཅོལ་ལས་རིམ་ འགོ་འབྱེད་འབད་བའི་སྐབས་ ལས་སྡེའི་བཀོད་ཚོགས་ཀྱི་འཐུས་མི་ ཀརྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེན་བཅོལ་དེ་ལུ་བརྟེན་ ལས་སྡེ་ཚུ་གིས་ ཁོང་རའི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་མི་ ལས་མི་ཚུ་ལུ་ ཉེན་སྲུང་ཅན་གྱི་ ཞབས་ཏོག་བྱིན་ནི་གི་ གོ་སྐབས་བྱིནམ་ཨིན་ཟེར་ ཨིན་པས།



ལས་རིམ་དེ་གིས་ ལས་གཡོག་ལྷན་ཁག་གི་ བཅའ་ཁྲིམས་བསྟར་སྤྱོད་འབད་ནི་ལུ་ ཕན་གྲོགས་འབདཝ་མ་ཚད་ མི་སྡེ་ནང་ ཉེན་སྲུང་ཅན་བཟོ་སྟེ་ དགའ་སྐྱིད་བྱུང་ཐབས་ཀྱི་ ལྷན་ཐབས་ཡང་ འབད་ཚུགས་ཟེར་ ཁོ་གིས་ བཤད་ཡོདཔ་ད་ དེ་གིས་ ལས་མི་ཚུ་ལུ་ ལཱ་འབད་སའི་ས་ཁོངས་ཚུ་ནང་ རྐྱེན་ངན་ག་བཟུམ་བྱུང་རུང་ རྒུད་འཐུས་ཚུ་ འགབ་ཚུགས་ཟེར་ཨིན་པས།
འབྲུག་ཉེན་བཅོལ་ཚད་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་འོགམ་ ཀཱལ་ཡཱན་ ཧུ་མ་གའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་མི་ཚུ་ལུ་ ལཱ་འབད་སའི་ས་ཁོངས་ནང་ རྨ་སྐྱོན་དང་ ནད་གཞི་ དེ་ལས་ ཤི་རྐྱེན་འབྱུང་པ་ཅིན་ རྒུད་འཐུས་མ་འདྲ་བའི་ཐོག་ལས་ རྒྱབ་སྐྱོར་འབད་ ཚུགས་ཟེར་ཨིན་པས།
ད་ལྟོའི་ ཉེན་བཅོལ་དེ་ནང་ ཤི་རྐྱེན་དང་ དབང་པོ་ལུ་སྐྱོན་ཞུགས་མི་ དེ་ལས་ དབང་པོ་ལུ་ ཐོ་དུམ་གྲ་རེ་ཕོག་མི་ཚུ་ལུ་ རྒུད་འཐུས་སྟབས་གཅིག་ཁར་ བྱིན་ནི་གི་ ལམ་ལུགས་ཚུ་ཡོདཔ་ད་ དེ་ཡང་ ལས་མི་དེ་གི་ ཉེན་སྲུང་དང་འཁྲིལ་ རང་སོའི་ ཟླ་རིམ་གྱི་ཐོབ་ལམ་ལས་ བརྒྱ་ཆ་༣ དང་༥ གི་བར་ན་ བཏོགས་བཞག་ནི་ཨིན་པས།
དཔེ་འབད་བ་ཅིན་ ཡིག་ཚང་ནང་ལཱ་འབད་མི་ ལས་མི་ལུ་འབད་བ་ཅིན་ བརྒྱ་ཆ་༣ དང་ གློག་མེ་ལས་འགུལ་བཟུམ་མའི་ ལཱ་གི་གནས་སྟངས་ནང་ ལཱ་འབད་མི་ཚུ་ལུ་འབད་བ་ཅིན་ བརྒྱ་ཆ་༥ རེ་ བཏོགས་བཞག་ནི་ཨིན་པས།
ཀཱལ་ཡཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་འབད་བ་ཅིན་ ཉམས་རྒུད་པའི་ ཟླ་རིམ་དངུལ་ཕོགས་ལས་ ལོ་༥ གི་རིང་ བརྒྱ་ཆ་༧༠ ལུ་ རྩིས་རྐྱབསྟེ་ དངུལ་ཀྲམ་༣༦,༥༠༠ གི་རྩིས་རྐྱབ་སྟེ་ རྒུད་འཐུས་ཚུ་ སྤྲོད་ནི་ཟེར་ཨིན་པས།
ལས་སྡེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་རྒྱལ་མཚན་གྱིས་ ལས་གཡོག་ལྷན་ཁག་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ རང་སོའི་ ལས་བྱེདཔ་ཚུ་ ཉེན་སྲུང་ཅན་བཞག་ནི་དེ་ ལཱ་གཡོག་བྱིན་མི་ ལས་སྡེ་གི་ འགན་ཁུར་ཨིནམ་ལས་ ལོ་བསྟར་གྱི་ ཉེན་དངུལ་རིམ་སྤྲོད་དེ་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ལས་མེན་པར་ ལས་སྡེ་ཚུ་གིས་ར་ བྱིན་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ མི་སྡེ་ནང་ ཉེན་སྲུང་གི་ཞབས་ཏོག་བྱིན་ནི་མ་གཏོགས་ ད་ལྟོའི་གནས་སྟངས་ནང་ ཁེ་སང་ག་ནི་ཡང་ མེད་ཟེར་ཨིནམ་ད་ ཧེ་མ་ལས་ཡོད་པའི་ ལས་གཡོག་ལྷན་ཁག་གི་ བཅའ་ཁྲིམས་བསྟར་སྤྱོད་འབདཝ་ཨིན་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གཡུ་སྒྲོན་སྒྲོལ་མ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ ལས་བྱེདཔ་ཚུ་ལུ་ དཀའ་ངལ་འབྱུང་བའི་དུས་ཚོད་ནང་ ཕན་གྲོགས་སྦོམ་ཡོད་ཟེར་ཨིན་པས།
 ལས་མིའི་རྒུད་འཐུས་ཉེན་བཅོལ་ འགོ་འབྱེད་འབད་བའི་སྐབས་ལུ་ ཀུན་དགའ་དང་ འཆི་མེད་ དེ་ལས་ བི་ཨེམ་ཌབ་ལུ་ སྣུམ་འཁོར་བཅོ་ཁང་༣ གྱི་ ཇོ་བདག་ཚུ་གིས་ ལས་བྱེདཔ་༡༠ རེ་ ཉེན་བཅོལ་འབད་ཡོདཔ་ད་ ལས་སྡེ་དེ་གིས་ རྟ་རྦབ་དང་ ཨོ་ལ་ཁ་ལུ་ཡང་ ཡན་ལག་ཡིག་ཚང་༢ སྒོ་ཕྱེས་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment