གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དང་ རི་དྭགས་སེམས་ཅན་བར་ནའི་ དཀའ་ངལ་སེལ་ཐབས་འབད་ནི།

༡༦/༥/༢༠༡༣   ༉ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཚོགས་པའི་བསྐུལ་བསྒྲགས་ ཉིནམ་༢ པའི་ནང་ ཁ་ཙ་ ཀྲོང་གསར་དང་ བུམ་ཐང་རྫོང་ཁག་གི་ མི་ཚུ་དང་ཕྱད་དེ་ མི་དང་རི་དྭགས་སེམས་ཅན་བར་ནའི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་བསྟུན་ཚུ་ འབད་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ ཀྲོང་གསར་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


མོ་གིས་ ཚོགས་པའི་རྒྱབ་སྐྱོར་འབད་མི་ཚུ་ལུ་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་དེ་གིས་ མི་སེར་ལུ་ དཀའ་ངལ་སྦོམ་བྱིན་ཏེ་ཡོད་ཟེར་ བཤད་ཡོདཔ་མ་ཚད་ སོ་ནམ་པ་ཚུ་གིས་ ལོ་བསྟར་བཞིན་དུ་ ཉིན་ནུབ་མེད་པར་ ཞིང་ནང་ལཱ་འབད་མི་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དེ་ སྲིད་བྱུས་ནང་ སྟབས་མ་བདེཝ་ཡོད་པའི་ རྟགས་མཚན་ཨིན་ཟེར་བཤད་ཅི།
གཙོ་འཛིན་གྱིས་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་དེ་ གོང་འཕེལ་གྱི་ཆ་ཤས་ཅིག་ཨིན་རུང་ སྲིད་བྱུས་དེ་གིས་ མི་སྡེ་ནང་ མི་སེར་ཚུ་ལུ་ མ་གནོདཔ་ཅིག་ འོང་དགོ་ཟེར་ཨིནམ་ད་ དེ་གིས་ མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་གི་ དཔའ་ཞུམ་བཅུག་དོ་ཡོདཔ་ལས་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ཡང་ མང་སུ་བཟོཝ་མས་ ཟེར་ཨིན་པས།
ལི་ལི་དབང་ཕྱུག་གིས་ ད་རུང་ དཀའ་ངལ་དེ་ཚུ་ བསལ་ནི་གི་དོན་ལུ་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཐབས་ཤེས་གསརཔ་ཚུ་ བཏོན་ནི་ཟེར་ཨིནམ་ད་ དེའི་གུ་ སྒོ་ནོར་སེམས་ཅན་དང་ ལོ་ཐོག་མེདཔ་བཏང་མི་ཚུ་ལུ་ཡང་ རྒུད་འཐུས་ཚུ་ མགྱོགས་དྲགས་སྦེ་ འཐོབ་ཚུགསཔ་བཟོ་ནི་ཟེར་ཨིན་པས།
མོ་གིས་ གྲོང་གསེབ་ནང་ དགའ་སྐྱིད་དང་ལྡནམ་བཟོ་སྟེ་ ལུང་ཕྱོགས་བར་ནའི་ དབྱེ་བ་ཡོད་མི་ཚུ་ཡང་ ལེགས་ཤོམ་བཟོ་སྟེ་ རྒེད་འོག་རེ་གི་དོན་ལུ་ དཔལ་འབྱོར་འཆར་གཞི་ཚུ་ཡང་ཡོདཔ་ལས་ དེ་གིས་ ལཱ་གཡོག་གི་གོ་སྐབས་ བཟོ་ཚུགས་ཟེར་ཨིན་པས།
ལི་ལི་དབང་ཕྱུག་གིས་ བུམ་ཐང་གི་མི་སེར་ཚུ་ལུ་ ཚོགས་པ་གིས་ ས་གཏེར་གྱི་བཅའ་ཁྲིམས་དེ་ བསྐྱར་ཞིབ་དང་འཕྲི་སྣོན་འབད་དེ་ མི་སྡེ་ག་ར་ལུ་ ཁེ་ཕན་ཚུ་ བགོ་བཀྲམ་འབད་དེ་ བྱིན་ནི་ཨིན་ཟེར་ བཤད་ཡོདཔ་ད་ རང་བཞིན་གྱི་ཐོན་སྐྱེད་ཚུ་ མི་སེར་ཚུ་ལུ་ ཐོབ་དབང་ཡོདཔ་ལས་ མི་དག་པ་ཅིག་གིས་ སྤྱོད་མི་ཚུགས་ཟེར་ཨིན་པས།
མོ་གི་ཚོགས་པ་གིས་ རང་བཞིན་གནས་སྟངས་ལུ་ གནོད་ཉེན་མེད་པའི་ ས་གཏེར་བཏོན་ནིའི་ལཱ་ཚུ་ མི་སེར་དང་ སྒེར་སྡེ་མཉམ་རུབ་ཐོག་ལས་ འབད་བཅུག་ནི་གི་ དམིགས་གཏད་ཡོད་ཟེར་ཨིནམ་ད་ མོ་གིས་ ལུང་ཕྱོགས་༤ ནང་ མི་སྡེ་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གོང་འཕེལ་གཏང་ནིའི་དོན་ལུ་ བཟོ་གྲྭ་ཁང་ཆུང་བ་ཚུ་ གཞི་བཙུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་པའི་ཁར་ མ་དངུལ་དང་ ཚོང་སྒྱུར་གྱི་ ཐབས་ལམ་ཚུ་ཡང་ བཏོན་ནི་ཟེར་ཨིན་པས།
མོ་རའི་ཚོགས་པ་གིས་ མི་སེར་ག་ར་ དགའ་ཏོག་ཏོ་དང་ སྐྱིད་ཏོག་ཏོ་བཞག་ནི་གི་ ཁས་བླངས་འབད་ཡོདཔ་བཞིན་དུ་ ད་རིས་ མོང་སྒར་ལུ་ འགྱོ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment